མི་དབང་བངའ་བདག་རིན་པོ་ཆེ་མཆོག་གིས་ གནས་སྐབས་གཞུང་གི་ གྲོས་ དཔོན་བསྐོ་བཞག་གནང་ཡོདཔ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་། ༉ མི་དབང་བངའ་བདག་རིན་པོ་ ཆེ་མཆོག་གིས་ སྤྱི་ཟླ་༧ སྤྱི་ ཚེས་༩ ལུ་ གནས་སྐབས་ གཞུང་གི་ གྲོས་དཔོན་ དཔོན་ བསྐོ་བཞག་གནང་ཡོདཔ་ལས་ གྲོས་དཔོན་ཚུ་ སྤྱི་ཚེས་༩ ལས་ ལྷན་ཁག་ཚུ་ནང་ ལཱ་འགན་ འགོ་བཙུགས་ཡོདཔ་ཨིན། གནས་སྐབས་གཞུང་གི་ གྲོས་ དཔོན་ཚུ་ཡང་ མི་དབང་མངའ་ བདག་རིན་པོ་ཆེ་མཆོག་གིས་ འབྲུག་གི་ རྩ་ཁྲིམས་ཆེན་མོའི་ རྩ་ཚན་༡༩ པའི་ རྩ་དོན་༡ པའི་ དགོངས་དོན་དང་འཁྲིལ་ཏེ་ སྤྱི་ ཟླ་༨ པའི་ སྤྱི་ཚེས་༩ ལུ་ བཀའ་ཤོག་གནང་ཐོག་ལས་ གནས་སྐབས་ཀྱི་ གཞུང་༢ པའི་དོན་ལུ་ གྲོས་དཔོན་སྤྱི་ཁྱབ་ དང་ གྲོས་དཔོན་ཚུ་ བསྐོ་ བཞག་གནང་ནུག། ཁྲིམས་སྤྱི་བློན་པོ་ དྲགོས་ཚེ་ རིང་དབང་ཕྱུག་འདི་ གྲོས་དཔོན་ སྤྱི་ཁྱབ་ཨིནམ་ད་ བློན་པོ་གིས་ ནང་སྲིད་དང་ སྲོལ་འཛིན་ལྷན་ ཁག་ དེ་ལས་ ཕྱི་འབྲེལ་ལྷན་ ཁག་གཉིས་ གཟིགས་ནི་ཨིན་ པས། ལཱ་ཞགན་ བགོ་བཤའ་རྐྱབ་པའི་ ནང་ལས་ དཔལ་འབྲུག་ཞིབ་ འཇུག་ལྟེ་བའི་གཙོ་འཛིན་ དྲགོས་ཀརྨ་ཨུ་ར་གིས་ དངུལ་ རྩིས་ལྷན་ཁག་ བལྟ་ནི་དང་ འབྲུག་མི་སེར་རྒྱུ་ནོར་གཞི་ བཟུང་ཚད་འཛིན་གི་ ཁྲི་འཛིན་ དྲགོས་ཨོ་རྒྱན་ཚེ་དབང་གིས་ ཤེས་རིག་ལྷན་ཁག་ བལྟ་ནི་ ཨིན་པས། རྒྱལ་གཞུང་ཞི་གཡོག་ལྷན་ ཚོགས་ཀྱི་ ཁྲི་འཛིན་ དྲགོས་ ཀརྨ་ཚུལ་ཁྲིམས་ཀྱིས་ བསྟན་ རྒྱས་ལྷན་ཁག་ བལྟ་ནི་ཨིནམ་ ད་ འབྲུག་གློག་མེ་སླར་འབྱུང་ ལས་འཛིན་གི་ འཛིན་སྐྱོང་མདོ་ ཆེན་ དྲགོས་ཚེ་དབང་རིག་ འཛིན་གིས་ ཞབས་ཏོག་ལྷན་ ཁག་ བལྟ་ནི་ཨིན་པས། དེ་ལས་ རྒྱལ་གཞུང་དངུལ་ ལས་དབང་འཛིན་གི་ སྤྱི་འཛིན་ དྲགོས་དཔལ་འབྱོར་གིས་ སོ་ ནམ་དང་ ནགས་ཚལ་ལྷན་ཁག་ བལྟ་ནི་དང་ འབྲུག་རྒྱལ་འཛིན་ གཙུག་ལག་སློབ་སྡེའི་ གཙོ་ འཛིན་འོག་མ་ དངོས་གྲུབ་རྡོ་རྗེ་ གིས་ བརྡ་དོན་དང་ བརྒྱུད་ འབྲེལ་ལྷན་ཁག་ བལྟ་ནི་ཨིན་ པས། དེ་བཟུམ་སྦེ་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ཀྱི་ཁྲི་འཛིན་ ཨམ་ཀུན་ལེགས་གཡང་ འཛོམས་ཀྱིས་ གསོ་བ་ལྷན་ ཁག་བལྟ་ནི་དང་ ཀུན་གསལ་ ལས་འཛིན་གི་ འཛིན་སྐྱོང་མདོ་ ཆེན་ བ་ཅུ་ཕུརཔ་རྡོ་རྗེ་གིས་ ལས་གཡོག་ལྷན་ཁག་ བལྟ་ནི་ ཨིན་པས། གནས་སྐབས་གཞུང་གིས་ རྒྱལ་ཡོངས་ཚོགས་འདུ་ གསར་ བཙུགས་གྲུབ་སྟེ་ བློན་ཆེན་ གསརཔ་གིས་ ཡིག་ཚང་གི་ ལཱ་འགན་འགོ་མ་བཙུགས་ཚུན་ གཞུང་གི་ ལས་རིམ་དང་ ཕྱག་ ལཱ་ཚུ་ འཕྲོ་མཐུད་དེ་ ལག་ལེན་ འཐབ་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.