སྤ་རོ་ལུ་ རོག་མའི་ཚོང་ཁང་ཚུ་ ས་སྒོ་ལེགས་ཤོམ་ཐོབ་མ་ཚུགས་པའི་དཀའ་ངལ།

Bhutan Times - - Adverts -

ལྷག་པ་ཚེ་རིང་། སྤ་རོ་ཚོང་སྡེ་ཁྲོམ་ཁར་ ལག་ བཟོ་ཚོང་ཁང་གི་གྱངས་ཁ་ ཡར་སེང་འགྱོ་མི་ལུ་བརྟེན་ རོག་མ་ཚོང་འབྲེལ་འཐབ་མི་ཚུ་ གིས་ ཚོང་ཁང་གི་ས་སྒོ་འཐོབ་ མ་ཚུགས་པར་ དཀའ་ངལ་ འཐོན་ཏེ་འདུག། དེ་འབདཝ་ལས་ ཁྲོམ་སྡེ་ནང་ རོག་མའི་ཚོང་རྐྱབ་མི་ མང་ ཤོས་ཅིག་ ཁྲོམ་གྱི་ཟུར་ཁ་ལས་ ཕར་ ཆགས་ཏེ་འདུག། ལོ་ངོ་གཉིས་དང་གསུམ་གྱི་ནང་ འཁོད་ལུ་ ལག་བཟོའི་ཚོང་ཁང་ ལེ་ཤ་བཙུགས་མི་འདི་ རོག་ མའི་ཚོང་འབྲེལ་འཐབ་མི་ལུ་ གདོང་ལེན་ཆེ་བའི་ གནད་དོན་ ཅིག་ཨིནམ་སྦེ་ བཤདཔ་ཨིན་ པས། རྩི་རང་རོང་ཁག་ལས་ སྐྱེས་ལོ་ ༣༠ ལང་མི་དཱན་ཀུ་མར་གྱིས་ སྤ་རོ་ཁྲོམ་ཁར་ལུ་ རོག་མའི་ ཚོང་ཁང་བཙུགས་ཏེ་ ལོ་ངོ་༢ ལང་ཡོད་རུང་ ད་ལོའི་བར་ནང་ ཡང་ ཁྲོམ་གྱི་ཟུར་ཁ་ མི་༢ དེ་ཅིག་ཤོང་མི་ ཁང་མིག་ཅིག་ མ་གཏོགས་ ས་སྒོ་ལེགས་ཤོམ་ ཅིག་ཐོབ་མ་ཚུགསཔ་ཨིན་པས། མོ་གིས་བཤད་དོ་བཟུམ་འབད་ བ་ཅིན་ ས་སྒོ་ལེགས་ཤོམ་ཚུ་ ཁང་གླ་སོམ་སྤོད་དགོ་པའི་ཁར་ སྒྲིང་ཁྱིམ་གྱི་ཇོ་བདག་ཚུ་གིས་ ཡང་ གདམ་ཁ་འགོ་དང་པ་འདི་ ལག་བཟོའི་ ཚོང་འབྲེལ་པ་ཚུ་ ལུ་བྱིན་ནི་འདི་གིས་ ཚོང་ཁང་ གི་ས་སྒོ་ལེགས་ཤོམ་ ཐོབ་མ་ ཚུགས་ཟེར་ཨིན་པས། ད་རུང་ མོ་གིས་བཤད་མིའི་ནང་ ཚོང་ཁང་འདི་ ཁྲོམ་གྱི་ཟུར་ཁར་ འབད་བའི་བསྒང་ལས་ མི་མ་ ཆེ་ཤོས་ཀྱིས་ ཚོང་ཁང་མཐོང་མ་ ཚུགསཔ་ལས་ ཉིན་ལར་བཞིན་ དུ་ རེ་བ་བསྐྱེད་པའི་ འོང་ འབབ་བཟོ་མ་ཚུགས་པའི་ཁར་ རོག་མ་རོང་མ་ཚར་བ་ ལུད་མི་ ཚུ་ མེདཔ་འགྱོཝ་མས་ཟེར་ ཨིན་པས། སྤ་རོ་ལུ་ རོག་མའི་ཚོངཁང་ གྱངས་ཁ་ཆོདཔ་ཅིག་ལས་མེད་ དེ་འབད་རུང་ མི་རོབས་ཉུང་ནི་ འདི་གིས་ རོག་མ་ཉོ་མིའི་ གྱངས་ཁ་འདི་ ཉུང་སུ་ཅིག་ ལས་མེད་ཟེར་ དཱན་ཀུ་མ་རི་གི་ རྨགཔ་གིས་ དབུགས་གམ་སུ་ ཅིག་སྦེ་ བཤདཔ་ཨིན་པས། འདི་བཟུམ་སྦེ་ སྐྱེས་ལོ་༢༧ ལང་མི་ ཆོས་རྒྱལ་བཟངམོ་ ཡང་ རོག་མའི་ཚོང་ཁང་ བཙུགས་སྟེ་ ཟླཝ་༢ ལང་སྟེ་ འདུག། མོ་གིས་བཤད་མིའི་ནང་ ན་ཧིང་ལས་ སྤ་རོ་ཁྲོམ་ཁར་ལུ་ རོག་མ་གི་ཚོང་ཁང་ བཙུགས་ ནིའི་འཆར་གཞི་བརམས་ཏེ་ འབད་རུང་ ས་སྒོ་ལེགས་ཤོམ་ ཐོབ་མ་ཚུགསཔ་ལས་ ད་ཚུན་ འགུག་སོད་དགོཔ་འཐོན་ཡི་ཟེར་ ཨིན་པས། ད་རེས་ནངས་པ་ ས་སྒོ་ཅིག་ ཐོབ་སྟེ་འབད་རུང་ ས་སྒོ་འདི་ གླ་འཁོར་བཀག་སའི་ ས་ ཁོངས་གི་ཉེ་འདབས་ལུ་ འབདཝ་ལས་ གླ་འཁོར་འདད་ གཡོགཔ་ཚུ་མ་གཏོགས་ མི་ གཞན་མང་ཤོས་ཀྱིས་ ཚོང་ཁང་ མཐོང་མི་ཚུགས་པས་ཟེར་ བཤདཔ་ཨིན་པས། མོ་གིས་བཤད་དོ་བཟུམ་འབད་ ཅིན་ འདས་པའི་ལོ་ངོ་༣ དེ་ ཅིག་གི་ཧེ་མ་ མོ་རང་སོབ་ཕྲུག་ སྦེ་ སྤ་རོ་ཁྲོམ་ཁར་འོང་པའི་ སྐབས་ ལག་བཟོའི་ཚོང་ཁང་ཚུ་ ལག་ཁག་སྦེ་འཚོལ་ཏེ་འགྱོ་བ་ ཅིན་ རྐྱངམ་གཅིག་མ་གཏོགས་ ད་རེས་ནངས་པ་བཟུམ་སྦེ་ ཁྲོམ་གྱི་ལམ་མདའ་སྟེ་ མ་ མཐོང་ཟེར་ཨིན་པས། སྤ་རོ་ཚོང་སྡེ་ཁྲོམ་ཁར་ལུ་ རོག་ མའི་ཚོང་ཁང་༢༠ དེམ་ཅིག་ ལས་ མེད་དེ་འབད་རུང་ ཚོང་ ཁང་ཚུ་ཆ་མཉམ་ ཁྲོམ་གྱི་ཟུར་ ཁར་ལས་ཕར་ ཆགས་སྟེ་ ཡོདཔ་ལས་ ཚོང་འབྲེལ་པ་ཚུ་ འོང་འབབ་ལེགས་ཤོམ་བཟོ་མ་ ཚུགསཔ་མི་འདི་ གཙོ་བོ་ ས་ སྒོ་གིས་ ལབས་མ་བདེ་བ་ ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.