རྒྱལ་ས་ལྟེ་བ་ལུ་ རྒྱལ་སྤྱིའི་སོ་ནམ་འགྲེམས་སོན་ཐེངས་༣ པ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་། ༉ རྒྱལ་སྤྱིའི་སོ་ནམ་འགྲེམ་ སོན་ཐེངས་༣ པའི་ནང་ རྒྱ་ གར་གྱི་ཚོང་པ་ཚུ་གིས་ རང་ སོའི་ཚོང་རིགས་མ་འདྲཝ་ཚུ་ འབག་འོང་སྟེ་ འགྲེམས་སོན་ དང་ ཚོང་འབྲེལ་འཐབ་པའི་ བསྒང་འདུག། ལས་རིམ་འདི་ཡང་ འབྲུག་ཚོང་ དང་བཟོ་གྲྭའི་ཚོགས་སྡེ་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ད་ བདུན་ཕྲག་གཅིག་གི་རིང་ལུ་ རྒྱལ་ཁབ་ནང་འཁོད་ཀྱི་མི་སེར་ ཚུ་གིས་ རང་གི་རེ་འདོད་དང་ འཁྲིལ་ཏེ་ ཅ་ཆས་ལྷམ་པ་མ་ འདྲཝ་ཚུ་ ཉོ་བཙོང་འཐབ་ ཚུགས་ནི་ཨིནམ་ལས་ དེ་ བཟུམ་མའི་ལས་རིམ་འདི་ ལོ་༣ གྱི་ཧེ་མར་ འགོ་བཙུགས་ནུག། ལས་རིམ་དེ་ཡང་ རྒྱ་གར་དང་ འབྲུག་རྒྱལ་ཁབ་ཀྱི་བར་ན་ ཚོང་འབྲེལ་གྱི་མཐུན་ལམ་ བཟོ་ ནི་ལུ་ཕན་ཐོགས་ སོམ་ཡོདཔ་ པའི་ཁར་ རྒྱལ་ཁབ་གཞན་ ལས་ཐོབ་པའི་ཅ་ཆས་ཚུ་ ཉོ་ ནིའི་དོན་ལུ་ ཕྱི་རྒྱལ་ལུ་འགྱོ་མ་ དགོ་པར་ རྒྱལ་ཁབ་ནང་ལས་ ར་ འཐོབ་ཚུགས་ནིའི་གོ་སྐབས་ ཡོདཔ་ཨིན་པས། རྒྱ་གར་རྒྱལ་ཁབ་ ཨ་ལི་པུར་ ལས་ཨིན་མི་ སུ་བིན་ཤཀ་ཡ་ གིས་ ཁོ་གིས་བཟོ་ཡོད་པའི་སྐུ་ ཚུ་འབག་སྟེ་ ད་རེས་འགོ་དང་ པ་ རྒྱལ་ཁབ་ནང་ འགྲེམས་ སོན་གྱི་ལས་རིམ་ནང་ འབག་ འོང་སྟེ་ཡོདཔ་ཨིན་པས། ཁོ་གིས་བཤད་དོ་བཟུམ་འབད་བ་ ཅིན་ ད་རེས་འབྲུག་རྒྱལ་ཁབ་ ནང་ འགོ་དང་པ་ཚོང་འབྲེལ་ འཐབ་པར་ འོང་ནིའི་གོ་སྐབས་ ཐོབ་མི་ལུ་ སེམས་དགའ་ཡི་ ཟེར་ཨིནམ་ད་ བདུན་ཕྲག་ཅིག་ གི་རིང་ལུ་ ཚོང་འབྲེལ་ལེགས་ ཤོམ་སྦེ་ འགྱོ་ཚུགས་པའི་ རེ་ བ་བསྐྱེད་དོ་ཟེར་ཨིན་པས། ད་རུང་ ཁོ་གིས་བཤད་མིའི་ནང་ ཚོང་བཙོང་སའི་ཁང་མི་གི་ཁང་གླ་ སོམ་སྦེ་ སྤོད་དགོ་པའི་ཁར་ དྲོ་པ་ཕྱི་རུང་ བཟང་ཁང་ནང་ སོད་དགོཔ་ལས་ འགྲེམས་སོན་ ནང་ ཚོང་འབྲེལ་ལེགས་ཤོམ་ འགྱོ་མ་ཚུགས་པ་ཅིན་ ད་རེས་ ཀྱི་ཚོང་ རྒུད་ཕོག་ནིའི་ཚ་གྱང་ ཡོད་ཟེར་ཨིན་པས། འདི་བཟུམ་སྦེ་ ནེ་པཱལ་ལས་ སུ་ཌན་ཤཀ་ཡ་འདི་ཡང་ ལག་ བཟོ་དང་ ཆོས་ཆས་ཀྱི་ཅ་ལ་ཚུ་ ཚོང་འབྲེལ་འཐབ་སོད་མི་ཅིག་ ཨིནམ་ད་ མོ་གིས་འབད་བ་ཅིན་ འབྲུག་མི་ཚུ་ ཆོས་སེམས་ཡོད་ མི་ཨིནམ་ལས་ ལག་བཟོའི་ ཚོང་འབྲེལ་ལེགས་ཤོམ་ འགྱོ་ མ་ཚུགས་རུང་ ཆོས་ཆས་ཀྱི་ཚོང་འབྲེལ་འདི་ ལེགས་ཤོམ་འགྱོ་ནིའི་ རེ་བ་ ཡོད་ཟེར་ཨིན་པས། མོ་གིས་ཉིནམ་དང་པའི་ ཆོས་ པའི་ཏིང་གི་ཚོང་འབྲེལ་ལེགས་ ཤོམ་འགྱོ་ཡོདཔ་ལས་ ད་ལས་ ཕར་ མཇུག་མ་བསྡུ་ཚུན་ཚོད་ ཆོས་ཆས་ཚུ་ག་ར་ བཙོང་ ཚུགས་པའི་ རེ་བ་ཡོད་ཟེར་ ཨིནམ་ད་ དུས་ཅི་ ཚོང་འབྲེལ་ ལེགས་ཤོམ་འགྱོ་བ་ཅིན་ ཤུལ་ ལས་ཡང་ ལས་རིམ་ནང་ བཅའ་མར་གཏོགས་ནིའི་ རེ་བ་ ཡོད་ཟེར་ཨིན་པས། ཨམ་པདྨ་དབང་མོ་འདི་ དཀྱི་ རས་དང་གོ་གི་ཚོང་འབྲེལ་པ་ ཅིག་ཨིནམ་ད་ མོ་གིས་ཉིནམ་ དང་པའི་ནང་ གོ་ལ་ཅིག་ཡང་ བཙོང་མ་ཚུགས་ཏེ་འབད་རུང་ ད་ལས་ཕར་ཚོང་འབྲེལ་ལེགས་ ཤོམ་འགྱོ་ཚུགས་པའི་རེ་བ་ བསྐྱེདཔ་ཨིན་པས། མོ་གིས་བཤད་མིའི་ནང་ གོ་ལ་ ཚུ་རང་གི་ཚོང་ཁང་ནང་རྐྱངམ་ ཅིག་མེན་པར་ འདི་བཟུམ་མའི་ ལས་རིམ་ཚུ་ནང་ཡང་ ཚོང་ འབྲེལ་འཐབ་ཚུགས་པ་ཅིན་ དུས་ཡུན་མཐུང་ཀུ་ཅིག་ནང་ ཚོང་འབྲེལ་ལེགས་ཤོམ་འགྱོཝ་ མས་ཟེར་ཨིན་པས། འགྲེམ་སོན་གྱི་སྐབས་ལུ་ མི་ཚུ་ གིས་ དུས་ཚོད་བཏོན་ཏེ་ འོང་ དོ་ཡོདཔ་ལས་ འོང་འབབ་ཡང་ བཟོ་ཚུགས་དོ་ཡོདཔ་ད་ རྒྱལ་ སྤྱིའི་སོ་ནམ་འགྲེམས་སོན་ ཐེངས་༣ པ་དེ་ སྤྱི་ཟླ་༩ པའི་ སྤྱི་ཚེས་༡༤ ལས་ འགོ་ བཙུགས་ཏེ་ ཉིན་གྲངས་བདུན་ གྱི་རིང་ བཞག་ནི་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.