རྒྱ་གར་གྱི་ཕྱིར་ཚོང་པ་ཚུ་གིས་ ཨ་ལན་ཅིའི་ཚོང་འབྲེལ་ནང་ གཡོ་སྒྱུར་འབད་དོ་ཡོདཔ།

Business Bhutan - - Nation -

༉ ས་མཚམས་ཁྲོམ་སྡེ་ནང་ལས་ཕར་ ཚུལ་མིན་ཐོག་ལས་ ཕྱིར་ཚོང་འབད་ མི་ཚུ་ལས་བརྟེན་ དངུལ་ཐོག་ ཨ་ ལན་ཅིའི་ཚོང་འབྲེལ་འཐབ་མི་ འབྲུག་ པའི་སོ་ནམ་པ་ཚུ་གིས་ གོང་ཚད་ ལེགས་ཤོམ་འཐོབ་མི་ཚུགས་དོ་ ཡོདཔ་ཨིན་པས།

དེ་ཡང་ རྒྱ་གར་གྱི་ཚོང་འབྲེལ་པ་ ཚུ་གིས་ འབྲུག་པའི་ཚོང་བསྒྱུར་འཐབ་ མི་ཚུ་དང་གཅིག་ཁར་ ཚུལ་མིན་གྱི་ ཚོང་འབྲེལ་འབད་མི་ལུ་བརྟེན་ འབྲུག་ པའི་ཚོང་འབྲེལ་འཐབ་མི་ཚུ་ ཚོང་ འབྲེལ་ལེགས་ཤོམ་འབད་མ་ཚུགས་ པའི་ དཀའ་ངལ་ཐོན་ཏེ་ཡོདཔ་ཨིན་ པས།

འབྲུག་པའི་ཚོང་འབྲེལ་པ་ཚུ་ གིས་ བྱང་རྒྱ་གར་གྱི་མི་སེར་ཚུ་ བཟུམ་སྦེ་མེན་པར་ ཐད་ཁར་དུ་ བང་ ལ་དེཤ་ལུ་ ཚོང་འབྲེལ་འབད་དོ་ཡོད་ རུང་ འབྲུག་པའི་ཚོང་འབྲེལ་པ་ལ་ལོ་ དང་གཅིག་ཁར་ མཐུན་ལམ་བཟོ་ ཐོག་ལས་ སི་ལི་གུ་རི་ལས་འབག་ འོང་མི་ ཨ་ལན་ཅི་སྤུས་ཚད་སྐྱོ་དྲག་ ཡོད་མི་ཚུ་ཉོ་སྟེ་ བཙོང་དོ་ཡོདཔ་ཨིན་ པས།

རྒྱ་གར་གྱི་ཚོང་འབྲེལ་པ་ཚུ་གིས་ སི་ལི་གུ་རི་ལས་འབག་འོང་མི་ཚུ་ བསྲེ་སྟེ་བཙོང་མི་ཚུ་བསམ་རྩེ ་གི་ཉེ་ འདབས་ལུ་ཡོད་མི་ ས་གནས་ ཇིད་ཏི་ ལས་སྦེ་ འབྲུག་ལུ་འབག་འོང་དོ་ ཡོདཔ་ཨིན་པས།

དེ་གི་ཤུལ་ལས་ ཕུན་ཚོགས་ གླིང་ལུ་འབག་འོང་སྟེ་ ལོག་སྟེ་བང་ལ་ དེཤ་ལུ་ སྒམ་བཟོ་སྟེ་ ཚོང་འབྲེལ་ འཐབ་དོ་ཡོདཔ་ད་ ཚོང་འབྲེལ་པ་ཚུ་ གིས་ སྤུས་ཚད་སྐྱོ་དྲག་ཡོད་མི་ཚུ་ སྒམ་བཟོ་བའི་ཤུལ་ལས་ གོང་ཚད་དེ་ ཡང་ དེ་གི་གོང་ཚད་བཟོ་སྟེ་ འབྲུག་མི་ ཚུ་གིས་བཙོང་པའི་སྐབས་ དེ་གི་གོང་ ཚད་རྐྱངམ་ཅིག་ བྱིན་དོ་ཡོདཔ་ཨིན་ པས།

ང་བཅས་ཀྱི་ཨ་ལན་ཅི་ཚུ་ སྤུས་ ཚད་ལེགས་ཤོམ་ཡོདཔ་ལས་ གོང་ ཚད་དེ་བ་མངམ་འཐོབ་ནི་ཨིན་རུང་ གོང་ཚད་འཐོབ་མི་ཚུགས་པས་ཟེར་ འབྲུག་པའི་ཕྱིར་བཙོང་འབད་མི་ སེངྒེ་ དབང་འདུས་ཀྱིས་བཤད་ཅི།

ཁོ་གིས་སླབ་མིའི་ནང་ འབྲུག་ པའི་ཕྱིར་ཚོང་འཐབ་མི་ཚུ་གིས་ ཨ་ ལན་ཅིའི་གོང་ཚད་ག་དེམ་ཅིག་ འཐོབ་ནི་ཨིན་ན་ བཟོ་མི་ཚུགས་པས་ ཟེར་ཨིན་པས།

རྒྱ་གར་ལས་ཐོན་མི་ ཨ་ལན་ཅི་ ཚུ་ བང་ལ་དེཤ་ལུ་བཙོང་པའི་སྐབས་ ཁྲལ་བརྒྱ་ཆ་ལས་བརྒྱ་སྦེ་ བཏབ་ དགོ་ནི་དེ་གིས་ ཕྱིར་ཚོང་འཐབ་མི་ཚུ་ གིས་ སྤུས་ཚད་སྐྱོ་དྲག་ཡོད་མི་ཚུ་ འབྲུག་ལུ་འབག་འོང་དོ་ཡོདཔ་ཨིན་ པས།

རྒྱ་གར་གྱི་ཕྱིར་ཚོང་འབད་མི་ཚུ་ གིས་ གོང་ཚད་ཕབ་སེང་བཟོ་ནིའི་ནང་ བརྒྱུད་བསྐུལ་འབད་དོ་ཡོདཔ་ལས་ དེ་ གིས་ འབྲུག་པའི་སོ་ནམ་པ་ཚུ་ལུ་ རྒུད་སྦོམ་ཡོདཔ་ཨིན་པས།

ད་རེས་འབད་བ་ཅིན་ ཨ་ལན་ཅི་ ཀེ་ཇི་རེ་ལུ་ དངུལ་ཀྲམ་༤༥༠ ལུ་ མར་བབས་སོང་སྟེ་ཡོད་རུང་ འབྲུག་ པའི་ཕྱིར་ཚོང་འཐབ་མི་ཚུ་གིས་ ཉོགས་བཤད་བཀོད་པའི་ཤུལ་ལས་ ༥༥༠ ལུ་ ཡར་སེང་འབད་ཡོདཔ་ ཨིན་རུང་ ད་རུང་ མར་བབས་སོང་ ཡོདཔ་ཨིན་པས།

དེ་མ་ཚད་ རྒྱ་གར་གྱི་ཕྱིར་ཚོང་ འབད་མི་ཚུ་གིས་ འབྲུག་པའི་ཕྱིར་ཚོང་ འཐབ་མི་ཚུ་ལས་ གོང་ཚད་མཐོ་སུ་སྦེ་ སྤྲོད་དོ་ཡོད་རུང་ འཇལ་མི་འཕྲུལ་ཆས་ ནང་ གཡོ་སྒྱུས་འབད་དོ་ཡོདཔ་ཨིན་ པས།

དེ་བཟུམ་མའི་ཚོང་འབྲེལ་འབད་ མི་དེ་ ལེགས་ཤོམ་མེནམ་ལས་ རྒྱ་ གར་ལས་ཐོན་མི་ ཨ་ལན་ཅི་ཚུ་ བཀག་ཆ་འབད་དགོཔ་འདུག་ཟེར་ ཨིནམ་ད་ དེ་མིན་ འབྲུག་པའི་ཨ་ལན་ ཅི་ཚུ་ སྤུས་ཚད་ལེགས་ཤོམ་ཡོདཔ་ ལས་ གོང་ཚད་ལེགས་ཤོམ་འཐོབ་ ཚུགས་ནི་མས་ཟེར་ཨིན་པས།

སེངྒེ་དབང་འདུས་ཀྱིས་སླབ་མིའི་ ནང་ ཨ་ལན་ཅི་མཁོ་མངགས་འབད་ མི་ ལེགས་ཤོམ་ཡོདཔ་ལས་ གོང་ ཚད་ལེགས་ཤོམ་འཐོབ་ཚུགས་ནི་ མས་ཟེར་ཨིནམ་ད་ གཞན་མི་ འབྲུག་ པའི་ཕྱིར་ཚོང་འཐབ་མི་གིས་སླབ་མིའི་ ནང་ དེ་བཟུམ་མའི་ ཚོང་འབྲེལ་འཐབ་ མི་དེ་ ཡོངས་གྲགས་ཡོད་རུང་ དྲནམ་ བཏོན་ཐོག་ལས་འབད་དོ་ཡོདཔ་ལས་ མཛུབ་མོ་དཔག་སྟེ་སླབ་ནི་ལུ་ ལཱ་ ཁག་འདུག་ཟེར་ཨིན་པས།

ག་གིས་ཡང་ ཚོང་འབྲེལ་དེ་ བཟུམ་འབད་མིའི་སྐོར་ལས་ ཤེས་ རུང་ ག་གིས་ཡང་ ག་ནི་ཡང་ འབད་ ནི་མིན་འདུག་ཟེར་ཨིནམ་ད་ གྲུབ་བྱེད་ མེདཔ་སྦེ་ ང་གིས་སླབ་ཚུགས་ཟེར་ གཞན་མི་ཕྱིར་ཚོང་པ་ བསོད་ནམས་ སྟོབས་རྒྱས་ཀྱིས་བཤད་ཅི།

ཁོ་གིས་ ཟླཝ་ཅིག་དེ་ཅིག་ ཕྱིར་ ཚོང་འབད་མ་ཚུགས་པར་ལུས་ཡོདཔ་ ད་ སྤྱི་ལོ་༢༠༡༦ ལུ་ ཁོ་ལུ་གྱོང་རྒུད་ དངུལ་ཀྲམ་ས་ཡ་༥ དེ་ཅིག་ ཕོག་ ཡོདཔ་ཨིན་པས།

ཕྱིར་ཚོང་འབད་མི་ཚུ་གིས་སླབ་ མིའི་ནང་ རྒྱ་གར་གྱི་ཕྱིར་ཚོང་པ་ཚུ་ དང་གཅིག་ཁར་ འབྲུག་པའི་ས་ ཁོངས་ནང་ ཚོང་འབྲེལ་གྱི་དོ་འགྲན་ འབད་ནི་ལུ་ཡང་ ལཱ་ཁག་ཅན་ཅིག་ལུ་ འགྱུར་ཏེ་ཡོད་ཟེར་ཨིནམ་ལས་ ཚོང་ འབྲེལ་དེ་ དབུས་ཕྱོགས་རྒྱལ་ཁབ་ དང་གཞན་རྒྱལ་ཁབ་ཚུ་ནང་ ཚོང་ འབྲེལ་འཐབ་ནིའི་ འཆར་གཞི་ཚུ་ འབད་དོ་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ རྒྱལ་ ཁབ་གཞན་ཚུ་ནང་ མཁོ་འདོད་ ལེགས་ཤོམ་ཡོདཔ་ལས་ ད་ལྟོ་འབད་ བ་ཅིན་ ཚོང་འབྲེལ་དེ་ ཁོང་ལུ་ ཁེ་ ཕན་ཡོདཔ་ལས་ འབྲུག་པའི་ཕྱིར་ཚོང་ འཐབ་མི་ཚུ་ སྟོནམ་བལྟ་སྡོད་ནི་ རྐྱངམ་ཅིག་ཨིན་མས་ཟེར་བཤད་ཅི།

དེ་མ་ཚད་ བང་ལ་དེཤ་གི་ཕྱིར་ ཚོང་པ་དག་པ་ཅིག་གིས་ཡང་ འབྲུག་ པའི་ཚོང་འབྲེལ་ནང་ བཅའ་མར་ གཏོགས་ཡོདཔ་ལས་ ཁོང་ཚུ་གིས་ ཡང་ བང་ལ་དེཤ་ལུ་ ཐད་ཁར་ལུ་ བཀྲམ་སྤེལ་འབད་དོ་ཡོདཔ་ལས་ ཕྱིར་ཚོང་འབད་ནི་ལུ་ དོ་འགྲན་ཅན་ ཅིག་ལུ་ འགྱོ་ཡོདཔ་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ ཁོ་བཟུམ་མའི་ འོས་ འབབ་ཅན་གྱི་ ཕྱིར་ཚོང་འཐབ་མི་ཚུ་ ལུ་ ལཱ་མིན་འདུག་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.