སྤྱི་ཚོགས་གསུམ་པའི་ བཙག་འཐུ་སྒྲུབ་མི་ འཐུས་མི་ཚུ་གིས་ གནས་ཡུན་འགོ་བཙུགས་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། - ལྷག་པ་ཚེ་རིང་།

༉ རྒྱལ་ཡོངས་ཚོགས་སྡེ་༣ པའི་ བཙག་འཐུ་སྒྲུབ་མི་ མཐུས་མི་ཚུ་གིས་ གནས་ཡུན་འདི་ སྤྱི་ཟླ་༥ པའི་ སྤྱི་ཚེས་ ༡༠ ལས་ འགོ་བཙུགས་ཡོདཔ་ཨིན། དེ་ཡང་ གནས་ཡུན་གཉིས་པའི་ནང་ ཕྱག་ཞུ་ཡོད་མི་ ཚོགས་སྡེའི་ མཐུས་མི་ ཚུ་ སྤྱི་ཟླ་༥ པའི་ སྤྱི་ཚེས་༩ ལུ་ གནས་ཡུན་འདི་ མཇུག་བསྡུ་ཞིནམ་ ལས་ དགོངས་ཞི་འབད་ཡོད་པའི་ཤུལ་ ལུ་ ཕྱག་ཞི་ནི་འགོ་བཙུགས་ཡོདཔ་ ཨིན། ཚོགས་ཁང་ནང་ལུ་ བཙག་འཐུ་ལས་ སྒྲུབ་པའི་ འཐུས་མི་༢༠ དང་ མཁས་ དབང་ཅན་གྱི་ འཐུས་མི་༥ བརྩི་ཏེ་ བསྡོམས་༢༥ ཡོདཔ་ཨིན་པས། ཚོགས་ཁང་ནང་ ཁྲིམས་བཟོའི་ ཉམས་ མྱོང་ཡོད་མི་ ཧེ་མའི་ གནས་ཡུན་ནང་ ཕྱག་ཞུ་སྟེ་ བཙག་འཐུ་སྒྲུབ་མིའི་ འདེམས་ངོ་༥ དང་ མཁས་དབང་ཅན་ གྱི་ འདེམས་ངོ་༥ ཡོདཔ་ཨིན་པས། གནས་ཡུན་༣ པའི་ནང་ གོ་གནས་ འཆང་མི་ཚུ་ཡང་ ཧེ་མའི་ གནས་ཡུན་ ནང་ ཕྱག་ཞུ་མི་ སྤྱི་ཚོགས་ཀྱི་ ཉམས་ མྱོང་ཡོད་མི་དང་ སློབ་སྟོན་གྱི་ ཉམས་ མྱོང་ཡོད་མི་ ཚོང་འབྲེལ་གྱི་ རྒྱབ་ ཁུངས་ཡོད་མི་ ཞི་གཡོག་ནང་ལུ་ ཕྱག་ ཞུ་ཡོད་མི་ བརྡ་བརྒྱུད་དང་ ཁྲིམས་དོན་ སྤྲོ་སྟོན་ལས་སྡེ་ནང་ ཕྱག་ཞུ་ཡོད་པའི་ ཉམས་མྱོང་ཅན་གྱི་ འཐུས་མི་ཚུ་ཡོདཔ་ ཨིན་པས། རྒྱལ་རྒྱལ་ཡོངས་ཚོགས་སྡེའི་ འཁྲི་ འཛིན་འདི་ དབང་འདུས་ཕོ་བྲང་གི་ འཐུས་མི་ བཀྲ་ཤིས་རྡོ་རྗེ་གིས་ ཚོགས་ རྒྱན་༡༡ ཐོབ་སྟེ་ བཙག་འཐུ་གྲུབ་ ཡོདཔ་ད་ བསམ་གྲུབ་ལྗོངས་མཁར་ རྫོང་ཁག་གི་འཐུས་མི་ འཇིགས་མེད་ དབང་ཕྱུག་གི་ ཚོགས་རྒྱན་༡༣ ཐོབ་སྟེ་ ཁྲི་འཛིན་འོག་མ་སྦེ་ བཙག་འཐུ་གྲུབ་ ཡོདཔ་ཨིན་པས། འཇིགས་མེད་དབང་ ཕྱུག་འདི་ གནས་ཡུན་༣ ཆ་རངནང་ རྒྱུན་མ་ཆད་པར་ བཙག་འཐུ་སྒྲུབ་ ཡོདཔ་ཨིན་པས། ཚོགས་སྡེའི་ འཁྲི་འཛིན་ནང་ལུ་ འཐུས་ མི་༦ དང་ ཁྲི་འཛིན་འོག་མའི་དོན་ལུ་ འཐུས་མི་༣ བཅའ་མར་གཏོགས་ ཡོདཔ་ཨིན་པས། འཐུས་མི་ཚུ་ཡང་ མཐའ་བཅད་ཀྱི་ བཙག་འཐུའི་ནང་ དོ་འགྲན་འབད་མི་ མི་ངོམ་༡༢༧ གྱི་ ནང་ལས་ གདམ་ འཐུ་གྲུབ་ཡོདཔ་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.