ཐིམ་ཕུག་ ལྷ་མོའི་སྒྲུབ་ཆེན་གནང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་།

༉ ལོ་བསྟར་གྱི་ ཐིམ་ཕུག་ ཚེས་བཅུའི་དུས་སྟོན་ནང་ལུ་ ནང་འཁོད་དང་ཕྱི་ཁ་ལས་ དད་མོས་ཅན་གྱི་སྐྱ་སེར་ཕོ་མོ་ སྟོང་ཕྲག་ལས་བཅད་དེ་ སྤུངས་འཛོམས་འབད་ནུག། ཚེས་བཅུ་འདི་ཡང་ ལོ་ལྟར་ བཞིན་དུ་ རང་ཟླ་བརྒྱད་པའི་ ཚེས་༡༠ ལུ་ལྷ་མོའི་སྒྲུབ་ ཆེན་ འགོ་བཙུགས་ཐོག་ ལས་ ཉིན་གྲངས་གཉིས་ཀྱི་ རིང་ལུ་ འགོ་འདྲེན་འཐབ་དོ་ ཡོདཔ་ཨིན་པས། སྤྱིར་བཏང་ཚེས་བཅུའི་སྐབས་ འཆམ་རྒྱུགས་ཟེར་ ཞལ་ འབགཔ་མ་བཙུགས་པར་ རྐྱབ་སོལ་ཡོདཔ་བཟུམ་སྦེ་ ཐིམ་ཕུག་ལྷ་མོའི་སྒྲུབ་ཆེན་ དང་ ལོ་བསྟར་ཚེས་བཅུ་གི་ སྐུ་འཆམ་ཚུ་ཡང་ ཞལ་ འབགཔ་མ་བཙུགས་པར་ རྐྱབ་ཨིན་པས། དེ་ཡང་ ཕྱིའི་དགོས་པ་ འཆམ་རྒྱུགས་དེ་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་ གིས་ དབུ་གཙོས་པའི་ འཕགས་པའི་དགེ་འདུནམ་ཚུ་ ལུ་ ཕུལ་དོ་བཟུམ་ཅིག་ཨིན་ རུང་ ནང་གི་དགོས་པ་ཡང་ སྔོན་འགྲོའི་རིམ་པ་དང་ སྒྲུབ་ཆེན་འགོ་བཙུགས་ནིའི་ དོན་ལུ་ གྲ་སྒྲིག་སོང་ཡི་ཟེར་ བའི་ བརྡ་མཚོན་ཨིན་པས། འཆམ་རྒྱུགས་ཀྱི་སྐབས་ ཞལ་འབགཔ་མ་བཙུགས་ པར་རྐྱབ་མི་དེ་ སྔོན་འགྲོའི་ རིམ་པ་ཨིནམ་མ་ཚད་ སྒྲུབ་ ཆེན་དང་ཚེས་བཅུ་ འགོ་ བཙུགས་ནིའི་དོན་ལུ་ གྲ་ སྒྲིག་སོང་ཡི་ཟེར་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་ལུ་ སྙན་ཞུ་ཕུལ་དོ་བཟུམ་ཅིག་ ཨིན་པས། སྒྲུབ་ཆེན་འགོ་བཙུགས་མི་དེ་ ཞབས་དྲུང་རིན་པོ་ཆེ་མཆོག་ གིས་ དཔལ་ལྡན་ལྷ་མོ་ལས་ སྐྱབས་ཞུ་སྟེ་ ཕྱི་ནང་གསང་ གསུམ་གྱི་ དགྲ་ཚུ་བཅོམ་ པའི་དགའ་ཚོར་ལུ་ བཀྲིན་ གཏང་རག་ གསོལ་མཆོད་ ཕུལ་མི་དེ་ལུ་ སྒྲུབ་ཆེན་ཟེར་ ཞུཝ་ཨིན་པས། ཚེས་བཅུའི་སྐབས་ ལྷམོ་ གཙོ་མོའི་སྐུ་འཆམ་ བོད་ འཆམ་ཤ་རྫམ་ གུ་རུ་མཚན་ བརྒྱད་ བོད་ཆམ་དུར་བདག་ རིགས་མ་བཅུ་དྲུག་ དགྲ་མེ་ རྩེ་རྔ་འཆམ་ རཀྴ་དམངས་ འཆམ་ ཞབས་ཁྲའི་རིགས་ ཚུ་ཡང་གནང་ཡོདཔ་ཨིན་ པས། ལྷ་མོའི་སྒྲུབ་ཆེན་གྱི་ སྐུ་ འཆམ་ལེའུ་ཚུ་ ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱི་ གདུང་སས་འཇམ་དཔལ་ རྒྱལ་མཚན་གྱི་ ཡང་སྲིད་ རྒྱལ་སས་ ཀུན་དགའ་རྒྱལ་ མཚན་གྱིས་ མཛད་གནང་ ཡོདཔ་ཨིན་པས། ཐིམ་ཕུག་གི་ཚེས་བཅུ་དེ་ རྒྱལ་སས་བསྟན་འཛིན་རབ་ རྒྱས་ཀྱིས་ མཛད་གནང་ ཡོདཔ་ད་ ལོ་བསྟར་ཚེས་ བཅུ་དེ་ ལྷ་མོའི་སྒྲུབ་ཆེན་ གྲོལཝ་ཅིག་ འགོ་བཙུགས་ དོ་ཡོདཔ་ ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.