ཕུན་ཚོགས་གླིང་འདེམས་ཀྱི་མི་ཚུ་གིས་ གཞུང་གསརཔ་ལས་ རེ་བ་སྦོམ་བསྐྱེད་དོ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ འདེམས་ཁོངས་སྦོམ་ཤོས་ཅིག་ ཨིན་མི་ ཕུན་ཚོགས་གླིང་འདེམས་ ཁོངས་ཀྱི་ ཚོགས་རྒྱན་བཙུགས་མི་ཚུ་ འདས་པའི་གོང་འཕེལ་གྱི་ལས་སྣ་ཚུ་ ལུ་ སེམས་མ་དགའ་བར་ཡོདཔ་ད་ ཁྲོམ་སྡེ་དང་རྒེད་འོག་དྲུག་ནང་ ཐོག་ བཀོད་འབད་མི་ ཁྱད་ཚད་ལྡན་མི་ ༡༠,༧༣༧ གྱིས་ གཞུང་གསརཔ་ ལས་ རེ་བ་སྦོམ་བསྐྱེད་དོ་ཡོདཔ་ཨིན་ པས།

རེ་བ་ཚུའི་གྲས་ལས་སོ་ནམ་ཞིང་ ལམ་དང་སྨན་ཁང་རྒྱ་བསྐྱེད་འབད་ནི་ ཞིང་ཆུ་དང་སོ་ནམ་གྱི་ལཱ་ལོག་སྟེ་ འགོ་བཙུགས་ནིའི་རིགས་ཚུ་ ཚོགས་ རྒྱན་བཙུགས་མི་ཚུ་གིས་ རེ་བ་སྦོམ་ ཡོདཔ་ཨིན་པས།

ཨིན་རུང་ ཚོགས་རྒྱན་བཙུགས་ མི་མང་ཤོས་ར་ ཁྲོམ་ཁར་ཡོདཔ་ལས་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཁོང་ གི་རེ་འདོད་འགྲུབ་ཚུགས་མི་ཅིག་ གདམ་ཁ་རྐྱབ་ནིའི་ ཁས་བླངས་ འབད་ཡོདཔ་ཨིན་པས།

གཡུས་ཚན་ཚུ་ནང་ གཞི་རྟེན་ མཐུན་རྐྱེན་ཚུ་ མང་སུ་མཁོ་འདོད་ ཡོདཔ་ཨིན་རུང་ གནམ་བྱཱར་ལུ་ སོ་ ནམ་ཞིང་ལམ་ཚུ་བསུབས་ཏེ་ གཞན་ གཡུས་ཚན་ཚུ་དང་ འབྲེལ་བ་འཐབ་ མ་ཚུགསཔ་ ཐལ་དོ་ཡོདཔ་ལས་ ཞིང་ ལམ་ཚུ་ ཨ་རྟག་ར་ སྤྱོད་བཏུབ་ནིའི་ དོན་ལུ་ རྩི་ནག་གཏང་པ་ཅིན་དྲག་ནི་ མས་ཟེར་ སླབ་དོ་ཡོདཔ་ཨིན་པས།

ང་བཅས་ཀྱིས་ གཞུང་ལས་མཁོ་ འདོད་སྦོམ་ འབད་ནི་མེདཔ་ལས་ རེ་ བ་བསྐྱེད་མི་མཐུན་རྐྱེན་དེ་ཚུ་ གཞི་རྟེན་ གྱི་མཐུན་རྐྱེན་ཨིནམ་ལས་ གཞུང་ གསརཔ་འོངམ་ད་ དེ་ཅིག་འབད་ནིའི་ རེ་བ་ཡོད་ཟེར་ སི་རི་ན་ལས་ཨིན་མི་ བུར་ བོཇ་ རའི་གིས་སླབ་ཨིན་པས།

བུར་ བོཇ་རའི་གིས་བཤད་མིའི་ ནང་ ཕུན་ཚོགས་གླིང་ལས་ གཞི་རྟེན་ གསོ་བའི་སྨན་ཁང་ཚུན་ ཌོག་ཊར་དང་ གཅིག་ཁར་ ནདཔ་བསྐྱལ་འདྲེན་ འདབ་མི་སྣུམ་འཁོར་གྱིས་ དུས་ཡུན་ ཆུ་ཚོད་བཞི་ལྷགཔ་རེ་ འགྱོ་དགོ་པས་ ཟེར་ཨིན་པས།

ད་རེས་ གཡུས་མི་ཚུ་གིས་ གསོ་བའི་ཞབས་ཏོག་ཚུ་ གསོ་བའི་ རྒྱ་བསྐྱེད་ཁང་མིག་ནང་ལས་ ལེན་དོ་ ཡོདཔ་ད་ གཞི་རྟེན་གསོ་བའི་སྨན་ཁང་ ཅིག་ཡོད་པ་ཅིན་ དུས་ཚོད་ལེན་ཏེ་ ཕུན་ཚོགས་གླིང་སྤྱིར་བཏང་སྨན་ཁང་ ཚུན་ འགྱོ་དགོཔ་མིན་འདུག་ཟེར་ཨིན་ པས།

གནམ་བྱཱར་ ཆརཔ་རྐྱབ་པའི་ སྐབས་ ལམ་ཚུ་བསུབས་དོ་ཡོདཔ་ ལས་ དཀའ་ངལ་ཚུ་ཐོན་དོ་ཡོདཔ་ ལས་ གཞི་རྟེན་གསོ་བའི་སྨན་ཁང་དེ་ རྒེད་འོག་ག་རའི་ནང་ དགོཔ་འདུག་ ཟེར་ཨིན་པས།

དེ་ལས་ འཐུང་ཆུ་དང་ཞིང་ཆུ་ཡང་ འདེམས་ཁོངས་ཀྱི་ གཡུས་ཚན་ག་ རའི་ནང་ འཐོབ་དགོ་པའི་ རེ་བ་བསྐྱེད་ དོ་ཡོདཔ་ད་ མི་ཚུ་གིས་ འཐུང་ཆུ་ཚུ་ འདས་པའི་གཞུང་གིས་བྱིན་ཏེ་ཡོད་ རུང་ མང་ཤོས་ར་ མེདཔ་ཐལ་ཏེ་ཡོད་ པའི་ཁར་ ལ་ལོ་ནང་ ཆུའི་རྐ་ར་སྐམ་ ཡོདཔ་ལས་ ཆུའི་དཀའ་ངལ་ཚུ་ ད་ ལྟོ་ཡང་ཡོད་ཟེར་ཨིན་པས།

ལོག་ཅི་ནང་གཡུས་ཚན་དེ་ འཐུང་ཆུའི་དཀའ་ངལ་ ཚབས་ཆེན་སྦེ་ ར་ཡོད་མི་ཅིག་ཨིན་ད་ ཧར་ཀ་བྷ་དུར་ མོང་གར་གྱིས་སླབ་མིའི་ནང་ གཞུང་ གསརཔ་གིས་ སོ་ནམ་ཞིང་ལམ་དང་ སོ་ནམ་ཐོན་བསྐྱེད་ལོག་འགོ་ཙུགས་ནི་ དེ་ལས་ ཁྲོམ་སྡེ་གོང་འཕེལ་འབད་ནི་ ལ་སོགས་པ་ཚུ་ འབད་ནིའི་ རེ་བ་ ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འདེམས་ ངོ་གཉིས་ཆ་ར་གིས་ དཀའ་ངལ་དེ་ཚུ་ བསལ་ནི་ཟེར་སླབ་ཡོདཔ་ལས་ གདམ་འཐུ་འགྲུབ་པའི་ཤུལ་ལས་ ག་ ཅི་འབད་འོང་ག་ བལྟ་དགོ་པས་ཟེར་ ཨིན་པས།

དེ་མ་ཚད་ སོ་ནམ་གྱི་ལཱ་ལུ་ བརྟེན་སྡོད་མི་ མི་སེར་ཚུ་གིས་ གཞུང་ གིས་ དངུལ་ཐོག་ ཨ་ལན་ཅི་ལ་ སོགས་པ་ ཤི་ནིའི་དཀའ་ངལ་ཐོན་མི་ དེ་ཡང་ ལོག་སྟེ་ལེགས་བཅོས་འབད་ ནིའི་ རེ་བ་བསྐྱེད་དོ་ཡོདཔ་ད་ ཨ་ལན་ ཅི་དང་ས་སྒ་ དེ་ལས་ ཚལ་ལུ་ཚུ་ འདེམས་ཁོངས་དེ་ནང་ དངུལ་ཐོག་ གཙོ་བོ་ཨིན་པས།

ཨིན་རུང་ ཚལ་ལུ་ཤིང་ཚུ་ཤི་ནི་ དེ་གིས་ སོ་ནམ་པ་ཚུ་དཔལ་འབྱོར་གྱི་ འོང་འབབ་བཟོ་མ་ཚུགས་པའི་ དཀའ་ ངལ་སྦོམ་འབྱུང་སྟེ་ཡོདཔ་ད་ དཀའ་ ངལ་དེ་ཐོན་ཏེ་ ལོ་ངོ་བཅུ་ཕྲག་ཡང་ ལང་དོ་ཡོདཔ་ཨིན་པས།

གཞུང་གསརཔ་གིས་ སོ་ནམ་གྱི་ ལཱ་དང་དངུལ་ཐོག་དེ་ཚུ་ ཐབས་ཤེས་ བཏོན་ཏེ་ ལོག་འགོ་བཙུགས་པའི་ རེ་ བ་བསྐྱེད་དོ་ཟེར་ བིར་བོཇ་རའི་གིས་ བཤད་ཅི།

ཨ་ལན་ཅི་གིས་ དངུལ་གྱི་འོང་ འབབ་བཟོ་ཚུགས་ཡོད་རུང་ དེ་ཡང་ ཤི་ནི་འགོ་བཙུགས་ཡོདཔ་ལས་ མི་ ཚུ་ཚ་གང་ལང་སྟེ་ཡོདཔ་ལས་ འདེམས་ཁོངས་དེ་གི་ མི་ཚུ་གིས་ ཨ་ ལོ་གཅེས་སྐྱོང་ལྟེ་བ་དང་གོང་འཕེལ་ ལྟེ་བ་རེ་ཡང་ གཡུས་ཚན་རེ་ནང་ བཙུག་ནིའི་ རེ་བ་ཡོདཔ་ཨིན་པས།

མི་ཚུ་མང་ཤོས་ར་ ལཱ་སར་འགྱོ་ དགོཔ་ལས་ ཨ་ལོ་བཞག་ས་ཡོད་པ་ ཅིན་ ཕན་ཐོགས་ནི་མས་ཟེར་ བུར་ཀེ་ ལས་ཨིན་མི་ དིཀ་ བྷ་དུར་ ག་ལེ་ གིས་བཤད་ཅི།

དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ ཁང་གི་ ཉེ་འདབས་ལུ་ཡོད་མི་ གཡུས་མི་ཚུ་གི་དོན་ལུ་ གཞུང་གིས་ བཙོག་རླུང་ལས་བརྟེན་པའི་ བཀག་ ཐབས་ཀྱི་ ཐབས་ཤེས་བཏོན་ཏེ་ སོ་ ནམ་ལུ་གནོདཔ་བཀལ་མི་དེ་ བཀག་ ཚུགས་པའི་ རེ་བ་བསྐྱེད་དོ་ཡོདཔ་ ཨིན་པས།

བསམ་འཕེལ་གླིང་རྒེད་འོག་ ལས་ཨིན་མི་ ནན་ད་ ཀུ་མར་ ཆེ་ཏི་རི་ གིས་བཤད་མིའི་ནང་ གཞུང་གསརཔ་ གིས་ དཀའ་ངལ་དེ་ལུ་ སྒྲིག་གཞི་ གསརཔ་བཟོ་དགོཔ་ཡོད་ཟེར་ཨིནམ་ ད་ དེ་མིན་ སོ་ནམ་གྱི་ཐོན་སྐྱེད་ལུ་ གནོདཔ་ཤུགས་སྦེ་ར་ རྐྱབ་སྟེ་ཡོད་ ཟེར་ཨིན་པས།

སྤས་དཀར་ཤིང་ལུ་ ཁྲོམ་སྡེ་རྒྱ་ བསྐྱེད་འབད་ནིའི་འཆར་གཞི་ཡོད་མི་དེ་ ཡང་ ཐོག་ལུས་ཡོདཔ་ད་ ས་ཁོངས་དེ་ ནང་ཚུད་མི་ཚུ་ལུ་ ཁྲོམ་གྱི་མཐུན་རྐྱེན་ ཚུ་ མ་འཐོབ་པར་ཡོདཔ་ཨིན་པས།

ས་གནས་ནང་སྡོད་མི་ཚུ་གིས་ གཞུང་གསརཔ་འོངམ་ད་ ས་ཁོངས་ ནང་གོང་འཕེལ་གྱི་ལཱ་ཚུ་ འགོ་ བཙུགས་པའི་རེ་བ་བསྐྱེད་དོ་ཡོདཔ་ད་ མཐུན་རྐྱེན་དེ་ཚུ་ཡོད་པ་ཅིན་ གོང་ འཕེལ་མགྱོགས་པར་ འགྱོ་ནི་མས་ ཟེར་ བིམ་ ཀུ་མར་གྱིས་བཤད་ཅི།

སོ་ནམ་གྱི་མཐོན་སྐྱེད་ཚུ་ ཚོང་ བསྒྱུར་འཐབ་ནི་གིས་མ་ཚད་པར་ གཞན་ཡང་ ལོ་ཐོག་ཉེན་བཅོལ་ལ་ སོགས་པ་ཚུ་ཡང་ འབད་དགོཔ་འདུག་ ཟེར་ འདེམས་ཁོངས་དེ་ནང་སྡོད་མི་ཚུ་ གིས་ བཤད་དོ་ཡོདཔ་ད་ ཕུན་ཚོགས་ གླིང་དང་ཀོ་ཋི་ལ་ཡཱེན་ནང་སྡོད་མི་ཚུ་ གིས་ ས་མཚམས་ས་ཁོངས་ནང་ རྩིགཔ་རྐྱབ་སྟེ་ སྲུང་རྒྱབ་བཙུགས་ ནིའི་ རེ་བ་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གི་ བཀྲིས་དང་ འབྲུག་མཉམ་རུབ་ ཚོགས་པ་གི་ ཇའི་ བིར་ རའི་གཉིས་ ཀྱིས་ འདེམས་ཁོངས་དེ་ནང་ལས་ སྤྱིར་བཏང་བཙག་འཐུ་ནང་ དོ་འགྲན་ འབད་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.