ཚོགས་དཔོན་དང་ ཚོགས་དཔོན་འོགམ་བཙག་འཐུ་འབད་ནི་ཨིནམ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ འབྲུག་མཉམ་རུབ་ཚོགས་པ་ གིས་ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༣༡ ལུ་ སྤྱི་ཚོགས་༣ པའི་ རྒྱལ་ཡོངས་ ཚོགས་འདུའི་ ཚོགས་དཔོན་དང་ ཚོགས་དཔོན་འོགམ་ བཙག་འཐུ་ འབད་ནི་ཨིན་པས། དེ་ཡང་ བཙག་འཐུ་གྲུབ་ཡོད་མི་ སྤྱི་ ཚོགས་ཀྱི་ འཐུས་མི་ཚུ་ གི་དྲོ་པ་ ཆུ་ཚོད་༡༠ ལུ་ རྒྱལ་ཡོངས་ཚོགས་ ཁང་ནང་ འཚོགས་ཞིནམ་ལས་ ཚོགས་དཔོན་གོང་འོག་༢ བཙག་ འཐུ་འབད་ནི་ཨིན་རུང་ རྒྱལ་ ཡོངས་ཚོགས་འདུའི་ ཚོགས་ བཞུགས་དེ་ ལྷན་རྒྱས་གཞུང་ ཚོགས་ གཞི་བཙུགས་ཀྱི་ ཤུལ་ ལས་རྐྱངམ་ཅིག་འཚོགས་ནི་ཨིན་ པས། རྒྱལ་ཡོངས་ཚོགས་འདུའི་ བྱ་བའི་ གནད་སྤྱོད་ནང་ འཐུས་མི་ཅིག་ གིས་ ཚོགས་དཔོན་གྱི་ གོ་གནས་ དོན་ལུ་ གདམ་ངོའི་གྲོས་འཆར་ ཅིག་ ཚོགས་ཁང་ནང་ ཕུལ་མི་དེ་ ལུ་ འཐུས་མི་གཞན་གྱིས་ རྒྱབ་ སྐྱོར་འབད་དགོ་པའི་ཁར་ གདམ་ངོ་ དེ་གིས་ཡང་ ཚོགས་དཔོན་འབད་ནི་ ལུ་ བློ་འདོད་ཡོད་མེད་ཀྱི་ ཞུ་བ་ ཕུལ་དགོཔ་ཨིན་པས། འབྲུག་མཉམ་རུབ་ཚོགས་པ་གིས་ གནས་ཚུལ་གསར་བཏོན་འབད་མི་ ནང་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ ཚན་༡༧ པའི་ དགོངས་དོན་དང་ འཁྲིལ་ཏེ་ འབྲུག་མཉམ་རུབ་ ཚོགས་པའི་ བཀོད་ཁྱབ་ཚོགས་ ཆུང་ནང་ བློན་ཆེན་གྱི་ མི་ངོམ་ གདམ་འཐུ་འབདཝ་ད་ ཚོགས་པའི་ གཙོ་འཛིན་ ཌོག་ཊར་བློ་གྲོས་ཚེ་རིང་ དེ་ གདམ་འཐུ་གྲུབ་ཡོདཔ་ཨིན་ པས། རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༧ པའི་ དོན་ཚན་དང་པའི་ནང་ འབྲུག་ རྒྱལ་པོ་མཆོག་གིས་ རྒྱལ་ཡོངས་ ཚོགས་འདུའི་ནང་ འདེམས་ཁྲི་མང་ ཤོས་ཐོབ་མི་ ཚོགས་པའི་འགོ་ ཁྲིདཔ་དང་ ཡང་ཅིན་ དེའི་གདམ་ངོ་ ལུ་ བློན་ཆེན་གྱི་ བདག་རྐྱེན་གནང་ ནི་ཨིན་ཟེར་ འཁོད་དེ་ཡོདཔ་ཨིན་ པས། དེ་ལས་ བློན་པོའི་གདམ་ངོ་ཚུ་ བློན་ ཆེན་གྱིས་ གདམ་འཐུ་འབད་ནིའི་ ཁྱད་དབང་ཡོདཔ་བཞིན་དུ་ རྩ་ ཁྲིམས་ཆེན་མོའི་ རྩ་ཚན་༡༧ པའི་ དོན་ཚན་༣ པ་དང་འཁྲིལ་ཏེ་ བློན་ ཆེན་གྱིས་ འབྲུག་རྒྱལ་པོ་མཆོག་ ལས་ བདག་རྐྱེན་ཞུ་བའི་ཤུལ་ལུ་ བློན་པོའི་གདམ་ངོ་ཚུ་ གདམ་འཐུ་ འབད་དེ་ འབྲུག་རྒྱལ་པོ་མཆོག་ལུ་ ཕུལ་ནི་ཨིན་པས། རྩ་ཚན་༡༧ པའི་ དོན་ཚན་༣ པའི་ དགོངས་དོན་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ ཡོངས་ཚོགས་འདུའི་ འཐུས་མིའི་ གས་ལས་ བློན་ཆེན་གྱི་ གྲོས་ འདེབས་ཐོག་ལུ་ བློན་པོ་ཚུ་ བསྐོ་ བཞག་གནང་ནི་དང་ ཡང་ཅིན་ བློན་ ཆེན་གྱི་ གྲོས་འབུལ་ཐོག་ལུ་ བློན་ པོའི་གོ་གནས་ལས་ གཏོན་གཏང་ ནི་ཨིན་ཟེར་ འཁོད་དེ་འདུག། སྤྱི་ཟླ་༡༠ པའི་ སྤྱི་ཚེས་༢༢ ལུ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ ཀྱིས་ རྒྱལ་ཡོངས་ཚོགས་འདུའི་ སྤྱིར་བཏང་བཙག་འཐུ་ནང་ བཙག་ འཐུ་གྲུབ་མི་ འདེམས་ངོ་ ཚུ་ལུ་ བཙག་འཐུ་གྲུབ་་ལག་ཁྱེར་གནང་ ནུག། དེ་མ་ཚད་ སྤྱིར་བཏང་བཙག་འཐུ་ དང་འབྲེལ་བའི་ གནད་དོན་ཚུ་ མཐོ་གཏུགས་འབད་ནི་དོན་ལུ་ དུས་ ཡུན་དེ་ སྤྱི་ཟླ་༡༡ པའི་ སྤྱི་ཚེས་༦ ལུ་ མཇུག་བསྡུ་ནི་ཨིན་པས། འབྲུག་གི་རྩ་ཁྲིམས་ཆེན་མོའི་ རྩ་ ཚན་༡༩ པའི་རྩ་དོན་༡ པའི་ དགོངས་དོན་དང་འཁྲིལཝ་ད་ འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ ཡོངས་ཚོགས་འདུ་ ནམ་ཞིག་རྩ་ འགྲོལ་སོང་བའི་སྐབས་ལུ་ བཙག་ འཐུ་ལྷན་ཚོགས་ཀྱིས་ རང་མོས་ དང་རྣམ་དག་གི་ བཙག་འཐུ་འབད་ ཚུགས་པའི་དོན་ལུ་ ཉིན་གངས་༩༠ ལས་ མ་འདས་པའི་དུས་ཡུན་ཅིག་ ནང་ འཛིན་སྐྱོང་འཐབ་མི་ གནས་ སྐབས་ཀྱི་ གཞུང་ཅིག་ བསྐོ་ བཞག་གནང་དགོ་ཟེར་འཁོད་དེ་ ཡོདཔ་བཞིན་དུ་ འབྲུག་རྒྱལ་པོ་ མཆོག་གིས་ སྤྱི་ཟླ་༨ པའི་ཚེས་༩ ལུ་ བཀའ་ཤོག་གནང་ཐོག་ལས་ གནས་སྐབས་ཀྱི་ གཞུང་༢ པའི་ དོན་ལུ་ གྲོས་དཔོན་སྤྱི་ཁྱབ་དང་ གྲོས་དཔོན་ཚུ་ བསྐོ་བཞག་གནང་ ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.