ནག་ཚོང་དང་འབྲེལ་བའི་ གནད་དོན་ནང་ མི་ཚུ་འཛིན་བཟུང་འབད་ཡོདཔ།

ལྷག་པ་ཚེ་རིང་།

Bhutan Times - - Adverts -

༉ སྤྱི་ཟླ་༡༠ པའི་ཚེས་༨ ལུ་ དགེ་ འདུ་རྒྱལ་གཞུང་འབྲུག་གི་འགག་ སྡེ་གིས་ ཕོ་སྐྱེས་༣ ལས་ དངུལ་ ཀྲམ་ ས་ཡ་༥.༢༥ དང་ རུ་པི་ ༡༩༥,༠༠༠ འཕྱོག་བཟུང་འབད་ ནུག།

དེ་ཡང་ དགེ་འདུ་ལུ་ སྣུམ་འཁོར་ ཞིབ་དཔྱད་འབད་བའི་སྐབས་ ཕོ་ སྐྱེས་༢ ཀྱིས་ སྣུམ་འཁོར་རྒྱབ་ ཁའི་ གདན་འོག་ལུ་ བེག་ གནགཔོ་ཅིག་ནང་ ཏི་རུ་གཡིབ་སྟེ་ བཞག་ཡོདཔ་མཐོང་ནུག།

དེ་ཡང་ སྐྱབས་ཆ་སྒང་ཁ་ལས་ སྐྱེས་ལོ་༢༦ ལང་མི་དང་ ཧཱ་སྦྱིས་ རྒེད་འོག་ གཅན་པ་ལས་ སྐྱེས་ལོ་ ༣༠ ལང་མི་ ཕོ་སྐྱེས་༢ ཀྱིས་ གསེར་དེ་ རྒྱ་གར་ལུ་ བཙོང་ཡོདཔ་ ཨིན་པས།

དེ་མ་ཚད་ སྨྱོ་རྫས་ཊི་ཨེཆ་སི་ཟེར་ མི་ ལག་ལེན་འཐབ་ཡོད་པའི་ཁར་ སྨྱོ་རྫས་ཧ་ཤིཤ་ ག་རམ་༡༡.༡༢ ཡང་ འབག་སྟེ་ཡོདཔ་ད་ ཕོ་སྐྱེས་ གཞན་མི་དེ་ སྣུམ་འཁོར་པར་ཊོའི་ དེད་གཡོགཔ་ཨིན་པས།

ཞིབ་དཔྱད་དང་ ལྟ་རྟོག་འབད་ནི་ ཡར་སེང་འབད་ཡོད་མི་འདི་ཡང་ བརྡ་བརྒྱུད་ཚུ་ནང་ གསལ་ བསྒྲགས་འབད་ཡོདཔ་བཞིན་དུ་ འཕྲལ་མགྱོགས་ར་ འགོ་འདྲེན་ འཐབ་ནི་ཨིན་མི་ སྤྱི་ཚོགས་ གསུམ་པའི་ རྒྱལ་ཡོངས་ཚོགས་ འདུ་ བཙག་འཐུའི་སྐབས་ མི་མང་ ཡོངས་ཀྱི་ ཉེན་སྲུང་ལུ་དམིགས་ཏེ་ དམ་དམ་འབད་དོ་ཡོདཔ་ཨིན་ པས།

དེ་བཟུམ་སྦེ་ སྤྱི་ཟླ་༡༠ པའི་ ཚེས་ ༧ ལུ་ སྤུ་ན་ཁ་ ཤེལ་རྔ་ནང་ལས་ སྐྱེས་ལོ་༤༩ གླ་འཁོར་དེད་ གཡོགཔ་ ཚེ་རིང་གིས་ དངུལ་ ཀྲམ་༣༠༠,༠༠༠ དང་ རྒྱ་ནག་གི་ ཏི་རུ་ ཡུ་ཝཱན་༣༠,༠༠༠ ཡོད་མི་ བེག་གནགཔོ་༡ ཁོ་རའི་ ཁླ་འཁོར་ ནང་ ལུས་ཡོདཔ་མཐོངམ་ལས་ ཐིམ་ཕུ་རྒྱལ་གཞུང་འབྲུག་གི་ འགག་སྡེ་ལུ་ རྩིས་སྤྲོད་འབད་ ཡོདཔ་ཨིན་པས།

ཚེ་རིང་གིས་ རྒྱལ་གཞུང་འགག་ སྡེ་ལུ་ བཤད་དོ་བཟུམ་འབད་བ་ ཅིན་ སྤྱི་ཟླ་༡༠ པའི་ ཚེས་༦ གི་ ཕྱི་རུ་ཁམས་ཅིག་ཁར་ འབྲུག་པའི་ ཕོ་སྐྱེས་ཅིག་ ཁ་ས་གྲབ་ཅུ་ལས་ ལྕང་ཟམ་ཏོག་ལུ་ བསྐྱལ་བའི་ ཤུལ་ལས་ ཐིམ་ཕུ་ཁྲོམ་ཁར་ ལྷོད་ དེ་བལྟཝ་ད་ གླ་འཁོར་ནང་ བེག་༡ ལུས་ཡོདཔ་སྦེ་ མཐོང་ཅི་ཟེར་ཨིན་ པས།

དོ་རུང་ སྤྱི་ཟླ་༡༠ པའི་ ཚེས་༡༠ ལུ་ ཕུན་ཚོགས་གླིང་གི་ ཁྲིམས་ སྲུང་འགག་པ་གིས་ རིན་ཆེན་ སྡིངས་ ཞིབ་དཔྱད་སྒོ་ར་ལས་ སྤུ་ ན་ཁ་སྟོད་ཝང་རྒེད་འོག་ བསམ་ སྡིངས་ཁ་ལས་ སྐྱོས་ལོ་༤༨ ལང་ མི་ ཕོ་སྐྱེས་ཅིག་ འཛིན་བཟུང་ འབད་ནུག།

དེ་ཡང་ ཁོ་གིས་ ཚུལ་མིན་གི་སྒོ་ ལས་ ག་རམ་༤.༥ འབད་མི་ དོམ་མཁྲིས་འབག་མི་ལུ་བརྟེན་ ཨིནམ་མ་ཚད་ ཕོ་སྐྱེས་དེ་ འཛིན་ བཟུང་འབདཝ་ད་ ཁོ་ལས་ དངུལ་ ཀྲམ་༡༩༩,༥༠༠ ཐོབ་ཡོདཔ་ཨིན་ པས།

ཕོ་སྐྱེས་དེ་ དུས་རྒྱུན་གི་ ཞིབ་ དཔྱད་རྐྱབ་པའི་སྐབས་ འཛིན་ བཟུང་འབད་ཡོདཔ་ད་ ཁྲིམས་སྲུང་ འགག་པ་གིས་ སྣུམ་འཁོར་དེ་ བཙན་བཟུང་འབད་དེ་ བཞག་ ཡོདཔ་མ་ཚད་ དངུལ་རྐྱང་གི་ འབྱུང་ཁུངས་ངོས་འཛིན་གི་དོན་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ ཨིན་པས།

དོགས་པ་ཅན་ ཕོ་སྐྱེས་དེ་ སྤྱི་ལོ་ ༢༠༡༧ ཟླ་༧ པའི་ནང་ རྒྱལ་ འགྲན་གི་ རྩོད་དོན་ནང་ བཙོན་ ཁྲིམས་ཟླཝ་༡ ཕོག་ཡོད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.