སྲིད་དོན་ཚོགས་པ་ཚུ་གིས་ འདེམས་ངོ་གསརཔ་ཚུ་ ངོ་སྤོད་འབད་ཡོདཔ།

Bhutan Times - - Adverts -

ལྷག་པ་ཚེ་རིང་།

༉ གཙག་འཐུ་གསུམ་པའི་ནང་ མི་ སེར་ཚུ་ལུ་ འཇོན་སྟབས་ཅན་གྱི་ འདེམས་ངོ་ཚུ་ གདམ་འཐུ་འབད་ ཐབས་ལུ་ སྤྱི་ཟླ་༥ པའི་ སྤྱི་ཚེས་༢༤ ལུ་ མི་སེར་དམངས་གཙོ་ཚོགས་པ་ གིས་ འདེམས་ངོ་གསརཔ་༧ དང་ སྤྱི་ཚེས་༢༣ ལུ་ འབྲུག་ཕུན་གསུམ་ ཚོགས་པ་གིས་ འདེམས་ངོ་གསརཔ་ གཅིག་ ངོ་སྤྲོད་འབད་ཡོདཔ་ཨིན་པས།

མི་སེར་དམངས་གཙོ་ཚོགས་པ་གིས་ ཧེ་མ་ འབྲུག་ཕུན་གསུམ་ཚོགས་པའི་ འདེམས་ངོ་འབད་ ཕྱག་ཞུ་ཡོད་མི་ སྐྱེས་ལོ་༥༤ ལང་མི་ བརྡ་དོན་དང་ བརྒྱུད་འབྲེལ་བློན་པོ་བགྲེསཔ་ ནཱན་ད་ ལཱལ་རའི་དེ་ གསར་སྤང་ གཤོང་སྤང་ ཁ་ འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ནུག། ནཱན་ད་ལཱལ་རའེ་དེ་ ད་ལྟོ་ ཕྱག་ཞུ་ཡོད་མི་ ཕྱི་འབྲེལ་བློན་ པོ་བགྲེསཔ་ རིག་འཛིན་རྡོ་རྗེ་གི་ ཚབ་ མ་ཨིན་པས། ཁོ་གིས་ ཧེ་མ་ བསྟན་ སྲུང་དྲག་པོའི་ དམག་སྡེ་ནང་ ལིང་ དཔོན་སྦེ་ ལོ་ལེ་ཤ་ ཕྱག་ཞུ་ཡོདཔ་ ཨིན་པས།

པདྨ་དགའ་ཚལ་ མཁར་ གཡུ་རུང་གི་ འདེམས་ཁོངས་ལས་ དགེ་ལེགས་ ཕུག་གི་ དྲུང་པ་བགྲེསཔ་ སྐྱེས་ལོ་༥༠ ལང་མི་ བསོད་ནམས་ཚེ་རིང་གིས་ དོ་ འགྲན་འབད་ནི་ཨིན་པས། བསོད་ ནམས་ཚེ་རིང་གིས་ ལོ་༡༩ ཤེས་རིག་ ལྷན་ཁག་ནང་ ཕྱག་ཞུ་ཡོདཔ་ད་ ལོ་༦ བུམ་ཐང་རྫོང་རབ་དང་ དེ་ལས་ དགེ་ ལེགས་ཕུག་གི་ དྲུང་པ་སྦེ་ཕྱག་ཞུ་ ཡོདཔ་ཨིན་པས།

དབྱངས་ཅན་ཕུག་འབྲིང་རིམ་སློབ་གྲྭ་ གོང་མའི་ དབུ་འཛིན་བགྲེསཔ་ སྐྱེས་ ལོ་༤༧ ལང་མི་ ཌོག་ཊར་ཀརྨ་ འབྲུག་ པ་དེ་ ན་ནོང་ཤུ་མར་ འདེམས་ཁོངས་ ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ ཡོདཔ་ཨིན། ཁོ་གིས་ ཧེ་མ་ རྫོང་ ཁག་ཤེས་རིག་ཞིབ་རོགས་སྦེ་ ཕྱག་ ཞུ་ཡོདཔ་མ་ཚད་ སློབ་གྲྭ་ལེ་ཤ་ཅིག་ ནང་ དབུ་འཛིན་སྦེ་ ཕྱག་ཞུ་ཡོདཔ་ ཨིན་པས།

བཀྲིས་གཡང་རྩེ་ བུམ་སྡེ་གླིང་ འཇམ་ མཁའ་ འདེམས་ཁོངས་ཀྱི་ འདེམ་ངོ་ སྦེ་ གེ་སར་རྒྱལ་པོ་གསོ་རིག་གཙུག་ ལག་སློབ་སྡེའི་ ཐོ་བཀོད་འགོ་དཔོན་ ཌོག་ཊར་ བཀྲིས་སྟོབས་རྒྱས་ཀྱིས་ དོ་ འགྲན་འབད་ནི་ཨིན་པས། ཁོ་གིས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ ཡོངས་གཙོ་བསྟེན་སྨན་ཁང་ནང་ སྨན་ རིག་གོངམ་སྦེ་ ལོ་༡༠ དང་ དེ་ལས་ གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་ སློབ་སྡེ་གི་ མདོ་ཆེན་སྦེ་ ཕྱག་ཞུ་ ཡོདཔ་ཨིན་པས།

སྐྱེས་ལོ་༤༢ ལང་མི་ ཡོངས་ཁྱབ་ རྩིས་ཞིབ་ ཞིབ་རོགསཔ་ ཅན་ད་ར་ བྷ་ དུར་གུ་རུང་དེ་ དར་དཀར་ནང་ ལྷ་མོའི་ རྫིང་ཁ་ བཀྲིས་སྡིང་གི་ འདེམས་ ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་ འབད་ནུག། ཅན་ད་ར་ བྷ་དུར་གུ་རུང་ གིས་ འདས་པའི་ལོ་༡༩ དེ་ཅིག་ རྒྱལ་གཞུང་རྩིས་ཞིབ་དབང་འཛིན་ནང་ ཕྱག་ཞུ་ཡོདཔ་ཨིན་པས། ཁོ་གིས་ ད་ ལྟོ་གནས་སྐབས་ཅིག་ ངན་ལྷད་ཀྱི་ གནད་དོན་ཐོག་ལུ་ ངལ་གསོ་ནང་ སྡོད་མི་ ལས་གཡོག་བློན་པོ་ ཉི་མ་ སངས་རྒྱས་ཆེན་མོ་གི་ ཚབ་མ་ཨིན་ པས།

ཨྱོན་རྩེ་ འོད་གསལ་ འདེམས་ཁོངས་ ཀྱི་ འདེམས་ངོ་ སྐྱེས་ལོ་༥༩ ལང་མི་ མ་ནི་པར་དཱན་ ད་ལྟོ་ཕྱག་ཞུ་བའི་ བསྒང་ཡོད་པའི་ འདེམས་ངོ་ མ་དཱན་ ཀུ་མར་ཆེ་ཏི་རི་གི་ ཚབ་ཨིན་པས། ཁི་ གིས་ ལོ་༡༧ དེ་ཅིག་ གཞི་གཡོགཔ་ སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ལྷུན་རྩེ་ སྒང་ཟུར་ སྨིན་རྗེ་ འདེམས་ཁོངས་ནང་ལུ་ མི་སེར་ དམངས་གཙོ་ཚོགས་པའི་ནང་ལས་ བསོད་ནམས་རྒྱ་མཚོ་གིས་ དོ་འགྲན་ འབད་ནི་ཨིན་པས། ཁོ་གིས་ སྤྱི་ལོ་ ༢༠༠༩ ལས་ སྤྱི་ལོ་༢༠༡༨ ཚུན་ ཚོགས་པའི་ ཡོངས་ཁྱབ་དྲུང་ཆེན་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།

འབྲུག་ཕུན་སུམ་ཚོགས་པ་གིས་ སྐྱེས་ ལོ་༣༦ ལང་མི་ སྤྤེན་པ་དེ་ ཆུ་ཁ་ བོང་ མགོ་ སྐྱབས་ཆ་ འདེམས་ཁོངས་ཀྱི་ འདེམས་ངོ་སྦེ་ ངོ་སྤྲོད་འབད་ཡོདཔ་ ཨིན་པས། ཁོ་གིས་ ལོ་༡༠ དེ་ཅིག་ རྒྱལ་གཞུང་བསྟན་སྲུང་དམག་སྡེའི་ ནང་ སྤྱིར་བཏང་ ཨིང་སྐད་ཀྱི་ དྲུང་ ཡིག་དང་ རྩིས་འཛིན་པ་སྦེ་ ཕྱང་ཞུ་ བའི་ ཤུལ་ལུ་ སྤྱི་ལོ་༢༠༠༧ ལུ་ དགོངས་ཞུ་འབད་དེ་ གཡུས་ཁ་ ཨ་ ལཱན་ཅི་འཛུགས་སྐྱོང་དང་ མི་སྡེའི་ ལཱ་ འབད་སྡོད་ཡོདཔ་ཨིན་པའི་ གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.