མི་སེར་སོང་ཕྲག་ལས་བཅད་དེ་ ལྷན་ཐབས་ ས་གོ་བརྒྱུད་དེ་ འགྲེམ་ཐོག་ཚོགས་རྒྱན་ བསྐྱུར་དོ་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༩ པའི་ ཚེས་༧ ལས་ ཉིན་གྲངས་གསུམ་ གྱི་རིང་ལུ་ མི་ སེར་སྟོང་ཕྲག་ལས་བཅད་དེ་ ངོས་ འཛིན་འབད་ཡོད་པའི་ ལྷན་ཐབས་ ས་གོ་བརྒྱུད་དེ་ གཙག་འཐུ་གསུམ་ པའི་ རྒྱལ་ཡོངས་ཚོགས་འདུའི་ དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་ བསྐྱུར་ཡོདཔ་ཨིན། ལྷན་ཐབས་ས་གོ་འདི་ཡང་ ཉིནམ་ གསུམ་གྱི་རིང་ལུ་ དྲོ་པ་ཆུ་ཚོད་༩ ལས་ ཕྱི་རུ་ཚུ་ཚོད་༧ ཚུན་ཚོད་ སྒོ་ ཕྱི་ཡོདཔ་ད་ ད་རིས་ མཇུག་བསྡུ་ ནི་ཨིན་པས། རྒྱལ་ཁབ་ནང་ལུ་ ཚོགས་རྒྱན་ བསྐྱུར་མི་ འབུམ་བཞི་དང་ སྟོང་ ཕྲག་༣༨ ལྷགཔ་ཅིག་ ཐོ་བཀོད་ འབད་ཡོད་ས་ལས་ འབུམ་གཅིག་ ལྷགཔ་ཅིག་གིས་ ལྷན་ཐབས་ཀྱི་ ས་གོ་བརྒྱུད་དེ་ འགྲེམ་ཐོག་ཚོགས་ རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ དེ་ཡོདཔ་ཨིན་པས། རྒྱལ་ཁབ་ནང་འཁོད་ལུ་ འགྲེམ་ ཐོག་ཚོགས་རྒྱན་གྱི་ ལྷན་ཐབས་ས་ གོ་༦༥ ངོས་འཛིན་འབད་ཡོད་ས་ ལས་ ས་གོ་མཐོ་ཤོས་ར་ ཐྱིམ་ ཕུག་ལུ་ ས་གོ་༡༢ ཡོད་ས་ལུ་ མི་ སྟོང་ཕྲག་༣༥ ལྷགཔ་ཅིག་གིས་ ལྷན་ཐབས་ས་གོ་བརྒྱུད་དེ་ འགྲེམ་ ཐོག་ཚོགས་རྒྱན་བཙུགས་ནི་ཨིན་ པས། ཞབས་ཐོག་དེ་ཡང་ མི་སེར་ཚུ་ རྫོང་ ཁག་ག་ཏེ་ཡོད་རུང་ རང་སོའི་ ཚོགས་རྒྱན་ས་ཁོངས་ནང་ འགྱོ་མ་ དགོ་པར་ འགྲེམ་ཐོག་ཚོགས་རྒྱན་ བསྐྱུར་ཐོག་ལས་ ཞབས་ཏོག་ལེན་ ཚུགས་ནིའི་དོན་ལུ་ བཙག་འཐུ་ ལྷན་ཚོགས་ཀྱིས་ དུས་ཅི་ལས་ འགོ་བཙུགས་ཡོདཔ་ཨིན་པས། དེ་མ་ཚད་ བཙོན་པ་དང་ དབང་པོ་ སྐྱོན་ཅན་ཚུ་གི་དོན་ལུ་ཡང་ མཐུན་ རྐྱེན་ཚུ་ གཞི་བཙུགས་འབད་དེ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ ནིའི་ གོ་སྐབས་གཞི་བཙུགས་ འབད་དེ་འདུག། གཙག་འཐུ་གསུམ་པའི་ རྒྱལ་ ཡོངས་ཚོགས་འདུའི་ འགོ་ཐོག་ གཙག་འཐུའི་ ཚོགས་རྒྱན་དེ་ སྤྱི་ ཟླ་༩ པའི་ སྤྱི་ཚེས་༡༥ ལུ་ འགོ་ འདྲེན་འཐབ་ནི་ ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.