འབྲུག་དང་ བང་ལ་དེཤ་གི་བར་ན་ གན་རྒྱ་ ཆ་འཇོག་གྲུབ་ཡོདཔ།

Bhutan Times - - Home - ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༦ པའི་ སྤྱི་ཚེས་༢༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ད་ལྟོ་ ཚོགས་པའི་བསྒང་ཡོད་པའི་ སྤྱི་ ཚོགས་ནང་ གྲོས་བསྡུར་འབད་ ཞིནམ་ལས་ འབྲུག་དང་ བང་ལ་ དེཤ་གི་བར་ན་ འབབ་ཁུངས་ཐོག་གི་ ཁྲལ་རིགས་ལས་བརྟེན་པའི་ ཁྲལ་ གཉིས་བརྩེགས་ མི་འགྱོ་ནིའི་ཐབས་ དང་ དངུལ་ཁུང་ཟུར་ཐབས་ལས་ སྔོན་འགོག་དོན་ལུ་ གན་རྒྱ་གུ་ མཚན་རྟགས་བཀོད་ཡོད་མི་འདི་ ཆ་ འཇོག་གྲུབ་གནང་ཡི། གན་རྒྱ་འདི་ཡང་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ངོ་སྤྲོད་གསལ་ ཞུ་ ཕུལ་བའི་ཤུལ་ལུ་ ཚོགས་ཁང་ གིས་ རྒྱབ་སྣོན་ཆ་འཇོག་གྲུབ་ཡོདཔ་ ཨིན། གན་རྒྱ་གི་ དམིགས་ཡུལ་གཙོ་བོ་ རང་ ས་མཚམས་ནང་ལས་ཕར་ འབྱུངས་ཡོད་མི་ ཁྲལ་གཉིས་ བརྩེགས་ མར་ཕབ་འབད་ནི་དང་ བསལ་ནི་ ཚོང་འབྲེལ་ཡར་འཕར་ གཏང་ནི་དང་ རྒྱལ་ཁབ་གཉིས་ཀྱི་ བར་ན་ མཐུན་ལམ་སྒྲིང་སྒྲིང་བཟོ་ནིའི་ དོན་ལུ་ཨིན་པས། གན་རྒྱ་བསྐྱར་ཞིབ་འདི་ ཕྱི་འབྲེལ་ ལས་དོན་ ཚོགས་ཆུང་ལུ་ བསྐྱར་ ཞིབ་འབད་དེ་ གསུང་གྲོས་གནང་ནི་ གི་དོན་ལུ་ ཕུལཝ་དང་འབྲེལ་ ཚོགས་ཁང་གིས་ ཚོགས་ཆུང་གི་ བཀོད་ཡོད་མི་ བསམ་འཆར་དང་ ཚ་ གྱང་གུ་ གསུང་གྲོས་གནང་ཐོག་ འཐུས་མི་ག་ར་གིས་ རྒྱབ་སྐྱོར་ཕུལ་ ཏེ་ རྒྱབ་སྣོན་ཆ་འཇོག་གྲུབ་ཡོདཔ་ ཨིན། གན་རྒྱ་དེ་ ཆ་འཇོག་མ་འབད་བའི་ཧེ་ མ་ རྒྱལ་ཡོངས་ཚོགས་སྡེའི་ ཕྱི་ འབྲེལ་ལས་དོན་ ཚོགས་ཆུང་གི་ ཁྲི་ འཛིན་ བཀྲིས་སྒང་གི་ འཐུས་མི་ ལྷ་ ཀྲུ་གིས་ གན་རྒྱའི་ ཕན་ཁྱད་དང་ རྒྱབ་ཁུངས་ཀྱི་ ཁ་གསལ་ཚུ་ ཚོགས་དམང་ལུ་ གསལ་ཞུ་འབད་ ཞིནམ་ལས་ ཚོགས་ཁང་ནང་ སྤྱི་ ཚོགས་ཀྱི་ འཐུས་མི་ དག་པ་ཅིག་ གིས་ དངུལ་རྩིས་ བློན་པོ་ལུ་ གན་ རྒྱ་དང་འབྲེ་བའི་ དྲི་བཀོད་ཡང་འབད་ ཡོདཔ་ཨིན། ཁྱད་ལྡན་གྱྱི་འཐུས་མི་ ཀརྨ་ ཚེ་རིང་ གིས་ གན་རྒྱ་དེ་ལས་བརྟེན་ ཕན་ ཐོགས་སྦོམ་ཡོད་རུང་ དེ་དང་འབྲེལ་ བའི་ གནོད་པ་གནོད་པ་ཡང་ ག་ཅི་ རང་ཡོད་ག་ ཟེར་བའི་ལན་ལུ་ དངུལ་རྩིས་བློན་པོ་གིས་ གན་རྒྱ་དེ་ ལས་བརྟེན་ཕན་པ་ མངམ་ཡོདཔ་མ་ གཏོགས་ གནོད་པ་ཟེར་རུང་ ད་རེས་ ནངས་པ་ རྒྱལ་གཉིས་ཀྱི་བར་ན་ འབྲེལ་བ་འཐབ་བཞིན་དུ་ཡོད་མི་ མང་ཆེ་ཤོས་རང་ སློབ་དཔོན་དང་ དྲུང་འཚོ་ བཟོ་སྐྲུན་ མཁའ་འགྲུལ་ གྱྱི་ ཞབས་ཏོག་ཚུ་ནང་ཨིནམ་ལས་ རྒྱལ་ཁབ་ཨིན་རུང་ཁྲལ་མ་ཐོབ་ཟེལ་ ཞུ་ཡི། དེ་མ་ཚད་ དངུལ་རྩིས་བློན་པོ་གིས་ གན་རྒྱ་ལས་བརྟེན་ རྒྱལཁབ་ནང་ བང་ལ་དེཤ་ལས་ ཚོང་འབྲེལ་འཐབ་ མི་ སའུ་ཊེག་བུ་ཊཱན་ཟེར་མི་ བརྡ་ དོན་འཕྲུལ་རིག་གི་ ལས་སྡེ་རྐྱངམ་ ཅིག་ཡོདཔ་ལས་ ཁྲལ་དགོངས་ ཡངས་གཏང་པ་ཅིན་ གན་རྒྱ་དེ་དང་ འབྲེལ་བའི་ ཞབས་ཏོག་ལག་ལེན་ འཐབ་མིའི་ གྱངས་ཁ་ཡང་ ཡར་ འཕར་འགྱོ་འོང་ཟེར་ ཚོགས་དམང་ ལུ་ ཞུ་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.