མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ གཞུང་ལམ་ སྒོ་འབྱེད་མཛད་གནང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། - ལྷག་པ་ཚེ་རིང་།

༉ མི་དབང་མངའ་བདག་རིན་པོ་ཆེ་ མཆོག་གིས་ སྤྱི་ཟླ་༥ པའི་ སྤྱི་ཚེས་ ༡༠ ལུ་ རྒྱལ་པོ་ཞིང་དང་ ངང་ལམ་ བར་ནའི་ གཞུང་ལམ་ ཀི་ལོ་མི་ཊར་ ༧༧ འབད་མི་འདི་ གཞུང་འབྲེལ་དུ་ སྒོ་འབྱེད་མཛད་གནང་ནུག། མི་དབང་རྒྱལ་ཚབ་ འཇིགས་མེད་རྡོ་རྗེ་ དབང་ཕྱུག་མཆོག་ཡང་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་གི་ ཕྱག་ཞུ་སྟེ་ འབྱོན་ཡོདཔ་ ཨིན་མས། དེ་མ་ཚད་ བློན་ཆེན་དྲག་ཤོས་ ཚེ་རིང་སྟོབ་རྒྱས་ དང་ འབྲུག་ལུ་ རྒྱ་གར་གྱི་ གཞུང་ ཚབ་ ཇའི་དིབ་སར་ཀར་ དེ་ལས་ ཞབས་ཏོག་བློན་པོ་དང་ གཞན་མི་ སྤྱི་ ཚོགས་ཀྱི་ འཐུས་མི་ཚུ་གིས་ཡང་ གཞུང་ལམ་སྒོ་འབྱེད་གནང་ས་ལུ་ གྲལ་བཞུགས་གནང་ཡོདཔ་ཨིན་པས། དེ་མ་ཚད་ མོང་སྒར་རྫོང་ཁག་གི་ མི་ སེར་ཚུ་ ཕུན་ཚོགས་གླིང་ལུ་འགྱོཝ་ད་ ངང་ལམ་བརྒྱུད་དེ་ རྒྱུན་འགྲུལ་འཐབ་ ཚུགས་ནི་ཨིནམ་ལས་ བསམ་གྲུབ་ ལྗོངས་མཁར་བརྒྱུད་དེ་ འགྱོ་མི་དགོ་ནི་ ཨིན་པས། གཞུང་ལམ་སེལ་ནི་གི་ལཱ་འདི་ སྤྱི་ལོ་ ༢༠༠༦ ལུ་ འགོ་བཙུགས་ཡོད་རུང་ ས་ཆའི་གནས་སྟངས་ཚུ་ དོག་དྲགས་ ཡོད་མི་དང་ འཕྲུལ་ཆའི་ སྟབས་མ་ བདེཝ་ལས་བརྟེན་ གཞུང་ལམ་ སེལ་ ཚར་ནི་གི་དོན་ལུ་ ལོ་༡༢ འགོར་ ཡོདཔ་ཨིན་པས། གཞུང་ལམ་འདི་གི་ ཀུ་རི་གོང་རི་གི་ གློག་མེ་ལས་འགུལ་དང་ མོང་སྒར་ལུ་ ཡོད་པའི་ སྦོང་སྡེ་མ་བཟོ་གྲྭ་འཕྲུལ་ཁང་ གཞི་བཙུགས་འབད་ནི་ནང་ལུ་ཡང་ ལྷན་ཐབས་འབྱུང་ནི་ཨིནམ་མ་ཚད་ ཤར་ཕྱོགས་རྫོང་ཁག་༦ ག་ར་ལུ་ ཕན་ ཐོགས་སྦོམ་འབྱུང་ནི་ཨིན་པས། གཞུང་ལམ་འདི་ཡང་ ཟད་འགྲྲོ་ དངུལ་ ཀྲམ་ས་ཡ་སྟོང་ཕྲག་༢. ༥ བཏང་སྟེ་ རྒྱ་གར་གཞུང་གིས་ མ་དངུལ་རྒྱབ་ སྐྱོར་ཐོག་ལས་ སེལ་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.