ལྷ་འབབ་དུས་ཆེན་གྱི་ལོ་རྒྱུས་མདོར་བསྡུས།

Bhutan Times - - Adverts -

ལོ་བསྟར་ རང་ཟླ་ ༩ པའི་ཚེས་ ༢༢ ཀྱི་ ཉིནམ་འདི་ བདག་ཅག་གི་སྟོན་པ་ སངས་རྒྱས་ཤཱཀྱ་ཐུབ་པ་ ལྷ་ཡུལ་སུམ་ བཅུ་རྩ་གསུམ་ལས་ འཇིག་རྟེན་མི་ཡུལ་ ལུ་ འབྱོན་ཡོདཔ་ལས་ རྒྱལ་བ་ལྷ་ལས་ འབབ་པའི་ དུས་ཆེན་ཁྱད་པར་ཅན་གྱི་ ལྷ་བབས་དུས་ཆེན་དེ་ བརྩི་སྲུང་ཞུཝ་ ཨིན་པས། དེ་ཡང་ སངས་རྒྱས་ ཤཱཀྱ་ཐུབ་པ་སྐུ་ འཁྲུངས་ཏེ་ བདུན་ཕྲག་ ༡ གི་རྒྱབ་ལུ་ ཡུམ་སྒྱུ་མ་ལྷ་མཛེས་ དགོངས་པ་ རྫོགས་སོངམ་ལས་བརྟེན་ ཡུམ་གྱི་དྲིན་ ལན་འཇལ་ནི་གི་ གོ་སྐབས་མ་ཐོབ་རུང་ སངས་རྒྱས་ཁོ་རང་ མངོན་པར་རྫོགས་ པ་སངས་རྒྱས་ཏེ་ ཐུགས་མཁྱེན་པའི་ དོན་ཤེས་ཀྱིས་གཟྱིགས་ཏེ་ དགུང་ལོ་ ༤༡ བཞེས་པའི་ ཆུ་སྟོད་ཟླ་བ་ ཧོར་ཟླ་ ༦ པའི་ཚེས་ ༡༥ ལུ་ ལྷ་ཡུལ་སུམ་ཅུ་ རྩ་གསུམ་ལུ་ ཡུམ་གྱི་དྲིན་ལན་འཇལ་ ནི་གི་དོན་ལུ་ཆོས་གསུངས་པར་བྱོན་ཏེ་ ཟླ་ ༦ པའི་ཚེས་༡༦ ལས་ འགོ་བཟུང་ སྟེ་ སྐྱེད་ཚལ་ཀོ་བི་ད་རའི་དྲུང་དུ་ ཟླ་ངོ་༣ གྱི་རིང་ལུ་ ལ་བ་དཀར་པོའི་ རྡོ་ལེབ་ གུར་བཞུགས་ཏེ་ ཡུམ་གྱི་གཙོས་པའི་ལྷ་ དང་ལྷ་མོ་ཚུ་ལུ་ ཆོས་ཀྱི་འཁོར་ལོ་ བསྐོར་ཏེ་བཞུགས་པའི་སྐབས་ འཁོར་ རྣམ་པ་བཞི་དང་ སྦྱིན་བདག་ཆོས་རྒྱལ་ གཟུགས་ཅན་སྙིང་པོ་ཚུ་ སངས་རྒྱས་ མཇལ་བའི་གོ་སྐབས་མ་ཐོབ་པར་ མུན་ པའི་སྐལ་པ་བཟུམ་ཅིག་ནང་སྡོད་དགོཔ་ བྱུང་ནུག། དེ་ལས་ འཕགས་པ་ཤཱ་རི་བུ་གིས་ མངོན་ཤེས་ཀྱིས་གཟྱིགསཔ་ད་ སངས་ རྒྱས་ལྷ་ཡུལ་བཞུགསཔ་མཁྱེན་ཏེ་ ཁོང་ ག་ར་གིས་ འཕགས་པ་མོའུ་འགལ་གྱི་ བུ་ལུ་ སངས་རྒྱས་ལོག་སྟེ་མི་ཡུལ་ལུ་ གདན་འདྲེན་ཞུ་བ་འགྱོ་དགོཔ་སྦེ་ གསོལཝ་བཏབ་བཞིན་དུ་ མོའུ་འགལ་ བུ་གིས་ ཧོར་ཟླ་ ༩ པའི་ཚེས་༡༥ ལུ་ ལྷ་ཡུལ་སུམ་ཅུ་རྩ་གསུམ་ལུ་ སངས་ རྒྱས་སླར་མི་ཡུལ་ལུ་ འབྱོན་དགོཔ་སྦེ་ གསོལཝ་བཏབ་ད་ སངས་རྒྱས་ཀྱིས་ ཞག་བདུན་གྱི་ཤུལ་ལུ་འཛམ་བུ་གླིང་ལུ་ ལོག་འབྱོན་ནི་སྦེ་ ཞལ་གྱིས་བཞེས་ གནང་སྟེ་ ཧོར་ཟླ་༩ པའི་ ༢༢ ལུ་ ལྷ་ བརྒྱ་བྱིན་གྱིས་གཡས་ཁ་ཐུག་ལས་ གསེར་གྱི་བད་སྐས་དང་ གཡོན་ཁ་ཐུག་ ལས་དངུལ་གྱི་བད་སྐས་ དེ་ལས་ སྦུག་ ལུ་ བཻཌུརའི་བད་སྐས་རིངམོ་ཅིག་ བཙུགས་ཏེ་ཕུལ་ཡོདཔ་ལས་ སྦུག་གི་ བད་སྐས་ལས་སངས་རྒྱས་བཅོམ་ལྡན་ འདས་དང་ གཡས་ཀྱི་བད་སྐས་གུ་ལས་ ལྷ་ཚངས་པ་ རྔ་ཡབ་དཀར་པོ་ྪབཅསཔ་ སྦེ་བབས་ གཡོན་གྱི་བད་སྐས་གུ་ལས་ མར་ ལྷ་བརྒྱ་བྱིན་གྱིས་གདུགས་དཀར་ པོ་བསྣམས་ཏེ་ འཁོར་ལྷ་དང་ལྷ་མོ་ཚུ་ གིས་ མཆོད་པའི་སྒྲ་དབྱངས་ཀྱི་མཆོད་ པ་ཕུལ་ཏེ གྲོང་ཁྱེར་ཤང་ཀ་ཤའི་ཉེ་ འགམ་ལུ་ མེ་ཏོག་ཨུ་དུམ་ཝ་རའི་ ནགས་ཚལ་ན་ འཁོར་ལྷ་དང་མི་ཚུ་ག་ར་ འཛོམས་སར་ ལྷ་གཡུས་ལས་བབས་ཏེ་ བྱོན་གནང་ཡོདཔ་ཨིན་པས། དུས་ཆེན་འདི་ སངས་རྒྱས་ཀྱིས་ ཡུམ་ ལུ་དྲིན་ལན་འཇལ་བའི་ དུས་ཆེན་ཅིག་ འབད་ནི་འདི་གིས་ དུས་ཆེན་འདི་དང་ འབྲེལ་ཏེ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གགས་ མཆོག་གིས་ ང་བཅས་རའི་རྒྱལ་ཁབ་ འདི་ནང་པ་ ཆོས་ལྡན་གྱི་རྒྱལ་ཁབ་ཅིག་ འབདཝ་ལས་ དུས་ཆེན་གཞན་བརྩི་སྲུང་ ཞུ་ནི་ཡོད་དོ་བཟུམ་སྦེ་ ཨའི་ལུ་དྲིན་ལན་ འཇལ་ནིའི་དོན་ལུ་ ཨའི་གི་ཉིནམོ་སྦེ་ བརྩི་སྲུང་ཞུ་ནི་འགོ་བཙུགས་ཏེ་ཡོདཔ་ ལས་ རྒྱལ་ཁབ་ནང་ལུ་ལྷ་བབས་དུས་ ཆེན་དང་འབྲེལ་ཏེ་ ཨའི་གི་ཉིནམོ་བརྩི་ སྲུང་ཞུ་དགོ་པའི་ བཀའ་སློབ་གནང་ ཡོདཔ་ཨིན་པས། དོ་རུང་ སྐྱབས་རྗེ་མཆོག་གིས་ ལྷ་ བབས་དུས་ཆེན་གྱི་ཉིནམོ་འདི་བརྩི་སྲུང་ ཞུ་དགོ་པའི་སྐོར་ལས་ མི་སེར་མང་ཆེ་ ཤོས་ཀྱིས་མཁྱེན་ཏེ་ཡོད་རུང་ ཉིན་དེ་ཁ་ ལུ་ ལྷ་བབས་དུས་ཆེན་དང་འབྲེལ་ཏེ་ ཨའི་གི་ཉིནམོ་བརྩི་སྲུང་ག་དེ་སྦེ་རང་ འབད་དེ་ཡོདཔ་ཨིན་པས། ང་བཅས་འབྲུག་རྒྱལ་ཁབ་འདི་ཡང་ ནང་ པ་སངས་རྒྱས་པའི་ཆོས་ལྡན་གྱི་རྒྱལ་ ཁབ་ཅིག་འབད་ནི་འདི་གིས་ དུས་ཆེན་ འདི་ཉི་མར་གཞུང་འབྲེལ་གྱི་ངལ་གསོ་ སྦེ་ཡོདཔ་བཞིན་དུ་ འདི་བཟུམ་མའི་དུས་ ཆེན་གྱི་སྐབས་ལུ་ ང་བཅས་རང་ག་ར་ འབད་རུང་ འཇིག་རྟེན་གྱི་ལཱ་ཚུ་བཞག་ སྟེ་ བསོད་ནམས་བསག་པའི་རྒྱུ་ དགེ་ བའི་ལཱ་ཚུ་ ག་དེ་དྲག་དྲག་བསྒྲུབ་དགོཔ་ གལ་ཆེཝ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.