ཁྲུས་བབས་ དུས་ཆེན་གྱི་སྐོར།

Bhutan Times - - Adverts -

ལྷག་པ་ཚེ་རིང་། ༉ ལོ་ལྟར་བཞིན་དུ་ ཧོར་ ཟླཝ་བརྒྱད་པའི་ནང་ ཚར་རེ་ དབུགས་ཐོབ་ཉི་མ་ལུ་ འབྲུག་ རྒྱལ་ཁབ་མཐའ་དབུས་མེད་པར་ མི་སེར་ག་ར་ ཁྲུས་བབས་ཀྱི་ ཉིནམ་བརྩི་སྲུང་ཞུཝ་ཨིན། ཁྲུས་བབས་ཀྱི་ཉིནམ་ལུ་ མི་མང་ ཤོས་རང་ བཟའ་ཚན་དང་ དགའཝ་མཐུནམ་འཛོམས་ཏེ་ སྤོ་བཤལ་འགྱོ་ནི་དང་ བཞེས་སྒོ་ ལེགས་ཤོམ་ཟ་སྟེ་ སེམས་སྤོ་ བའི་བརྩེད་སོན་དང་དགའ་སྤོ་ བསྒྱུར་ཏེ་ དུས་ཆེན་འདི་བརྩི་ སྲུང་འབད་དེ་འདུག། ཉིནམ་འདི་ཁར་ བདུད་རྩིའི་རྒྱུན་ གྱི་ཟེགས་མས་ཁྱབ་པའི་ འཛམ་ གླིང་གི་ ཆུ་ཕྲན་ཚུ་ཡང་བདུད་ རྩིའི་རང་བཞིན་དུ་འགྱུར་དོ་ ཡོདཔ་ལས་ དུས་དེ་དང་བསྟུན་ ཏེ་ གཟུགས་འཁྱུ་བ་ཅིན་རྒྱུད་ལུ་ ལས་སྒྲིབ་བག་ཆགས་ངན་པ་ཚུ་ དག་ནི་དང་ རྐྱེན་ངན་བར་ཆད་ ནད་ཡམ་རིམས་ཚད་ཚུ་ཞི་སྟེ་ བདེ་བ་ཕུན་སུམ་ཚོགས་པ་འཐོབ་ ནི་ཨིན་མས། དུས་ཆེན་ཁྱད་འཕགས་ཅན་འདི་ ནང་ མི་སེར་ཚུ་ ཐིམ་ཕུག་དང་ སྤ་རོ་ལུ་སོད་མི་ཚུའི་ གནས་རྩ་ ཅན་དང་ དགོན་སྡེ་ཚུ་ མཇལ་ བ་འགྱོ་ཡོདཔ་མ་ཚད་ དད་ཅན་ ལ་ལུ་གིས་ ལྷ་ཁག་ནང་སངས་ རྒྱས་བསན་པའི་ སྐུ་འདྲ་ཡང་ ཕུལ་ཡོདཔ་ཨིན་པས། དད་ཅན་གྱི་མི་སེར་ཚུ་ཡང་ མང་ ཤོས་ར་ ཐག་རིང་ས་ལུ་ བཟའ་ ཚན་དང་གཅིག་ཁར་ གནས་ བསྐོར་དང་ ལྷ་ཁང་དགོན་སྡེ་ མཇལ་བར་འགྱོ་སྟེ་འདུག། ནང་ འཁོད་དང་ཕྱི་ཁའི་བལྟ་མཤལ་པ་ གནས་བསྐོར་འགྱོ་མི་ཚུ་མང་ཤོས་ ར་ སྤ་རོ་སག་ཚང་ནང་ ལམ་ འགྲུལ་འབད་དེ་ སག་ཚང་ མཇལ་བར་འགྱོ་ཡོདཔ་ཨིན་པས། དེ་བཟུམ་སྦེ་ ཀྲོང་གསར་ལུ་ དད་ཅན་བརྒྱ་ལས་བཅད་དེ་ རོང་དང་ལྷ་ཁང་ནང་ལུ་ ཕྱག་ མཆོད་ཕུལ་བར་འཛོམས་སྟེ་ འདུག། ཉིནམ་འདི་ནང་ དགེ་སྦོར་གྱི་ལཱ་ ག་ཅི་ར་འབད་རུང་ ཕན་ཡོན་ སོམ་ཡོད་ནི་འདི་གིས་ ལྷག་ བསམ་རྣམ་དག་གི་སྒོ་ལས་ སངས་རྒྱས་ལུ་ དམིགས་པའི་ དད་པ་བསྐྱེད་དེ་ དགེ་བ་བསྒྲུབ་ པ་ཅིན་ ཕན་ཡོན་ཆེ་ཟེར་ཟེར་ ཨིན་པས། འདི་བཟུམ་སྦེ་ གཡུས་ཁར་ལུ་ ཡོད་པའི་ སོ་ནམ་ཚུ་ཡང་ ཉིནམ་འདི་ནང་ ལཱ་ཚུ་མ་འབད་ བར་ རང་སོའི་གཡུས་སྒོའི་ནང་ ཡོད་པའི་ ལྷ་ཁང་ཚུ་ནང་ སྦྱིན་ བདག་འཐོན་ཐོག་ལས་ ཆོ་གུ་ འགོ་འདྲེན་འཐབ་སྟེ་འདུག། ཉིནམ་འདི་ཡང་ཧེ་མ་ འཇིག་ རྟེན་གྱི་གནས་འདི་ རིམ་པ་ བཞིན་དུ་སྦེ་ གྲུབ་ཚར་བའི་ཤུལ་ ལུ་ སེམས་ཅན་སྤྱིར་མཐུན་གྱི་ ལས་ཀྱི་དབང་ལས་ ཉི་ཟླ་སྐར་ གསུམ་ འཇིག་རྟེན་གྱི་ཁམས་ འདིར་འཆར་བའི་དུས་སྐབས་ འགོ་བཙུགས་ནུག། དེ་ཚུ་གི་རྒྱལ་ཁར་ སྐར་མ་ རི༌ཥིའམ་ཁྲུས་སྐར་ཟེར་མི་ཅིག་ བྱུང་ཡོདཔ་བཞིན་དུ་ འདི་གི་ འཆར་ལུགས་ཡང་ དབང་ཆེན་ རིའི་རྒྱལ་པོ་རི་རབ་ཀྱི་ ཕྱེ་ཀ་ ལས་ཕར་ གསེར་གྱི་རི་བོ་ གཉའ་ཤིང་འཛིན་གྱི་རི་བོ་རྩེ་ རྒྱ་ མཚོ་ལས་དཔག་ཚད་ཉིས་ཁྲིས་ གིས་མཐོ་བའི་གནམ་ཁ་ལས་ ཟླ་བ་དྲུག་ཉི་མ་ལུ་དང་ ཟླ་བ་ དྲུག་ནུབ་མོ་ལུ་སྦེ་ཤར་ཡོདཔ་ ཨིན་པའི་སྐོར་མཁས་པ་ཚུ་གིས་ བཤདཔ་ཨིན་པས། སྐར་མ་འདི་ངོ་བོ་ཆུ་ཤེལ་གྱི་ རང་ བཞིན་ནོར་བུ་ཀེ་ཏ་ཀ་ལས་ གྲུབ་གྲུབཔ་ཞེང་ཚད་རྒྱང་གྲགས་ དྲུག་གི་ ཚད་དང་ལྡན་པའི་གུ་ གསེར་གྱི་ ས་གཞི་ལུ་ གསེར་ གྱི་ར་བས་བསྐོར་བ་ ལྷའི་གྲོང་ ཁྱེར་དང་ སྐྱེད་དང་སྐྱེད་མོས་ ཚལ་ ལ་སོགས་པ་ ག་ནི་བས་ ཉམས་དགའ་བ་བརྒྱན་པའི་ རྒྱུ་ སྐར་འདི་རིམ་པ་བཞིན་དུ་ རི་ རབ་བསྐོར་ཏེ་ཤརཝ་ཨིན་མས། སྐར་མ་འདི་ སངས་རྒྱས་རྣམ་ པར་སྣང་མཛད་ཀྱི་ དབུའི་གཙུག་ ཏོར་འབྱིད་དེ་ འགྱོ་ཚུགས་ ཚུགས་ལུ་ ཞག་བདུན་འགོར་དོ་ ཡོདཔ་ལས་ དེའི་རིང་ལུ་ རྒྱལ་ བ་རྣམ་ཀྱི་ ཐུགས་སྐྱེད་དང་ དྲང་སོང་རྣམ་ཀྱི་བདེན་ཚིག་ སེམས་ཅན་སྤྱི་མཐུན་གྱི་ བསོད་ ནམས་ཀྱི་སོབས་ལས་ སངས་ རྒྱས་རྣམ་པར་སྣང་མཛད་ཀྱི་ དབུའི་གཙུག་ཏོར་ཆུ་ཤེལ་གྱི་ རང་བཞིན་ཅན་འདི་ ལས་བདུད་ རྩིའི་རྒྱུན་ཉིན་ཞག་བདུན་གྱི་རིང་ ལུ་ འབབ་དོ་ཡོདཔ་ཨིནམ་ཟེར་ བཤདཔ་ཨིན་པས། དེ་འབད་ནི་འདི་གིས་ལོ་རེ་བཞིན་ ཟླ་བརྒྱད་པའི་ནང་ ཚར་རེ་ དབུགས་ཐོབ་དང་འཁྲིལ་ཏེ་ རྒྱུ་ སྐར་རི་ཥི་འདི་སངས་རྒྱས་རྣམ་ པར་སྣང་མཛད་དེའི་དབུའི་གཙུག་ ཏོར་གྱི་ ཐད་ཀའི་ནམ་མཁར་ ལྷོད་དོ་ཡོདཔ་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.