ཞུ་གཏུགས་དུས་ཡུན་ཚང་ཞིནམ་ལས་ གཞུང་གི་ཕྱག་འགན་འགོ་བཙུགས་ནི་ཨིནམ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༡༠ པའི་ སྤྱི་ཚེས་༢༩ ལུ་ གནས་སྐབས་ཀྱི་གཞུང་ རྩ་གྲོལ་ སོང་ཡོདཔ་ཨིན་རུང་ བཙག་འཐུ་ དང་འབྲེལ་བའི་ རྩོད་རྙོགས་ཀྱི་ ཞུ་ གཏུགས་དུས་ཡུན་ མ་ཚང་མི་ལུ་ བརྟེན་ གཞུང་གསར་པའི་ ཕྱག་ འགན་འགོ་བཙུགས་མ་ཚུགསཔ་ ཨིན་པས།

དལ་གཞི་ གནས་སྐབས་ཀྱི་ གཞུང་ རྩ་གྲོལ་བའི་ཤུལ་ལས་ གཞུང་ གསརཔ་གི་ ཕྱག་འགན་འགོ་ བཙུགས་དགོཔ་ཨིན་རུང་ ཉིན་ གངས་༡༠ གྱི་རིང་ བཙག་འཐུ་དང་ འབྲེལ་བའི་ རྩོད་རྙོགས་སྐོར་ ཞུ་ གཏུགས་འབད་ནིའི་ དུས་ཡུན་དེ་ སྤྱི་ ཟླ་༡༡ པའི་ སྤྱི་ཚེས་༦ ལུ་ རྐྱངམ་ ཅིག་ཚང་ནི་ཨིན་པས།

གནས་སྐབས་ཀྱི་གཞུང་ རྩ་གྲོལ་ སོང་ཡོད་མི་དང་བསྟུན་ཏེ་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ ཚོགས་པའི་གཙོ་འཛིན་ ཌོག་ཊར་བློ་ གྲོས་ཚེ་རིང་དེ་ འབྲུག་གི་བློན་ཆེན་ སྦེ་ བསྐོ་བཞག་གི་བཀའ་ཤོག་ གནང་ཡོད་རུང་ གཞུང་གསརཔ་གི་ འགན་ཁུར་འདི་ ཞུ་གཏུགས་དུས་ ཡུན་ ཚང་ཞིནམ་ལས་རྐྱངམ་ཅིག་ འགོ་བཙུགས་ནི་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ གནས་ཚུལ་ཞལ་འཛོམས་ནང་ བརྡ་ བརྒྱུད་མགྲིན་ཚབ་ ཌོག་ཊར་རྟ་ མགྲིན་རྡོ་རྗེ་གིས་ བཤད་དོ་བཟུམ་ འབད་བ་ཅིན་ གནད་དོན་དེ་ལུ་ བརྟེན་ཏེ་ ལྷན་རྒྱས་གཞུང་ཚོགས་ ཀྱི་བློན་པོ་ཚུ་ བསྐོ་བཞག་འབད་ ནིའི་མིང་ཐོ་འདི་ སྤྱི་ཟླ་༡༠ པའི་ སྤྱི་ ཚེས་༣༠ དང་ ཡང་ན༣༡ ལུ་ གསལ་བསྒྲགས་འབད་དགོཔ་ཨིན་ རུང་ འཕྲོ་འཐུད་ལཱ་འབད་ནིའི་ དུས་ ཚོད་ཡོདཔ་ལས་ གསལ་བསྒྲགས་ འབད་མ་ཚུགས་ཟེར་ཡོདཔ་ཨིན།

ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ ཚུ་ བསྐོ་བཞག་འབད་ནིའི་མིང་ཐོ་ འདི་ཡང་ སྤྱི་ཟླ་༡༡ པའི་ སྤྱི་ཚེས་༣ ལུ་ བློན་ཆེན་ཌོག་ཊར་བློ་གྲོས་ཚེ་ རིང་གིས་ གདམ་འཐུ་འབད་དགོ་ པའི་ གནད་དོན་དང་བཅསཔ་སྦེ་ གཞུང་འབྲེལ་དུ་ གསལ་བསྒྲགས་ འབད་ཡོདཔ་ཨིན།

དེ་འབདཝ་ལས་ སྤྱི་ཟླ་༡༡ པའི་ སྤྱི་ ཚེས་༧ བློན་ཆེན་དང་ བྲོན་པོ་ལྷན་ རྒྱས་ཚུ་ མི་དབང་མངའ་བདག་རིན་ པོ་ཆེ་མཆོག་ལས་ བདག་རྐྱེན་ཞུ་ ཞིནམ་ལས་ གཞུང་གི་ཕྱག་འགན་ དེ་ འགོ་བཙུགས་འོང་ཟེར་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་གིས་བཤད་ཡོདཔ་ ཨིན།

ཁོ་གིས་ཡབད་བ་ཅིན་ ཚོགས་པའི་ བཀོད་ཁྱབ་ཞལ་འཛོམས་ནང་ བློན་ པོ་གོ་གནས་ཀྱི་མིང་ཐོ་ཚུ་ གྲོས་ བསྟུན་འབད་ཐོག་ལས་ ལུང་ཕྱོགས་ ཀྱི་དབྱེ་བ་མ་ཕྱེ་བར་ འོས་འབབ་ དང་ལྡན་མི་ ཉམས་མྱོང་ཡོད་པའི་ འདེམས་ངོ་ཚུ་ ཐོ་བཀོད་འབད་ཡོད་ ཟེར་བཤད་ཡོདཔ་ཨིན།

དེ་མ་ཚད་ གནས་སྐབས་གཞུང་ གིས་ མི་དབང་མངའ་བདག་རིན་པོ་ ཆེ་མཆོག་ལུ་ གྲོས་འདེབས་ཕུལ་མི་ ཚུ་ གཞུང་གསརཔ་གི་ཁ་ཐུག་ལས་ ངོས་ལེན་འབད་དེ་ ལཱ་འབད་ནིའི་ འཆར་གཞི་ཡོད་ཟེར་ བཤད་ཅི།

གནས་སྐབས་གཞུང་གིས་ གཞུང་ གི་དྲུང་ཆེན་ཚུ་ལུ་ གཞུང་གསརཔ་ ལུ་ རྒྱབ་སྐྱོར་འཕྲོ་མཐུད་འབད་དགོ་ པའི་ བཀའ་གནང་ཡོད་མི་འདི་ལུ་ དགའ་ཚོར་ཡོད་ཟེར་ མགྲིན་ཚབ་ ཀྱིས་བཤད་ཅི།

ཌོག་ཊར་རྟ་མགྲིན་རྡོ་རྗེ་གིས་འབད་ བ་ཅིན་ ཁ་དར་གྱི་ལས་རིམ་འདི་ ཡང་ མི་དམངས་སྟབས་བདེ་ནི་དང་ ཚོགས་པའི་རྒྱབ་སྐྱོར་པ་ རྫོང་ཁག་ གཞན་ཁ་ལས་ འགྲོ་འགྲུལ་འབད་ མི་ཚུ་གི་དོན་ལུ་ བློན་ཆེན་དང་ བློན་ པོ་ དེ་ལས་ གཞུང་སྐྱོང་གི་ ཆེ་བསྟོད་ ཅན་གྱི་འཐུས་མི་ཚུ་ སྤྱི་ཟླ་༡༡ པའི་ སྤྱི་ སྤྱི་ཚེས་༧ འགོ་འདྲེན་འཐབ་ནི་ ཨིན་ཟེར་བཤད་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.