འབྲུག་མཉམ་རུབ་ཚོགས་པ་གིས་ སྤྱི་ཚོགས་གསུམ་པའི་གཞུང་སྐྱོང་ནི་ཨིནམ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ འབྲུག་མཉམ་རུབ་ཚོགས་པ་ གིས་ འདེམས་ངོ་༣༠ རྒྱལ་ཁ་ཐོབ་ ཡོདཔ་ལས་ གནས་ཡུན་གསུམ་ པའི་ གཞུང་འཛིན་ཚོགས་པ་སྦེ་ བཙག་འཐུ་གྲུབ་ཡོདཔ་དང་ འབྲུག་ ཕུན་སུམ་ཚོགས་པ་གིས་ འདེམས་ ཁྲི་༡༧ ཐོབ་སྟེ་ ལྡོག་ཕྱོགས་ཚོགས་ པ་མཛད་ནི་ཨིན་པས།

དེ་ཡང་ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༡༩ ལུ་ འབྲུག་གི་གཙག་འཐུ་ལྷན་ ཚོགས་ཀྱི་ ཡིག་ཚང་ལྟེ་བའི་ནང་ གནས་ཚུལ་ཞལ་འཛོམས་འཚོགས་ པའི་སྐབས་ ལྷན་ཚོགས་ཀྱིས་ གསལ་བསྒྲགས་འབད་ཡི།

སྤྱི་ཟླ་༡༠ པའི་ སྤྱི་ཚེས་༡༨ ལུ་ སྤྱིར་ གཏང་བཙག་འཐུའི་ནང་ འབྲུག་ མཉམ་རུབ་ཚོགས་པ་གི་ འདེམས་ ངོ་༣༠ གྱིས་ རྒྱལ་ཁ་ཐོབ་ཡོད་མི་ འདི་ བརྒྱ་ཆ་༦༣.༨ ཨིནམ་ད་ འབྲུག་ཕུན་གསུམ་ཚོགས་པ་གིས་ འདེམས་ངོ་༡༧ རྒྱལ་ཁ་ཐོབ་ཡོད་མི་ འདི་ བརྒྱ་ཆ་༣༦.༢ ཨིན་པས།

ལྷན་ཚོགས་ཀྱི་ སྤྱིར་བཏང་བཙག་ འཐུའི་སྐབས་ རྩོད་རྙོགས་༢༡ ཐོབ་ ཡོད་མི་ལས་༡༤ མི་སྡེ་བརྡ་བརྒྱུད་ དང་འབྲེལ་བའི་ རྩོད་དོན་དེ་ཚུ་ག་ར་ དུས་ཚོད་ཁར་ སེལ་ཡི་ཟེར་ ལྷན་ ཚོགས་ཀྱིས་བཤདཔ་ཨིན་པས།

ཨིན་རུང་ རྩོད་རྙོགས་༧ འདི་ གཞི་ ཁུངས་མེད་པར་ ཆ་མེད་བཏང་

ཡོདཔ་མ་ཚད་༤ སྐུལ་བསྒྲགས་ མེད་པའི་ དུས་ཡུན་ཆུ་ཚོད་༤༨ ནང་ ཐོབ་ཅི་ཟེར་ཨིནམ་ད་ བརྡ་བརྒྱུད་ འདུམ་འགྲིག་ཡིག་ཚང་གིས་ མི་སྡེ་ བརྡ་བརྒྱུད་དང་འབྲེལ་བའི་ ཉོགས་ བཤད་༩ ཐོབ་ཡོད་མི་ལས་༨ ཞིབ་ དཔྱད་འབད་དེ་ ལྷན་ཚོགས་ལུ་ བཏང་པའི་ཤུལ་ལས་༡ ཕྱིར་འབུད་ བཏང་ཡོདཔ་ཨིན་པས།

དེ་མ་ཚད་ འདེམས་ཁོངས་༤༧ གེ་ ར་ནང་ མི་སྡེའི་ བརྡ་བརྒྱུད་ལྟ་རྟོག་ འབད་མི་༢༠ གིས་ མི་སྡེའི་བརྡ་ བརྒྱུད་ ཝི་ཅཊ་དང་འབྲེལ་བའི་ རྩོད་ རྙོགས་ཁག་༡༨༩ ལྟ་རྟོག་འབད་ ཡོདཔ་ཨིན་པས།

དེ་མ་ཚད་ འགྲེམ་ཐོག་ཚོགས་རྒྱན་

བསྡོམས་༧༩༧ ཆ་མེད་བཏང་ དགོཔ་བྱུང་མི་དེ་ བརྒྱ་ཆ་༡ དེ་ཅིག་ ཨིན་ཟེར་་ ལྷན་འཛིན་སྤྱི་ཁྱབ་ ཆོས་ རྒྱལ་ཟླ་སྒོ་རིག་འཛིན་གྱིས་ བཤད་ ཅི། འགོ་ཐོག་བཙག་འཐུའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་ ༢,༠༡༩ ཆ་མེད་བཏང་དགོཔ་བྱུང་ ཡོདཔ་ཨིན་པས།

སྥྱི་ཁྱབ་ཀྱིས་འབད་བ་ཅིན་ འགྲེམ་ ཐོག་ཚོགས་རྒྱན་ ཆ་མེད་བཏང་དགོ་ མི་འདི་ཡང་ ཤོག་གུ་སྟོངམ་དང་ ཨང་རྟགས་ལ་སོགས་པའི་ ངོས་ འཛིན་འབད་ཚུགས་པའི་ ངོ་རྟགས་ ཚུ་ ག་ནི་ཡང་མེད་མི་ལུ་ གཞི་ བཞག་སྟེ་ ཆ་མེད་བཏང་ཡོདཔ་མ་ གཏོགས་ ལམ་ལུགས་དམ་དམ་ སྦེ་ལག་ལེན་འཐབ་སྟེ་ ཆ་མེད་མ་

བཏང་ཟེར་ཨིན་པས།

བཙག་འཐུ་གྲུབ་མི་ འདེམས་ངོ་༤༧ ལས་༧ ཨམ་སྲུ་ཨིན་མི་དེ་ ད་ཚུན་ གྱི་བར་ན་ རྒྱལ་ཡོངས་ཚོགས་ འདུའི་དོན་ལུ་ བཙག་འཐུ་གྲུབ་མི་ གངས་ཁ་མཐོ་ཤོས་ཨིན་པས།

བཙག་འཐུ་གྲུབ་ཡོད་པའི་ འདེམས་ ངོ་༤༧ ལས་༡ ལུ་ མཁས་དབང་གི་ ཤེས་ཚད་དང་༢༦ ལུ་ མཐོ་རིམ་ གོང་མའི་ཤེས་ཚད་ དེ་ལས་ འདེམས་ངོ་༢༠ འདི་ མཐོ་རིམ་ ཤེས་ཚད་ཡོདཔ་ཧིན་པས། ལོ་ཚད་ ལས་བཅད་བ་ཅིན་ སྐྱེས་ལོ་ཉེར་ གྲངས་ནང་འབད་མི་༡ དང་ སྐྱེས་ ལོ་སོ་གྲངས་ནང་འབད་མི་༡༤ སྐྱེས་ལོ་ ང་གྲངས་ནང་འབད་མི་༡༣ དེ་ལས་ སྐྱེས་ལོ་ རེ་གྲངས་ནང་

འབད་མི་༢ ཡོདཔ་ཨིན་པས།

ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་ མི་ ཡོངས་བསྡོམས་༤༣༨,༦༦༣ ཡོད་མི་ནང་ལས་ ཚོགས་རྒྱན་སྐྱུར་ མི་ བསྡོམས་༣༡༣,༤༧༣ འོང་ ཡོད་མི་འདི་ བརྒྱ་ཆ་༧༡.༤༦ ཨིན་ པས།

དེ་ཡང་ ཚོགས་རྒྱན་སྐྱུར་བ་འོང་མི་ ཡོངས་བསྡོམས་ལས་༡༩༩,༥༥༣ གྱིས་ ཚོགས་རྒྱན་ས་ཁོངས་༨༦༥ ནང་ལུ་ མི་ངོམ་སྦེ་འགྱོ་སྟེ་ ཚོགས་ རྒྱན་འཕྲུལ་ཆས་ཐོག་ བཙུགས་ཏེ་ ཡོདཔ་དང་ ཚོགས་རྒྱན་༡༡༣,༩༢༠ འགྲེམ་ཐོག་རྒྱན་ཤོག་ཐོག་ བཙུགས་ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.