ནད་འབུབ་ཨེཆི་ཨའེ་བི་ཡོད་མི་ཚུ་ སྨན་བཅོས་འབད་དགོཔ།

Bhutan Times - - Adverts -

ལྷག་པ་ཚེ་རིང་། ༉ གཟུགས་ཁར་ལུ་ ནད་འབུབ་ཨེཆི་ ཨའེ་བི་ཟུན་ཏེ་ཡོད་པའི་ གྱངས་ཁ་ ཡར་སེང་ འགྱོ་མི་འདི་ རྒྱལ་ཁབ་ ནང་ལུ་ གསོ་བའི་ཚ་གྱང་སྦོམ་ཤོས་ ཅིག་ཨིན་མས། ནད་འབུབ་ཨེཆི་ཨའེ་བི་ཟུན་ཏེ་ཡོད་པ་ ཅིན་ གཟུགས་ཁའི་ནད་འབུབ་བཀག་ ནི་གི་ནུས་ཤུགས་འདི་ མར་ཉམས་ གཏང་སྟེ་ ནད་འབུབ་ཚུ་ ཡར་འཕེལ་ འགྱོཝ་ཨིན་རུང་ སྨན་བཅོས་ལུ་བསྟེན་ པའི་སྐབས་ ཚབས་ཆེན་གྱྱི་ནད་གཞི་དེ་ སྨན་གྱྱི་ནུས་ཤུགས་ཀྱིས་ མི་ཚེ་རིངམོ་ སྦེ་སྡོད་ཚུགས་ནི་ལུ་ཕན་ཐོག་དོ་ཡོདཔ་ མས། དྲག་ཊར་རྟ་མགྲིན་རྡོ་རྗེ་གིས་ བརྡ་ བརྒྱུདཔ་དང་གཅིག་ཁར་ ནད་གཞི་ ཨེཆི་ཨའེ་བི་དང་འབྲེལ་བའི་ སྦྱོང་ བརྡར་སྦྱིནཔའི་སྐབས་ལུ་ སྨན་བཅོས་ ལུ་ བསྟེན་ཞིནམ་ལས་ ནད་འབུབ་དེ་ མར་ཕབ་གཏང་སྟེ་ གནོད་ཉེན་ཡང་ མར་ཕབ་གཏང་ཚུགས་ཟེར་བཤད་ཅི། གཟུགས་ཁར་ནད་འབུབ་ཐོབ་སྟེ་ ལོ་ ལེ་ཤ་འགྱོ་བའི་ཤུལ་ལུ་ ཁམས་ཕྲན་ གི་གྱངས་ཁ་ མར་ཕབ་འགྱོ་སྟེ་ གཟུགས་ཁའི་སྟོབས་ཤུགས་ཡང་ མར་ ཕབ་གཏངམ་ལས་ སྨན་བཅོས་འབད་ མ་ཚུགས་པ་ཅིན་ གཟུགས་སྟོབས་ ཉམས་ཏེ་ ནད་གཞི་ཚབས་ཆེན་ ཨེཌསི་ལུ་ འགྱུར་དོ་ཡོདཔ་ཟེར་ དྲག་ ཊར་གྱྱིས་བཤདཔ་ཅི། ནད་འབུབ་ཐོབ་པའི་ཤུལ་ལུ་ སྨན་ བཅོས་མ་འབད་མི་གི་ གཟུགས་ཁར་ ཁྲག་ མི་ལི་ལི་ཊར་རེ་གི་ནང་ ནད་ འབུབ་ ས་ཡ་ལས་ལྷག་སྟེ་ཡོདཔ་ཨིན་ རུང་ སྨན་བཅོས་འབད་བ་ཅིན་ ནད་ འབུབ་ཀྱི་གྱངས་ཁ་ མར་ཕབ་གཏང་ ཚུགསཔ་ལས་ གཟུགས་སྟོབས་ཡར་ འཕར་ འགྱོ་ཚུགས་པའི་ཁེ་ཕན་ཡོདཔ་ ཨིན་པས། སྨན་བཟའ་ནི་འགོ་མ་བཙུགས་པའི་ཧེ་ མ་དང་ སྨན་གཞན་མ་བསྟེན་པའི་ཧེ་མ་ ཁྲག་བརྟག་ཞིབ་ཚར་ལེ་ཤ་ཅིག་འབད་ དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིན་པས། ཁྲག་ནང་ལུ་ ནད་འབུབ་དང་ ཁམས་ ཕྲན་སི་དྲི་ཕཱོར་བརྟག་ཞིབ་འདི་གིས་ ནད་འབུབ་ཀྱི་སྔོན་སྐྱེད་དེ་ཚུ་ ཧ་གོ་ ཚུགས་དོ་ཡོདཔ་མས། གསོ་པའི་སྙན་ཞུ་དང་འཁྲིལཝ་ད་ ནད་ གཞི་ ཨེཆི་ཨའེ་བི་ བརྟག་དཔྱད་ འབད་བའི་སྐབས་ མི་གྲངས་༥༢༨ ཉེན་སྲུང་མེད་པའི་ ལུས་འབྲེལ་ལུ་ བརྟེན་ཏེ་ཐོབ་ཡོདཔ་ད་ ལྷག་ལུས་ཚུ་ ཨའི་ལས་ ཨ་ལུ་ལུ་ འབོ་ཡོད་པའི་ ངོས་འཛིན་ འབྱུང་ཡོདཔ་ ཨིན་པས། ནད་གཞི་ཐོབ་མི་ སྐྱེས་ལོ་༣༠ ལས་ ༣༩ གི་བར་ན་ཨིན་མི་དེ་ མཐོ་ཤོས་ཕོ་ སྐྱེས་༧༢ དང་ ཨམ་སྲུ་༡༡༦ གི་བར་ ན་ ཨིནམ་ལས་ ལོ་ཚད་ཆུང་ཀུའི་སྡེ་ ཚན་ནང་ལུ་ ཨམ་སྲུ་གཞོནམ་ཚུ་ལུ་ ནད་གཞི་དེ་མངམ་ཐོབ་ཡོདཔ་ཨིན་ པའི་ ངོས་འཛིན་འབྱུང་ནུག། འབྲུག་ལུ་སྤྱི་ལོ་༡༩༩༣ ལས་ ད་ལྟོ་ ཚུན་ཚོད་ཀྱི་བར་ན་ ནད་གཞི་ཨེཆི་ཨའེ་ བི་ཐོབ་མི་ ཕོ་སྐྱེས་༢༩༤ དང་ ཨམ་ སྲུ་༢༧༦ ཐོ་བཀོད་འབད་ཡོད་པའི་ གྲལ་ལས་ ཨ་ལུ་༣༥ དེ་བརྩིཝ་ད་ ཡོངས་བསྡོམས་༥༧༠ ངོས་འཛིན་ འབད་ཡོདཔ་ཨིན་པས། འཛམ་གླིང་སྤྱི་ཚོགས་ཡུ་ཨེན་ཨེཌསི་ གིས་ འབྲུག་ལུ་ ནད་གཞི་ཨེཆི་ཨའེ་ བི་ཐོབ་མི་གྱངས་ཁ་༡,༡༠༠ དེ་ཅིག་ ལུ་ ལྷོད་ཡོད་པའི་ཕོ་ཚོད་དཔག་ཡོདཔ་ ལས་ དྲག་ཊར་རྟ་མགྲིན་རྡོ་རྗེ་གིས་ མི་ མང་ཤོས་ཀྱིས་ ནད་གཞི་དེ་ ཐོབ་སྟེ་ ཡོདཔ་ ཧ་གོ་མ་ཚུགས་པས་ཟེར་ བཤདཔ་ཨིན་པས། བརྡ་བརྒྱུདཔ་དང་གཅིག་ཁར་ ནད་ གཞི་ཨེཆི་ཨའེ་བི་དང་འབྲེལ་བའི་ གནད་དོན་ཐོག་ལུ་ གོ་བ་བརྡ་སྤྲོད་ སྤེལ་ནིའི་ སྦྱོང་བརྡར་ཉིནམ་གཉིས་ འདི་ ལྷག་བསམ་གྱྱིས་ ཐྱིམ་ཕུག་ལུ་ འགོ་འདྲེན་འཐབ་ཡོདཔ་ཨིན། རྒྱལ་སྤྱི་ནང་ སྤྱི་ལོ་༢༠༣༠ ལས་ ནད་གཞི་འཐོབ་མི་འདི་ དཀོན་དྲགས་ བཟོ་ནི་གི་ དམིགས་གཏད་འགྲུབ་ ཐབས་ལུ་ གསོ་བའི་ལྷན་ཁག་དང་ འབྲེལ་བ་ཡོད་པའི་ལས་སྡེ་ཚུ་གིས་ སྲིད་བྱུས་དང་ཐབས་རིག་ཚུ་ལུ་ བརྩོན་ཤུགས་བསྐྱེད་དོ་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.