ནེ་པཱལ་ལུ་ ཚོགས་ཡོད་པའི་ བིམསི་ཊེཀ་ ཞལ་འཛོམས་ ཐེངས་བཞི་པ་དེ་ མཇུག་བསྡུ་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༨ པའི་ སྤྱི་ཚེས་༣༠ ལས་ ཉིན་གྲངས་ གཉིས་ཀྱི་ རིང་ལུ་ ནེ་པཱལ་ལུ་ ཚོགས་ ཡོད་མི་ བིམསི་ཊེཀ་ ཞལ་ འཛོམས་ ཐེངས་བཞི་པ་དེ་ སྤྱི་ ཚེས་༣༡ ལུ་ མཇུག་བསྡུ་ ཡོདཔ་ཨིན། འབྲུག་རྒྱལ་ཁབ་ཀྱི་ མཐུས་ མི་ཚུ་ གནས་སྐབས་གཞུང་གི་ གྲྲོས་དཔོན་སྤྱི་ཁྱབ་ ཁྲིམས་ སྤྱི་བློན་པོ་ ཚེ་རིང་དབང་ཕྱུག་ གིས་ དབུ་ཁྲིད་ཐོག་ལས་ བིམསི་ཊེཀ་གི་ཞལ་འཛོམས་ ཐེངས་༤པའི་ནང་ གྲལ་ཁར་ གཏོགས་ཡོདཔ་ཨིན་པས། ནེ་པཱལ་གྱི་རྒྱལ་ས་ ཀཱཐ་མཱན་ ཌུ་ལུ་ ཚོགས་ཡོད་པའི་ བིམ་ སི་ཊེག་ ཞལ་འཛོམས་དེ་ཡང་ འཕྲུལ་རིག་དང་ དཔལ་འབྱོར་ མཉམ་འབྲེལ་མཐུན་ཚོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་གི་ དབུ་ཁྲིད་ཞལ་འཛོམས་ཅིག་ ཨིན་པས། ཞལ་འཛོམས་དེ་ནང་ ལུང་ ཕྱོགས་རྒྱལ་ཁབ་ འབྲུག་དང་ རྒྱ་གར་ བང་ལ་དེཤ་དང་ནེ་ པཱལ་ མ་ཡན་མར་དང་ཤྲྱི་ལངྐ་ དེ་ལས་ མཐའ་ཡས་ལེན་ རྒྱལ་ཁབ་ཁག་གི་ དབུ་ཁྲིད་ ཚུ་གིས་ བཅའ་མར་ གཏོགསཔ་ཨིན་པས། གནས་སྐབས་གཞུང་གི་གྲྲོས་ དཔོན་སྤྱི་ཁྱབ་དང་ ནེ་པཱལ་གྱི་ བློན་ཆེན་ ཁཱད་ག་པར་སཱད་ ཤར་མ་ཨོ་ལི་གཉིས་ མཇལ་ ཕྲད་ཐོག་ལས་ རྒྱལ་ཁབ་ཕན་ ཚུན་གཉིས་ལུ་ཕན་པའི་ གནད་དོན་ཚུ་གི་སྐོར་ལས་ གསུང་གྲྲོས་གནང་ཡོདཔ་ཨིན་ པས། དེ་མ་ཚད་ གྲྲོས་དཔོན་སྤྱི་ཁྱབ་ ཀྱི་ རྒྱ་ཁར་གྱི་ བློན་ཆེན་དང་ མ་ཡན་མར་རྒྱལཁ་བ་ཀྱི་ སྲིད་འཛིན་གཅིག་ཁར་ རྒྱལཁ་བ་ལུ་ ཕན་པའི་གནད་ དོན་ཚུ་གི་ སྐོར་ལས་ གསུངས་གྲྲོས་ཚུ་ཡང་གནང་ ནུག། བིམསི་ཊེཀ་ འགོ་ཐོག་དེ་ སྤྱི་ ལོ་༡༩༩༧ ལུ་ མཐའ་ཡས་ ལེན་ཀྱི་ གསལ་བསྒྲགས་ འབདཝ་བཞིན་དུ་ ལུང་ཕྱོགས་ རྒྱལ་ཁབ་ མཉམ་འབྲེལ་ མཐུན་ཚོགས་ འགོ་བཙིགས་ ཡོདཔ་ཨིན་པས། སྤྱི་ལོ་༢༠༠༤ ལུ་ འབྲུག་ རྒྱལ་ཁབ་ཡང་ བིམསི་ཊེཀ་ ནང་འཛུལ་བཞུགས་འབད་ ཡོདཔ་ཨིན་པས། གནས་སྐབས་གཞུང་གི་ གྲྲོས་ དཔོན་སྤྱི་ཁྱབ་དང་ འབྲུག་གི་ མཐུས་ཚུ་ལོག་ རྒྱལ་ཁབ་ནང་ སྤྱི་ཟླ་༩ པའི་ ཚེས་༡ ལུ་ ལྷོད་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.