རྩུབ་སྤྱོད་གདོང་ལེན་འབད་ཐབས་ལུ་ བར་སྦིས་སའི་ས་ཁོངས་དེ་ མོ་བཏབ་དོན་ལུ་ ངོས་འཛིན་འབད་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དོན་ ཚན་༩ པའི་༡༧ པའི་ནང་ མི་མང་ས་ ཁོངས་ནང་ ཨམ་སྲུ་ཚུ་ལུ་ རྩུབ་སྤྱོད་ འབད་ནི་དང་ཞག་བཙོང་འབད་ནི་ བརྡུང་རྫོབ་ བརྙས་བཅོས་ དེ་ལས་ ཕྱི་ རྒྱལ་ཁབ་ལས་ཕར་ ནག་ཚོང་འབད་ནི་ ལ་སོགས་པའི་ བྱ་ངན་ཚུ་ འབད་མ་ ཆོགཔ་སྦེ་ ཡོདཔ་ཨིན་ཨིན་པས།

དོན་ཚན་དེ་དང་འཁྲིལ་འབད་ནིའི་ དོན་ལུ་ འབྲུག་གཞུང་གིས་ རྒྱལ་ཁབ་ ནང་ རྩུབ་སྤྱོད་རྩ་མེད་བཏང་ནིའི་དོན་ ལུ་ ལཱ་ཚུ་འབད་དོ་ཡོད་པའི་ཁར་ གནད་དོན་དེའི་སྐོར་ལས་ འཛམ་གླིང་ སྤྱི་ཚོགས་ཀྱི་ ཡུན་བརྟན་གོང་འཕེལ་ འཆར་གཞི་ནང་ཡང་ ཚུད་དེ་ཡོདཔ་ ཨིན་པས།

དེ་མ་ཚད་ ཕོ་མོའི་འདྲ་མཉམ་ བཟོ་ཐབས་ལུ་ ཕོ་མོའི་ཁྱད་པར་དང་ བསྟུན་ རྩུབ་སྤྱོད་འབད་མི་མེདཔ་བཟོ་ ནིའི་དོན་ལུ་ གལ་ཆེཝ་སྦེ་མཐོང་སྟེ་ ཡོད་རུང་ འབྲུག་པའི་ཨམ་སྲུ་ཚུ་གིས་ ཉིན་བསྟར་བཞིན་དུ་ རྩུབ་སྤྱོད་ཚུ་མྱོང་ དོ་ཡོདཔ་ཨིན་པས།

ཨམ་སྲུ་ཆ་བཞག་དང་ལྕོགས་ གྲུབ་ཡར་བསྐྱེད་ལས་སྡེའི་ གནས་སྡུད་ དང་འཁྲིལཝ་ད་ རྒྱལ་ཁབ་ནང་ ལུས་ འབྲེལ་ཐོག་རྩུབ་སྤྱོད་འབད་མི་དང་ སེམས་ཁམས་ དེ་ལས་ དཔལ་འབྱོར་ ཐོག་ལས་ རྩུབ་སྤྱོད་འབད་མི་ཚུ་ རྒྱལ་ ཁབ་ནང་ ཡོངས་གྲགས་ཐལ་དོ་ཡོདཔ་ ཨིན་པས།

སྤྱི་ལོ་༢༠༠༩ ལུ་ ཐོ་བཀོད་ འབད་མི་ རྩོད་གཞི་ཁག་༢༤༣ ལས་ སྤྱི་ལོ་༢༠༡༧ ལུ་༣༨༥ ལུ་ ཡར་སེང་ སོང་ཡོད་མི་དེ་གིས་ རྒྱལ་ཁབ་ཀྱི་ ཨམ་སྲུ་ཚུ་གིས་ རྩུབ་སྤྱོད་མྱོང་དོ་ཡོད་ པའི་རྟགས་དེ་ ཡར་སེང་འགྱོ་དོ་ཡོདཔ་ ཨིན་པས།

ལུང་ཕྱོགས་རྒྱལ་ཁབ་ཚུ་ནང་ སྒྲུབ་བྱེད་བཀོད་དོ་བཟུམ་འབད་བ་ཅིན་ ཕོ་མོའི་ཁྱད་པར་ལས་བརྟེན་ རྩུབ་སྤྱོད་ ཀྱི་གནས་སྟངས་དེ་གིས་ གཞུང་དང་ མི་སྡེ་ དེ་ལས་ མི་ངོ་ཚུ་ལུ་ རྒུད་ཕོག་ དོ་ཡོད་པའི་ ཤེས་རྟོགས་འབྱུང་ཡོདཔ་ ཨིན་པས།

དཀའ་ངལ་དེ་ཚུ་ སེལ་ཐབས་ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་ རིམ་དང་ ཀོ་རི་ཡ་རང་དབང་རྒྱལ་ ཁབ་ཀྱིས་ ཕོ་མོའི་དབྱེ་བ་དང་འཁྲིལ་ རྩུབ་སྤྱོད་མྱོང་མི་དེ་ལུ་ གཙོ་རིམ་བཟུང་ ཐབས་ལུ་ རྒྱལ་སྤྱི་ལས་རིམ་ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པས།

རྒྱལ་སྤྱི་ལས་འགུལ་དེ་ནང་ མོ་ བཏབ་དོན་ལུ་ རྒྱལ་ཁབ་༧ ཚུད་དེ་ ཡོདཔ་ད་ མོ་བཏབ་ལས་རིམ་གསྱི ་ ཕོ་མོའི་དབྱེ་བ་དང་བསྟུན་ རྩུབ་སྤྱོད་ མྱོང་མིའི་དཀའ་ངལ་ སེལ་ཐབས་ འབད་ནིའི་ རེ་བ་ཡོད་པའི་ཁར་ འབྲུག་ ལུ་འབད་བ་ཅིན་ ལས་རིམ་དེ་གིས་ མི་སྡེ་ནང་སྡོད་མི་ཚུ་ཡང་ གྲལ་ གཏོགས་འབད་བཅུག་སྟེ་ དཀའ་ངལ་ དེ་ལུ་ གདོང་ལེན་འབད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

ལས་འགུལ་དེ་ནང་ གདོང་ལེན་ དེ་ལུ་ ངོས་ལེན་ག་དེ་སྦེ་ འབད་དགོཔ་ ཡོདཔ་ཨིན་ན་ཚུ་ ངོ་མ་སྦེ་ལག་ལེན་ འབད་བའི་སྐབས་ ག་དེ་སྦེ་ འབད་ དགོཔ་ཨིན་ན་ཚུ་ཡང་ བལྟ་ནི་ཨིནམ་ ད་ བཀག་ཐབས་འབད་ནིའི་ ཐབས་ བྱུས་ཚུ་སྟོན་ནི་ཨིན་པས།

འབྲུག་གི་དོན་ལུ་ གོང་འཕེལ་ འགྱོཝ་དང་གཅིག་ཁར་ མི་རིགས་མ་ འདྲཝ་ཚུ་ ལེ་ཤ་སྤུངས་འཛོམས་འབད་ སྡོད་སའི་ས་ཁོངས་ བར་སྦིས་ས་ལུ་ རྩུབ་སྤྱོད་ཀྱི་དཀའ་ངལ་ཡང་ མང་སུ་ ཐོན་དོ་ཡོདཔ་ལས་ ལས་འགུལ་དེ་གི་ དོན་ལུ་ ས་ཁོངས་དེ་ མོ་བཏབ་དོན་ལུ་ ངོས་འཛིན་འབད་ཡོདཔ་ཨིན་པས།

ས་ཁོངས་ངོས་འཛིན་འབད་མི་དེ་ ཡང་ ལས་འགུལ་ནང་ལཱ་འབད་མི་ཚུ་ གིས་ མོ་བཏབ་ཀྱི་དུས་ཡུན་སྐབས་ ལྟ་རྟོག་ལེགས་ཤོམ་འབད་ཚུགས་པའི་ ཁར་ གཅིག་ཁར་ལཱ་འབད་ནི་ལུ་ཡང་ སྟབས་བདེ་ནི་དེ་གིས་ ཨིན་པས།

མོ་བཏབ་ལས་རིམ་དེ་གིས་ ཕོ་ མོའི་བར་ན་དང་ ཨམ་སྲུ་དང་ཨ་ལོའི་ བར་ན་ རྩུབ་སྤྱོད་ཀྱི་དཀའ་ངལ་ངོ་མ་ར་ ག་ཅི་ལས་བརྟེན་ འབྱུངམ་ཨིན་ན་ གནད་དོན་གཙོ་བོ་དེ་ ཤེས་ཐབས་ལུ་ ཨིནམ་ད་ དཀའ་ངལ་དེ་ ག་དེ་སྦེ་ སེལ་ཐབས་འབད་ནི་ཨིན་ན་ཚུ་ ཐབས་ ཤེས་བཏོན་ནིའི་ དོན་ལུ་ཨིན་པས།

ཕོ་མོའི་རྩུབ་སྤྱོད་གདོང་ལེན་ འབད་ནི་དེ་ འབྲུག་གཞུང་དང་རྒྱལ་ ཡོངས་ཨམ་སྲུ་དང་ཨ་ལོའི་ལྷན་ ཚོགས་ཀྱིས་ གཙོ་རིམ་དང་པ་བྱིན་ཏེ་ ཡོདཔ་ད་ བཅའ་ཁྲིམས་དང་སྲིད་བྱུས་ ཚུ་ཡང་ བཟོ་སྟེ་ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱི་ རྒྱལ་ ཁབ་གནས་བཞུགས་ངོ་ཚབ་ གི་ རལཌ་ ད་ལེ་གིས་སླབ་མིའི་ནང་ གོང་ འཕེལ་ལུ་འགྱུར་བ་འགྱོཝ་ད་ གོང་ འཕེལ་ལག་ལེན་འཐབ་མི་ཚུ་ཡང་ བསྒྱུར་བ་འབད་དེ་ ཐབས་བྱུས་ གསརཔ་བཏོན་དགོ་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འཛམ་ གླིང་སྤྱི་ཚོགས་ཀྱིས་ གནད་དོན་དེ་ལུ་ གཙོ་རིམ་བཟུང་དོ་ཡོདཔ་ད་ མི་ག་ཡང་ དཀའ་ངལ་དེ་ནང་ མ་བཞག་པར་ བཏོན་ནིའི་ དམིགས་གཏད་ཡོད་ཟེར་ ཨིན་པས།

འཛམ་གླིང་སྤྱི་ཚོགས་ཀྱིས་ དཀའ་ངལ་དེ་ མེདཔ་བཟོ་ཐབས་ལུ་ ཁས་བླངས་ཡོད་ཟེར་ ཁོ་གིས་བཤད་ པའི་ཁར་ འཛམ་གླིང་སྤྱི་ཚོགས་ཨམ་ སྲུ་དང་འཛམ་གླིང་སྤྱི་ཚོགས་ཨ་ལོའི་ མ་དངུལ་ དེ་ལས་ འཛམ་གླིང་སྤྱི་ ཚོགས་མི་རློབས་མ་དངུལ་གསྱི ་ཡང་ རྒྱལ་ཡོངས་ཨམ་སྲུ་དང་ཨ་ལོ་ལྷན་ ཚོགས་དང་གཅིག་ཁར་ མཐུན་འབྲེལ་ ཐོག་ལས་ ལཱ་འབད་དོ་ཟེར་བཤད་ཅི།

དེ་ལས་ འཛམ་གླིང་སྤྱི་ཚོགས་ སྨྱོ་རྫས་དང་བྱ་ངན་ལྟ་མི་ཡིག་ཚང་ གིས་ཡང་ གནད་དོན་དེ་ལུ་ ཕན་ གྲགྲོ ས་འབད་དོ་ཡོདཔ་ད་ ཡིག་ཚང་དེ་ གིས་ དཀའ་ངལ་ནང་ཚུད་མི་ཚུ་ལུ་ གྲགྲོ ས་རམ་འབད་དེ་ ཅ་ཆས་ཚུ་ནང་ གྲགྲོ ས་རམ་འབད་དོ་ཡོདཔ་ཨིན་པས།

ལས་འགུལ་གསརཔ་དེ་གིས་ ཧེ་ མ་ལས་ཡོད་མི་ གཙོ་རིམ་ཚུ་བཟུང་ནི་ ཨིནམ་ད་ འཛམ་གླིང་སྤྱི་ཚོགས་གོང་ འཕེལ་ལས་རིམ་གསྱི ་ ལས་རིམ་དེ་ བཟུམ་ ཀེམ་བོ་ཌི་ཡ་དང་ཨིན་ཌོ་ནེ་ཤི་ ཡ་རྒྱལ་ཁབ་ཚུ་ནང་ མོ་བཏབ་འབད་ བའི་སྐབས་ མཐར་འཁྱོལ་ཅན་ འགྱོ་ ཡོདཔ་ཨིན་པས།

འཛམ་གླིང་སྤྱི་ཚོགས་རྒྱལ་ཁབ་ གནས་བཞུགས་ངོ་ཚབ་འོགམ་ ཞུར་ གཱིན་ ནག་ལར་གྱིས་ཀྱིས་བཤད་མའི་ ནང་ ཁོ་གིས་ འབྲུག་གི་གནས་ སྟངས་སྐོར་ལས་ ལེགས་ཤོམ་སྦེ་ ཤེས་ནི་དེ་གིས་ ལས་འགུལ་དེ་གིས་ ཨམ་སྲུ་དང་ཨ་ལོ་ དེ་ལས་ ཕོ་སྐྱེས་ ཚུ་གི་དོན་ལུ་ འགྱུར་བ་བཟོ་ཚུགས་ པའི་ ཡིད་ཆས་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ལས་ འགུལ་དེ་གིས་ འཛམ་གླིང་སྤྱི་ཚོགས་ གོང་འཕེལ་ལས་རིམ་གྱིས་ འབྲུག་ ལུ་ འཆར་གཞི་༡༢ པའི་དམིགས་ གཏད་ཡོད་མི་དང་ འབྲེལ་བ་ཡོདཔ་ སྦེ་ འབད་དེ་ཡོད་ཟེར་བཤད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.