རྒྱལ་རབས་ཅན་གྱི་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ལྗགས་ལུང་ མཇུག་བསྡུད།

Bhutan Times - - Adverts - ལྷག་པ་ཚེ་རིང་།

ཐིམ་ཕུག་ ཀུན་གསལ་ཕོ་བྲང་ སྟོན་པ་ རྡོར་གདན་མའི་སྐུ་མདུན་ལུ་སྦེ་ ཟླ་ངོ་ ༣ གི་རིང་ལུ་ སྐྱབས་རྗེ་ རྗེ་མཁན་ཁྲི་ རབས་ ༧༠ པ་ སྤྲུལ་སྐུ་ འཇིགས་ མེད་ཆོས་གྲགས་མཆོག་གིས་ དབུ་ བཞུགས་ཐོག་ལས་ རྒྱལ་རབས་ཅན་ གི་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གནང་མི་དེ་ སྤྱི་ཟླ ༡༡ པའི་ཚེས་ ༣༠ ལུ་ སངས་རྒྱས་སྨན་ ལྷའི་ མཐོང་འགྲྲོལ་མཇལ་ཁ་གནང་ ཐོག་ལས་ གྲྲོལ་གནང་ཡོདཔ་ ཨིནཔས།

དེ་གི་ འཕྲོ་མཐུད་དེ་རང་ རང་ཟླ་ ༩ པའི་ཚེས་ ༡༠ ལས་ ༡༥ ཚུན་ ལོ་ བསྟར་ ཀུན་གསལ་འཕོ་བྲང་སྨོན་ལམ་ ཆེན་མོའི་ ཚོགསའཁོར་བསྐོར་བའི་རྟེན་ འབྲེལ་གི་ངང་ལུ་ དད་མོས་ཅན་གི་མི་ སེར་ སྟོང་ཕྲག་ལས་བཅད་དེ་ ལྗགས་ ལུང་ཞུ་བར་འོང་མི་ཚུ་གི་གྲལ་ལས་ དད་ཅན་སྦྱིན་བདག་ཚུ་གིས་ སྐྱབས་རྗེ་ རྗེ་མཁན་རིན་པོ་ཆེ་མཆོག་ལུ་ མཁའ་ འགྲྲོའི་བརྟན་བཞུགས་ཕུལ་ཡོདཔ་ཨིན་ པས།

ང་བཅས་ར་ ནང་པ་སངས་རྒྱས་པའི་ ཆོས་ཀྱི་ལུགས་ལས་འབད་བ་ཅིན་ བླམ་དང་རིན་པོ་ཆེ་ཚུ་གིས་ འདུལ་བྱ་ སེམས་ཅན་གི་དོན་ལུ་ མཛད་འཕྲིན་ བཟང་པོའི་ ཆོས་ཀྱི་འཁོར་ལོ་བསྐོར་ གནང་པའི་སྐབས་དང་ འཇིག་རྟེན་འདི་ ནང་བཞུགས་མི་ བླམ་དང་ དེའི་རྗེས་ འཇུག་པ་ཚུ་གི་བར་ན་ དམ་ཚིག་ ཉམས་ཆག་ཤོར་བའི་སྐབས་ མཁའ་ འགྲྲོ་མ་ཚུ་གིས་ བླམ་དགེ་བའི་བཤེས་ གཉེན་ཚུ་ དག་པའི་ཞིང་ལུ་ གདན་ འདྲེན་ཞུཝ་ཨིནམ་ལས་ དེ་བཀག་ ཐབས་ལུ་ མཁའ་འགྲྲོ་མ་ཚུ་ལུ་ གསོལཝ་བཏབ་པའི་ཚུལ་ཨིན་པས།

དེ་ཡང་ གོང་ན་མེད་པའི་བླ་ལས་ སེམས་ཅན་ཐམས་ཅད་ལུ་ མ་ལྟར་ བརྩེ་བའི་ ཐུགས་རྗེ་གཟིགས་མི་ བླམ་ དང་རིན་པོ་ཆེ་ཚུ་གིས་ འགྲྲོ་དོན་ བསམ་གིས་མ་ཁྱབ་པར མཛད་གནང་ ནི་དེ་གིས་ འཇིག་རྟེན་གི་ཁམས་ལས་ དགོངས་པ་རྫོགས་ཏེ་ དག་པའི་ཞིང་ ཁམས་ལུ་འབྱོན་ནི་དུས་ལུ་འབབ་དོ་ ཡོདཔ་ལས་ མཁའ་འགྲྲོ་མ་ཚུ་གིས་ ཞབས་བསུ་འབད་བར་འོང་དོ་ཡོདཔ་ ཨིན་པས། དེ་བཟུམ་སྦེ་ བླ་མ་དང་ རིན་པོ་ཆེ་ལུ་ སློབ་མ་དང་ཆོས་ཞུ་མི་ཚུ་གིས་ བསྐུར་ པ་བཏབ་ཏེ་ ལོག་བསྟ་བསྐྱེད་མི་དེ་ གིས་ སློབ་མ་ཚུ་གི་ བླམ་ལུ་དམ་ ཚིག་མ་ཕྲང་པའི་སྐྱོན་ལུ་འགྱུར་ནི་དང་ གཞན་ཡང་ འཇིག་རྟེན་དེ་ནང་ བཙོག་ སྒྲིབ་མང་ནི་དེ་གིས་ བླམ་དང་སྐྱེས་བུ་ དམ་པ་ཚུ་ མཁའ་འགྲྲོ་མ་ཚུ་གིས་ ཞིང་ཁམས་ནང་ གདན་འདྲེན་ཞུ་དོ་ ཡོདཔ་ལས་ ནང་པ་སངས་རྒྱས་ཀྱི་ བསྟན་པའི་བདག་པོའམ་ ཆོས་ཀྱི་དབུ་ ཁྲི་དམ་པ་ སྐྱབས་རྗེ་རིན་པོ་ཆེ་མཆོག་ བསྐལ་པ་མ་སྟོང་གི་བར་དུ་ འབྲུག་ ལུང་པར་ ཆོས་ཀྱི་སྒྲ་དབྱངས་སྔན་མོའི་ བྱིན་གིས་རླབས་ཏེ་བཞུགས་བཅུག་ནི་ དོན་ལུ་ གསོལ་བ་བཏབ་པའི་ཚུལ་ལུ་ མཁའ་འགྲྲོའི་བརྟན་བཞུགས་ཕུལ་ ཡོདཔ་ཨིན་པས།

དེ་མ་ཚད་ བླ་མའི་བཀའ་སློབ་ལས་ འགལ་བའི་སྤྱོད་པ་དང་བསམ་པ་དེ་ གིས་ དམ་ཚིག་ཉམས་དོ་ཡོདཔ་ལས་ དུས་ནམ་རང་སྦེ་རུང་ རང་གི་རྩ་བའི་ བླམ་དེ་ལུ སྒོ་༣ གུས་པ་ཆེན་པོའི་སྒོ་ ལས་ ཆོས་དང་ དབང་ལུང་ཁྲི་གསུམ་ ག་ཅི་ར་ཞུ་རུང་ དད་པ་དང་ཡིད་ཆེས་ ཡང་དག་པ་བསྐྱེད་བཞིན་ན་ ཆོས་ཀྱི་ འཁོར་ལོ་བསྐོར་སའི་ དཀྱིལ་འཁོར་ ཅིག་ནང་འཛོམས་མི་ཚུ་གིས་ ལུས་ཀྱི་ སྒོ་ལས་ མི་ཚངས་སྤྱོད་པ་དང་ ངག་ གི་སྒོ་ལས་ ཚིག་རྩུབ་སླབ་ནི་ ཡིད་ཀྱི་ སྒོ་ལས་ གནོད་སེམས་བསྐྱེད་ནི་དང་ ཚུལ་མིན་གི་སྤྱོད་པ་རྔམ་སི་སི་ཚུ་ སྤངས་ཏེ་ ཆོས་ཞུ་དགོཔ་ཁག་ཆེཝ་ ཨིན་པས།

དེ་འབདཝ་ལས་ སྐྱབས་རྗེ་མཆོག་ གིས་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ ལྗགས་ལུང་གི་ ཆོས་འཁོར་འཇུག་ བསྡུད་དང་འབྲེལ་ ཕུན་སུམ་ཚོགས་ པའི་རྟེན་འབྲེལ་གི་ངང་ལུ་ བཀྲ་ཤིས་ ལེགས་སྨོན་གི་ཚུལ་སྦེ་ མཁའ་འགྲྲོའི་ བརྟན་བཞུགས་ཕུལ་གནང་ཡོདཔ་ ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.