གུརམ་བརྗེ་སོར།

Bhutan Times - - Adverts -

ལྷག་པ་ཚེ་རིང་།

སྤྱི་ཟླ་ ༨ པའི་ཚེས་ ༢༡ དྲོ་པ་ཆུ་ཚོད་ ༨ དང་ སྐར་མ་ ༤༠ དེ་ཅིག་གི་ནང་འཁོད་ ཐིམ་ཕུག་ཁྲོམ་གི་ ཆུ་ཚོད་འཁོར་ལོའི་ ཀ་ཆེན་ གཡས་ཕྱོགས་ མ་ཎི་གདུང་ འཁོར་ཀྱི་ ཉེས་འདབས་ལུ་ སྡོད་ཁྲི་དང་ པའི་གུ་སྡོད་མི་ ཕོ་སྐྱེས་གཞོནམོ་དེ་ འགྲུལ་འཕྲིན་ལུ་བལྟ་ཡི་ར་ ཆོ་རོགས་ལུ་ བསྒུག་སྡོདཔ་ཨིན་པས། དེ་ཅིག་བར་ན་ནམ་དྲོ་པའི་ཉིན་ཟེར་གི་ འོད་གདངས་དང་སྦྲགས་ཏེ་ མ་ཁྲ་དཀྱི་ ར་དེ་གུ་ སྟོད་བགོ་དམརཔོ་དང་ འོན་འཇུ་ ཧོནམོ་ལྷོག་སྟེ་ གཟུངས་ཤིང་ སྨྱུག་ཁྲ་ ལྡེམ་ལྡེ་སྦེ་ ཡོད་པའི་གུ་ དབུ་སྐྲ་འཇམ་ པ་ནག་མོའི་འོག་ལས་ ཞལ་རས་ཉ་གང་ གི་ཟླ་བ་ ཕྱེད་ཀ་བཏོན་ཏེ་ དགའ་འཛུམ་ ཤིག་ཤི་སྦེ་ འོང་མི་དེ་ལུ་ ཡུདཔ་ཐེངས་ ཅིག་ཡེངས་སོང་ནུག། ཕོ་སྐྱེས་དེ་གིས་ མིག་ཏོ་ཐད་ཀད་དུ་ མོ་ གི་གདོང་གི་པར་གཞི་ད་ེགུ་བལྟཝ་ད་ དམར་གདངས་ཅན་གི་ གདོང་ལས་ དགའ་འཛུམ་བཏོནམ་ད་ མོ་གི་མིག་ཏོ་ ཡ་ཅིགཔ་དེ་ བཙུམ་པའི་མཛེས་སྣང་ གཞན་དང་མ་འདྲཝ་ཅིག་མཐོངས་ ཡོདཔ་ཨིན་པས། ན་ཆུང་བུ་མོའི་ ངོ་རིས་དང་གཟུགས་ཤིང་ དེ་གིས་ ཕོ་སྐྱེས་དེ་ལུ་ ཉིནམ་ཅིག་གི་ སྲོག་ལུས་དབང་ཐང་ རྒྱས་པའི་ས་བོན་ བཏབ་ཡོད་པའི་ རྟེན་འབྲེལ་གི་ངང་ལུ་ སེམས་རང་དབང་མེད་པར་ དཔང་ར་ིརི་སྦེ་ ཤོར་བའི་ འཚོར་བ་མ་འདྲཝ་ཅིག་འབྱུང་ ནུག ཡུན་མ་རིངམོ་ཅིག་ལུ་རང་ རྒན་རྒས་ མགུ་ཏོ་གི་སྐྱ་དཀརཔོ་ གདོང་སྒྱེ་ཁོག་རི་ རི་ ཁ་ལག་མ་འཁྱུ་བར་ ལ་ོཡང་ལངས་ སོངཔ་བཟུམ་ མིག་ཏོ་དམརཔོ་ མིག་ ཅག་གི་གང་སྟེ་ ཁ་སོར་གསུམ་འབད་མི་ དེ་ ཚིལ་མའི་ལྦ་ག་ ཆགས་ཡོད་པའི་ནང་ ལས་ གཏམ་ཨིང་སྐད་ཐོག་ལས་ ཝཊ་ ཀྲུ་གྲུ། ལཕི་ཨིསི་ཀྲུ་ཤོཊ། ཡེསེ་ཨོར་ནོ། ག་འདེ་འབད་བ་ མི་ཚེ་འདི་ཐུང་ཀུ་ཅིག་ ལས་མིན་འདུག ཨིན་ན་མེན? ཟེར་སྦ་ སྟེ་ ཆང་དྲི་ཧུག་ཧུ་སྦེ་ ཕོ་སྐྱེས་དེ་གི་ སྦོ་ ལོག་ཁར་རྩ་བར་སྡོད་ད་ནུག ཨ་རྒས་དེ་གིས་ ང་གིས་ མི་ལོ་ ༡༧ དེ་ ཅིག་ གཞུང་གི་ དེད་གཡོགཔ་སྦེ་ ཕྱག་ ཞུ་ཡི་ཟེར འདྲི་མི་དང་ཉན་མི་ག་ཡང་ མེད་རུང་ ཁོ་རང་རྐྱངམ་ཅིག་ ལོ་རྒྱུས་ རྫོགས་ནི་མེདཔ་ཅིག་ སླབ་མི་དེ་གིས་ ཕོ་སྐྱེས་ཀྱི་རྣམ་ཅོག་དེ་ནང་ འབུབ་ འཛུལ་དོ་བཟུམ་མའི་ སྣང་བ་ཤར་ནུག ཕོ་སྐྱེས་དེ་གིས་སེམས་ཁར་ ལྕང་གླིང་མི་ ཐང་ བརྒྱ་འཁོར་གླིང་ཀ་དེ་ནང་ ཕྱི་ལས་ འོང་མི་ བལྟ་བཤལཔ་དང་ ནང་ན་སྡོད་ མི་ འབྲུག་མི་རྒན་གཞོན་ཕོ་མོ་ཡོངས་ཀྱི་ ངལ་རངས་ས་དང་ ངལ་འཚོ་སྡོད་སའི་ ས་ཁོངས་གཙོ་བོ་ཅིག་ཨིན་པའི་ལོ་རྒྱུས་ གནས་ཚུལ་བསྡུ་བཀོདཔ་ འཇིགས་མེད་ བསྟན་འཛིན་དང་བསོད་ནམས་ལྷུན་གྲུབ་ ཀྱིས་བྲིས་ཡོད་མི་དེ་ སེམས་ཁར་དྲན་ པའི་ཤུགས་ཀྱིས་ དེ་འཕྲོ་ལས་ ས་ ཁོངས་དེ་ནང་འགྱོ་ནི་ འགོ་བཙུགས་ནུག ས་ཁོངས་དེ་ནང་ ཁྱབ་ཆེ་ཤོས་ར་ དགའ་ མཐུན་ཡོད་མི་ ན་གཞོན་བུ་དང་བུམོ་ཚུ་ སྙིང་གཏམ་བཤད་དེ་ སྡོད་ས་མཐོངམ་ ཨིན་པས། དེ་ཚེ་འབདན་ བྱ་འཕུརཝ་ད་རྡོ་བཀོཝ་ཁ་ ཐུག་ཟེར་དོ་བཟུམ་ ཁོ་གིས་གདོང་དེབ་ ཡིག་འཕྲིན་ཐོག་ལས་ འབྲེལ་བ་འཐབ་ སྡོད་མི་བུམོ་དེ་ཡང་ ས་ཁོངས་དེ་ནང་ལྷོད་ ཡོདཔ་ཨིན་པས། དེ་བསྒང་ ཁོ་འོང་སའི་ལམ་ཁར་ སྟོན་པ་ བཞེངས་ཏེ་ལམ་འབྱོན་པའི་ སྐུ་འདྲ་དེ་གི་ རྒྱབ་ལོག་ འབྲུག་གི་མཇུག་མ་ ཁ་ མཐུད་རྐྱབ་ས་ལུ་ བུམོ་ལེགས་པའི་ ཡིད་ དགའ་གིས་ མོ་རའི་ཆ་རོགས་ ན་ཆུང་ བུམོ་ཅིག་དང་ འཛུམ་གདོང་རྐྱབ་སྟེ་ མཚར་གདངས་དང་ལྡན་པའི་ མཆུ་ གཉིས་ཀྱི་དགའ་འཛུམ་བཏོན་ཏེ་ བློ་སླབ་ སྡོད་ས་ མཐོངས་ཡོདཔ་མས། དེ་འཕྲོ་ལས་ ཁོ་གིས་ ཚ་ངེར་བཏོན་ཏེ་ མི་མང་གི་ཆབ་གསང་འགྱོ་སའི་ ལམ་གི་ ལྟག་ལུ་ ཙན་དན་ཤིང་དང་ ཀྲོབ་མདའ་ ཤིང་ ཚུ་གི་འོག་ལུ་ རྩ་གདན་བོང་བོ་སྦེ་ ཡོད་མི་དེ་གུ་སྡོད་ཞིན་ན་ གློག་རིག་ལེབ་ ཊོབ་ཁ་ཕྱེ་ཞིན་ན་ ལཱ་འབད་ནི་འགོ་ བཙུགས་ ཡོདཔ་ཨིན་པས། དུས་ཡུན་ ཆུ་ཚོད་ཕྱེད་དེ་ཅིག་གི་རྒྱབ་ལུ་ ཁོ་གི་གདོང་དེབ་ནང་གི་ ཆ་རོགས་བུམོ་ མཛེས་པའི་ ཡིད་དགའ་སྒྲོལ་དཀར་དང་ མོ་གི་ཆ་རོགས་ ཆབ་གསང་ལུ་འོང་ས་ མཐོངཡོད་རུང་ མ་མཐོང་ཟུག་བཏབ་སྟེ་ ལཱ་འབད་མི་བཟུམ་ བཟོ་སྡོད་དཔ་མས། དེ་སྦེ་རུང་ སེམས་ཀྱི་མཇུག་ཐག་ ཙ་ ལས་ར་བཟུང་མ་ཚུགསཔ་ལས་ གདོང་ དེབ་ཀྱི་ཐོག་ལས་ འབྲེལ་བ་འཐབ་ནི་གི་ དཔའ་བཅམ་རུང་ མོ་གི་འགྲུལ་འཕྲིན་དེ་ ཡོངས་འབྲེལ་གི་ཞབས་ཏོག་ལག་ལེན་ གི་ དུས་ཚོད་ནང་མེད་དེ་འབད་རུང་ ག་ཏེ་ ཡོད་ཟེར་བའི་ འདྲི་བཀོད་ཀྱི་ཡིག་འཕྲིན་ ཅིག་གཏང་བཞག་ནུག། མོ་གིས་ཡང་ ཐིམ་ཕུག་ལུང་པར་ ལྷོད་དེ་ ཡོད་པའི་ལན་གསལ་དེ་ལུ་ ཁོ་གིས་ ང་ ཁྱོད་ཀྱི་སྦོ་ལོག་ཁར་ཡོད་རུང་ ཁྱོད་ཀྱི་ང་ མཐོང་ ཟེར་བའི་གཏམ་ལེན་འཇལ་ནུག དེ་ལས་ ཁོང་གཉིས་ ཆབ་གསང་ལས་ ལོག་འོངམ་ད་ ཁོ་སྡོད་ས་སྤོག་ཏོ་གུ་ ལོ་ འདབ་རྒྱས་པའི་ཤིང་ཚུ་གི་ནང་ན་སྦེ་རུང་ དེ་གི་གདོང་ཁར་ཡོད་པའི་ སྡོད་ཁྲི་དང་བླ་ བྲས་ཚུ་ ཁྲམ་ལམ་ལམ་སྦེ་རང་ མཐོང་ ཚུགསཔ་ལས་ ལུས་སྦྱོང་འབད་སའི་ གདོང་ཁ་ཡོད་མི་ སྡོད་ཁྲི་དེ་གུ་ལུ་ གཟུགས་ཞིང་འཁྱུག་ཁྱུ་ ལྡེམ་ལྡེ་སྦེ་ སྐེདཔ་ཆགས་ུའཁྱིལ་ལྡན་པ་ གཞུ་ བཟུམ་འགུར་ཏེ་ ལགཔ་གཡོན་་གིས་ ཨ་བུ་བཞོང་བཞིན་ན་ རྩ་བར་སྡོད་པའི་ སྐབས་ བརྡབརྒྱུདཔ་ ལྷུན་གྲུབ་དེ་ ཤ་ རོགསཔ་ ཀ་ཤ་ལུ་བསྒུག་སྡོད་མི་བཟུམ་ སྦེ་ བལྟ་སྡོད་ནུག། མོ་ཡང་ འགྲུལ་འཕྲིན་དེ་ནང་བལྟ་ཡི་ར་ དབིབ་སུ་ཅིག་སྦེ་ ཁོ་ལུ་བལྟ་ཞིན་ན་ གདོང་དེབ་ནང་ལུ་ ཁྱོད་ནཱ་ལུ་ག་ཅི་ འབདཝ་སྨོ་ཟེར་ བཀལ་གཏང་ནུག། ཐིམ་ཕུག་ རྒྱ་འཁོར་གླིང་ཀ་དེ་ནང་ མི་ དྲག་ཞན་ཆེ་ཆུང་ ག་འོང་ཏེ་འབད་རུང་ ལུས་དལ་བའི་ བདེ་ཉམས་ལེན་པར་འོང་ མི་དང་ ན་གཞོན་ཚུ་གིས་ ཧིང་གཏམ་གི་ རོ་མོ་ དོན་ཧིང་གུ་ལུ་འབྲི་ས་དང་ ལུས་ ངག་ཡིད་ཀྱི་དམ་ཚིག་གི་བག་ཆགས་ བཞག་སའི་ས་གོ་ སྐྱེས་ཚལ་གི་ཞིང་ས་ དགའ་བའི་ཚང་དེ་ནང་ ལས་ངན་གི་བུ་ ཆུང་ རྩོམ་སྒྲིག་གི་ རིག་རྩལ་སྦྱང་པའི་ གནས་སྟངས་ལུ་ ས་གོ་འདི་ནང་གི་ མཛེས་ཆ་དང་བསིལ་དྲོད་ཀྱི་ རང་བཞིན་ དང་མི་རིགས་ མ་འདྲཝ་ཚུ་གི་དགའ་སྤྲོ་ བ་བཏོན་པའི་ མཐོང་སྣང་དེ་གིས་ ཉིནམ་ རེ་ཆད་མེད་པར་ དུས་ཡུན་ཆུ་ཚོད་ ༢ དེ་ ཅིག་གི་རིང་ལུ་ སྲུང་འབྲི་བར་འོང་ནི་ལུ་ སྤྲོ་བ་ལེན་སྡོད་ཡོདཔ་ཨིནམ་ མོ་གིས་ཧ་ གོ་ནུག བློ་རིག་བཀྲ་བའི་ ཡིད་དགའ་གིས་ ཨའེ་ ་་་ལཱ་འབད་ནི་ལུ་ སྙིང་རུས་ཅན་དང་ བརྩོན་འགྲུས་ཆེན་པོ་ཡོད་མི་ ཁྱོད་ལས་ གཞན་མ་མཐོང་ཟེར་བའི་ ཤ་མུ་སྐམ་གི་ ལོ་རྒྱུས་དེ་ལུ་ ཡིད་ཆེས་བསྐྱེད་ཐབས་ ཅིག་མེད་རུང་ ཤེས་རབ་ཅན་གི་བུ་མོའི་ གཏམ་གི་མེ་སྣ་དེ་གིས་ ཕྱི་རུ་ཏོ་ལས་ གྱུར་བའི་ ཏ་གོའི་ནང་ཟས་བཟུམ་མའི་ ཉིན་ཆེན་ཚ་བའི་ སྲེག་མདའ་དེ་གིས་ ཞུ་ གཏང་དོ་བཟུམ་ཅིག་ཨིན་པས། ཡུདཔ་ཅིག་ལས་ མོ་གི་ཆ་རོགས་དེ་ གིས་ ཁོ་སྡོད་སའི་སྦོ་ལོག་ མི་ཊར་ ༥ དེ་ཅིག་གི་ ས་གོ་དེ་ནང་འོང་ཏེ་ མོ་རའི་ དགའ་རོགས་བུཚུ་དང་ཅིག་ཁར་ བློ་ སླབ་སྡོད་རུང་ བུམོ་རྐྱང་མོ་ ཡིད་དགའ་ སྡོད་ཁྲི་གུ་ སྐུ་བཟུམ་སྦེ་ སྤར་ན་ིརང་མེད་ པར་སྡོད་ས་མཐོང་ཡོདཔ་མས། དེ་ལས་ ཁོ་གིས་ ཁྱོད་ར་རྐྱངམ་ཅིག་ ག་ ཅི་འབདཝ་སྨོ་ཟེར་འདྲིཝ་ད་ ཆ་རོགས་ལུ་ བསྒུགཔ་ཨིན། གུ་རམ་གནང་ག? ཟེར་ སླབ་སྟེ་ ཀོ་ཕི་གཱོལ་ཟེར་མི་ མངར་ཟས་ གུ་རམ་ པར་བཏབ་བཀལ་ད་ནུག། བཀའ་དྲིན་ཆེ། ང་ལུ་ཡང་ཡོད། བརྗེ་སོར་ འབད་དེ་བཟའ་གེ། ཟེར་ ཁོ་གིས་ ཤུ་ གཱསི་ གུ་རམ་དེ་ པར་བཏབ་བཀལཝ་ད་ དུས་ཡུན་སྐར་མ་ ༥ དེ་ཅིག་ སོང་རུང་ ལེན་གསལ་མེདཔ་ལས་ ལེབ་ཀྲོབ་གི་ འཕྲུལ་ལྟོ་ རྫོགས་པའི་གུ་ དུས་ཡུན་ཆུ་ ཚོད་ ༢ ཀྱི་ཐུན་ཚན་དེ་ཡང་ རྫོགས་སོང་ ནུག། དེ་ཅིག་བར་ན་ ཡིད་དགའ་ཡང་ མོ་གི་ཆ་ རོགས་ཡོད་སར་ལྷོད་དེ་ མོ་གི གུ་རམ་དེ་ བཀོག་གཏངམ་ད ཁོ་གིས་ སྦོ་ལོག་ ཁར་བུད་ནུག། དེ་ལས་ ཕོ་ཇ་བསོད་ནམས་དེ་ སེམས་ དགའ་བའི་ཤུགས་ཀྱིས་ དེ་འཕྲོ་ལས་ གུ་རམ་དེ་པར་བཏབ་ཏེ་བཀལ་བཞིན་ན་ ངེ་གི་གུ་རམ་དེ་ ཁྱོད་ལུ་བཞག་ད་ཡི། ང འགྱོ་དགོ་པས་ཟེར་ སླབ་ཏེ་ཡར་སོང་ ནུག། བརྡ་བརྒྱུདཔ་ ལྷུན་གྲུབ་དེ་ ལམ་ཚ་ངེར་ བཏོན་ཏེ་ འགྱོ་མི་ཅིག་འབདཝ་ལས་ དེ་ འཕྲོ་ལས་ མི་མང་བསྐྱེལ་འདྲེན་བཱསི་དང་ གླ་འཁོར་ཚུ་བཞག་སར་ ལྷོད་དེ་ གདོང་ དེབ་བལྟཝ་ཅིག་ ཡིད་དགའ་གིས་ ཤུ་ གཱསི་ གུ་རམ་དེ་ ཁ་ནང་བཙུགས་ཏེ་ པར་བཏབ་ཏེ་བཀལ་ཡོདཔ་ཨིན་པས། མ་གཞི་ མིག་གིས་དངོས་སུ་སྦེ་ མཐོང་ རུང་ ཁ་ཙམ་ཚིག་གི་ ངོ་སྤྲོད་ཅིག་ར་ འབད་ མ་ཚུགས་ནི་དེ་གིས་ བློ་མ་བདེ་ བར་ མོ་གི་འགྲུལ་འཕྲིན་ ཨང་གྲངས་ གནང་ཟེར་ སླབ་དགོཔ་མཐོནམ་ལས་ མོ་གིས་ཡང་ དེ་འཕྲོས་ལས་ བཀལ་ད་ ནུག། དེ་ལས་ཚུར ཁོང གཉིས་གཅིག་ཁར་ ཕྱད་དེ་བློ་སླབ་སྡོད་ནི་གི་ ལེགས་ཅིག་ ཤར་ཡོདཔ་ཨིན་པས།

Newspapers in English

Newspapers from Bhutan

© PressReader. All rights reserved.