ནད་འབུབ་ཨེཆི་ཨའེ་བི་ཟུན་ཡོད་པ་མི་༣༣ ངོས་འཛིན་འབད་ཡོདཔ།

Bhutan Times - - Adverts -

ལྷག་པ་ཚེ་རིང་། ༉ རྒྱལ་ཁབ་ནང་ལུ་ ནད་གཞི་ ཨེཆི་ཨའེ་བི་ ཐོབ་མི་གྱངས་ཁ་ ཡར་སེང་འགྱོ་མི་འདི་ གསོ་བའི་ ཚ་གྱང་ སོམ་ཤོས་ཅིག་ཨིན་ པས། དེ་ཡང་ གསོ་བའི་ལྷན་ཁག་ གིས་ ཟླ་ངོ་༦ གི་རིང་ལུ་ གཟུགས་ཁར་ལུ་ ནད་འབུབ་ ཨེཆི་ཨའེ་བི་ཟུན་ཏེ་ཡོད་མི་ གསརཔ་༣༣ ཐོ་བཀོད་འབད་ ཡི་ཟེར་ སྤྱི་ཟླ་༠༨ པའི་སྤྱི་ཚེས་ ༢༢ ལུ་ གསོ་བའི་བརྡ་དོན་ དང་ ཞབས་ཏོག་ཡོངས་འབྲེལ་ ནང་བཀོད་དེ་འདུག། སྙན་ཞུ་དེ་ཡང་ གསོ་བའི་ལྷན་ ཁག་གི་འོག་ལུ་ཡོདཔ་པའི་ ནད་གཞི་ ཨེཆི་ཨའེ་བི་རྟགས་ དཔྱད་སྡེ་ཕྲན་གྱིས་ ཟླ་ངོ་༦ གི་ རིང་ལུ་ ཚར་རེ་ལས་ གསལ་ སོན་འབད་དོ་ཡོདཔ་ཨིན་པས། ཐོ་བཀོད་འབད་ཡོད་མི་དང་ འཁྲིལཝ་ད་ ཕོ་སྐྱེས་༢༨༤ དང་ ཨམ་སྲུ་༢༦༤ ཡོད་མི་ འདི་བརྩིཝ་ད་ ད་ལོ་ཚུན་ཚོད་ ནད་གཞི་ཨེཆི་ཨའེ་བི་ ཐོབ་མི་ ཡོངས་བསོམས་༥༤༨ ངོས་ འཛིན་འབད་ཡོདཔ་ཨིན་པས། ནད་གཞི་ཐོབ་མི་ཚུ་ཡང་ བརྒྱ་ ཆ་༨༧ དེ་ཅིག་ སྐྱེས་ལོ་༡༥ ལས་༤༩ གི་བར་ན་ཨིན་པས། སྐྱེས་ལོ་༢༠ ལས་༢༤ གི་བར་ ན་ཨིན་པའི་མི་ངོམ་༧༩ དང་ སྐྱེས་ལོ་༢༥ ལས་༢༩ གི་བར་ ན་ཨིན་མི་༡༡༣ དེ་ལས་ སྐྱེས་ ལོ་༣༠ ལས་༣༩ གི་བར་ན་ ཨིན་མི་ མི་ངོམ་༡༧༦ དང་ གཞན་འདི་༥༧ སྐྱེས་ལོ་༤༠ ལས་༤༩ གི་བར་ན་ ཨིནམ་སྦེ་ ངོས་འཛིན་འབད་དེ་འདུག། སྙནཞུ་དང་འཁྲིལཝ་ད་ ཨ་ལོ་ སྐྱེས་ལོ་ལྔ་མན་ཆད་འབད་མི་༢༦ ཡང་ ནད་འབུབ་ཟུན་ཡོདཔ་སྦེ་ ངོས་འཛིན་འབད་ཡོདཔ་ཨིན་ པས། ནད་གཞི་ཐོབ་མི་ཚུ་ཡང་ ནང་ གི་ཨམ་སྲུ་ གྱངས་ཁ་༡༡༢ ཡོན་མི་དེ་མཐོ་ཤོས་ཨིནམ་དང་ སོ་ནམ་པ་༡༠༧ ཡོནཔ་ཨིན་ པས། སྒེར་སྡེ་དང་ཚོང་འབྲེལ་ ནང་ལས་མི་༩༢ དང་ འདེད་ གཡོག་༥༠ དེ་ལས་ གཞི་ གཡོག་ནང་ལས་༢༩ ཡོདཔ་ དང་ ལས་འཛིན་ནང་ལས་མི་ ༢༨ ལུ་ ནད་ཟུན་ཡོདཔ་འབད་ ངོས་འཛིན་འབད་ཡོདཔ་ཨིན་ པས། དེ་མ་ཚད་ མི་༡༡ ཆོས་སྡེ་ནང་ ལས་ཨིནམ་དང་༣༦ དམག་མི་ དེ་ལས་ སོབ་ཕྲུག་༨ དང་ བརོན་པ་༣ དེ་ལས་ ལུས་ འབྲེལ་དང་ འབྲེལ་བའི་ལཱ་ འབད་མི་༡༢ ལུ་ ངོས་འཛིན་ འབད་དེ་འདུག། ནད་གཞི་ ཨེཆི་ཨའེ་བི་ བརྟག་ དཔྱད་འབད་བའི་སྐབས་ བརྒྱ་ ཆ་༩༠ ཉེན་སྲུང་མེད་པའི་ ལུས་ འབྲེལ་ལུ་བརྟེན་ཐོབ་ཡོད་མི་འདི་ གྱངས་ཁ་༥༠༦ ཡོདཔ་ཨིན་ པས། ལྷག་ལུས་༣༥ ཨའི་ལས་ ཨ་ལོ་ལུ་ བརྒྱུད་དེ་ཡོདཔ་དང་ གཞན་མི་ཚུ་ མོས་རྫས་ཁབ་ ལག་ལེན་འཐབ་པའི་སྐབས་ལུ་ ཐོབ་ཡེདཔ་ཨིན་པས། གཟུགས་ཁར་ལུ་ ནད་འབུབ་ ཨེཆི་ཨའེ་བི་ཟུན་ཏེ་ཡོད་མི་༡༦༢ གསོ་བའི་བརྟག་དཔྱད་འབད་ བའི་སྐབས་དང་ མི་༡༡༩ ཁས་ བླངས་ཀྱི་ཐོག་ལས་ བརྟག་ དཔྱད་འབད་ཡོདཔ་དང་ གཞན་ མི་༡༡༧ ནད་གཞི་ཐོབ་མི་ཚུ་ དང་ གཅིག་ཁར་ འབྲེལ་བ་ འཐབ་པའི་ཤུལ་ལུ་ བདའ་ཟུན་ ཡོདཔ་ཨིན་པས། ནད་གཞི་དེ་ཡང་ སྤྱི་ལོ་༡༩༩༣ ལས་འགོ་བཟུང་སྟེ་ དུས་ཅི་ སྤྱི་ཟླ་༠༨ པ་ཚུན་གྱི་བར་ན་ གྱངས་ཁ་༥༤༨ ངོས་འཛིན་ འབད་ཡོདཔ་ཨིན་པས། འཛམ་གླིང་སྤྱི་ཚོགས་ཡུ་ཨེན་ཨེ་ ཨའེ་ཌི་ཨེསི་གིས་ འབྲུག་ལུ་ ནད་གཞི་ཨེཆི་ཨའེ་བི་ཐོབ་མི་ གྱངས་ཁ་༡,༡༠༠ དེ་ཅིག་ལུ་ ལྷོད་ཡོད་པའི་ ཕོ་ཚོད་དཔག་ ཡོདཔ་ལས་ མི་མང་ཤོས་ཀྱིས་ ནད་གཞི་དེ་ ཐོབ་སྟེ་ཡོདཔ་ ཧ་ གོ་མ་ཚུགས་པས་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.