འབྲུག་དབང་རྒྱལ་ ཚེས་བཅུ་མཇུག་བསྡུ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་།

ལོ་བསྟར་ སྤྱི་ཟླ་༡༢ པའི་ཚེས་ ༡༣ ལུ་ འབྲུག་དབང་རྒྱལ་ལྷ་ཁང་ནང་ འབྲུག་དབང་རྒྱལ་ཚེས་བཅུ་ མཇལ་ ཁ་གནང་ས་ལུ་ དད་མོས་ཅན་གྱི་མི་ སེར་སྟོང་ཕྲག་ལས་ སྤུངས་འཛོམས་ འབད་ཡོད་དེ་འདུག། མི་དབང་རྒྱལ་ཡུམ་ རྡོ་རྗེ་དབང་མོ་ དབང་ཕྱུག་མཆོག་དང་ སྲསམོ་ ཨ་ ཞེ་ བསོད་ནམས་བདེ་ཆེན་དབང་ཕྱུག་ མཆོག་དབུ་བཞུགས་མཛད་གནང་ ནུག། དེ་མ་ཚད་ ཕྱིའི་བལྟ་བཤལཔ་ ཚུ་ཡང་ འབྲུག་པའི་གྱོན་ཆས་ཀྱི་ཐོག་ ལས་ ཚེས་བཅུ་ མཇལ་བར་འོང་སྟེ་ འདུག། སྤྱི་ལོ་༢༠༡༡ ལུ་ རྒྱལ་ཡུམ་ཨ་ཞེ་ རྡོ་རྗེ་དབང་མོ་དབང་ཕྱུག་མཆོག་གིས་ བཀའ་གནངམ་བཞིན་དུ་ དྲག་ཁག་ གསུམ་གྱི་ དམག་མི་ཚུ་གིས་ འགོ་ འདྲེན་ཐོག་ལས་ ཚེས་བཅུ་འདི་ བརྩི་ སྲུང་ཞུ་ནི་ འགོ་བཙུགས་ནུག། སྤྱི་ལོ་༢༠༠༣ ལུ་ མི་དབང་ འབྲུག་ རྒྱལ་བཞི་པ་མཆོག་གིས་ སྐུ་དངོས་ དམག་དཔོན་མཛད་དེ་ ལྷོ་མཚམས་ ཁ་ཐུག་གི་ དགྲ་དམག་ཚུ་ མིང་མེད་ ཐལ་བ་བརླག་གཏང་ཏེ་ རྒྱལ་ཁབ་ ནང་ ཞི་བདེ་དང་ དགའ་སྐྱིད་རྩ་བརྟན་ བཟོ་གནང་མི་དེ་ལུ་ བཀའ་དྲིན་རྗེས་ དྲེན་ཞུ་ནི་དང་ སྐུ་ཚེ་ཞབས་པད་བརྟན་ ཐབས་དང་ ཕྱའི་དགྲ་ལས་ རྣམ་པར་ རྒྱལ་བའི་བརྡ་མཚོན་ལུ་ བརྩི་སྲུང་ ཞུཝ་ཨིན་པས། ཚེས་བཅུ་འདི་ ལོ་བསྟར་གྱི་དུས་སྟོན་ ཁྱད་པར་ཅན་ཅིག་འབད་ ལྟོདམོ་ མཇལ་བར་འོང་མི་ཚུ་ཡང་ མང་ཤོས་ ཅིག་ ཐྱིམ་ཕུག་དང་དབང་འདུས་ དེ་ ལས་སྤུ་ན་ཁ་ལུ་སྡོད་མི་ཚུ་ཨིན་པས། ཚེས་བཅུའི་སྐབས་ལུ་ ཚེས་བཅུ་མཅུ་ མཇལ་བར་འོང་མི་ཚུ་ དད་པ་བསྐྱེད་ དེ་ཡོད་པའི་ མཐོང་སྣང་ལེགས་ཤོམ་ ཅིག་ཨིན་པའི་ཁར་ལུ་ ཕྱིའི་བལྟ་ བཤལཔ་ཚུ་ཡང་ ལེ་ཤ་ལྷོད་དེ་ཡོད་ འདུག། ཚེས་བཅིའི་ནང་ལུ་ འཆམ་གྱི་མ་ཚད་ རྒྱལ་གཞུང་འཆམ་དང་ཟླློས་སྒར་སློབ་ སྦྱོང་ལྟེ་བའི་ཁ་ཐུག་ལས་ གླུ་གཞས་ སྣ་ཚོགས་ཚུ་ཡང་གནང་ཡོདཔ་ཨིན། བློན་ཆེན་ཚེ་རིང་སྟོབས་རྒྱས་དང་ ལྷན་ཁག་གི་ལྷན་རྒྱས་ གཞུང་གི་ ཆེ་ མཐོའི་འགོ་དཔོན་ཚུ་དང་བསྟན་སྲུང་ དམག་སྡེའི་འགོ་དཔོན་ཚུ་གིས་ ཚེས་ བཅུ་དེ་གི་འཆམ་དང་ཟླློས་གར་ཚུ་ གཟྱིགས་པར་བྱོན་གནང་ཡོདཔ་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.