རྒྱ་གར་ལྡི་ལི་ལུ་ འབྲུག་པའི་ལམ་སྲོལ་ འགྲེམས་སྟོན་འབད་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ འབྲུག་དང་རྒྱ་གར་གྱི་བར་ན་ དོན་གཅོད་མཐུན་ལམ་ གཞི་ བཙུགས་འབད་དེ་ ལོ་ངོ་༥༠ འཁོར་བའི་ དུས་སྟོན་བརྩི་སྲུང་ དང་འབྲེལ་ བདུན་ཕྲག་གཅིག་ གི་རིང་ རྒྱ་གར་གྱི་རྒྱལ་ས་ ནིའུ་ལྡི་ལི་ལུ་ ཨིན་ཌ་ར་གཱན་ དྷི་སྒྱུ་རྩལ་རྒྱལ་ཡོངས་ལྟེ་བའི་ ས་ཁོངས་ནང་ འབྲུག་པའི་ ལམ་སྲོལ་འགྲེམས་སྟོན་འབད་ ཡོད་མི་འདི་ ད་རེས་འཇུག་ བསྡུ་ནི་ཨིན་པས། རྒྱ་གར་ལུ་ འབྲུག་གི་ལས་ རིམ་ སྦོམ་ཤོས་ཅིག་དང་ འགོ་ དང་པ་ཨིན་པའི་ལས་རིམ་འདི་ ནང་ འབྲུག་མི་༣༠༠ ལྷགཔ་ ཅིག་གིས་ འབྲུག་གི་ལམ་ སྲོལ་དང་འབྲེལ་བའི་ བཟོ་ རིག་བཅུ་གསུམ་གྱི་ལག་ བཟོའི་ཅ་ཆས་དང་ འཆམ་ ཆོས་ དེ་ལས་ ལམ་སྲོལ་ སོགས་པའི་ བརྗོད་དོན་༡༥ ཐོག་ལུ་ གསལ་སྟོན་འབད་ ནིའི་ནང་ བཅའ་མར་གཏོགས་ ཡོདཔ་ཨིན་པས། དེ་མ་ཚད་འགྲེམས་སྟོན་དེ་ནང་ ཐུན་མོང་མིན་པའི་ འབྲུག་པའི་ རང་ལུགས་དང་ འཚོ་བའི་ བཞེས་སྒོ་ གློག་བརྙན་དང་ ཚོང་འབྲེལ་ དེ་ལས་ བལྟ་ བཤལ་གྱི་ལས་རིམ་ཚུ་ཡང་ གསལ་སྟོན་འབད་ཡོདཔ་ཨིན་ མས། རྒྱལ་ཁབ་གཉིས་ཀྱི་ མཛའ་ བཤེས་མཐུན་འབྲེལ་ བརྩི་སྲུང་ ཞུ་ནི་དང་ འབྲུག་གི་ལམ་སྲོལ་ ཚུ་ མི་ཉམས་གོང་འཕེལ་ གཏང་ནི་ དེ་ལས་ རྒྱལ་ཁབ་ གཉིས་ཀྱི་ མི་སེར་ཚུའི་བར་ན་ མཐུན་འབྲེལ་དང་ ཚོང་འབྲེལ་ གོང་འཕེལ་གཏང་ནིའི་ ལྷན་ ཐབས་འབད་ཐབས་བྱུང་ནི་ལུ་ དམིགས་གསལ་སྦེ་ བརྩི་སྲུང་ འབད་ཡོདཔ་ཨིན་པས། རྒྱལ་ཁབ་གཉིས་ཀྱི་ མཐུན་ འབྲེལ་འདི་ ཕྱོགས་གཉིས་ཆ་ རའི་ཧོངས་ལས་ འཕྲོ་མཐུད་དེ་ བཞག་ཡོདཔ་ལས་ དུས་ཅིག་ རྒྱལ་ཁབ་གཉིས་ཀྱི་བར་ན་ དོན་གཅོད་ཀྱི་ མཐུན་ལམ་ གཞི་བཙུགས་འབད་དེ་ མི་ལོ་ ༥༠ འཁོར་བའི་ མཐུན་འབྲེལ་ གྱི་དུས་སྟོན་འདི་ རྒྱ་འབྲུག་ གཉིས་ཀྱི་བར་ན་ སྤྱི་མཐུན་ མཉམ་འབྲེལ་དང་ ཡར་འཕེལ་ ཅན་གྱི་མ་འོངས་ཀྱི་དོན་ལུ་ བརྩི་སྲུང་ འབད་དོ་ཡོདཔ་ཨིན་ པས། བྷུ་ཊན་ཝིཀ་ལས་རིམ་འདི་ཡང་ མི་དབང་རྒྱལ་ཡུམ་ རྡོ་རྗེ་ དབང་མོ་དབང་ཕྱུག་མཆོག་ དང་ རྒྱ་གར་གྱི་ སྲིད་འཛིན་ འོགམ་ བིན་ཀ་ནའི་དུ་རྣམ་༢ ཀྱིས་ འགོ་འབྱེད་གནང་ཡོདཔ་ ཨིན་པས། འགྲེམས་སྟོན་ལས་རིམ་འདི་ ནང་ ལྷན་རྒྱས་གཞུང་ཚོགས་ ཀྱི་ དྲུང་ཆེན་དང་ ཕྱི་འབྲེལ་ དྲུང་ཆེན་ དེ་ལས་ གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡང་ བཅའ་མར་གཏོགས་ཡོདཔ་ ཨིན་པས། དེ་མ་ཚད་ ལས་ རིམ་འགོ་འབྱེད་གནང་ས་ལུ་ རྒྱ་གར་གྱི་ སྲིད་འཛིན་འོགམ་ བཱེན་ཀའི་ནའི་དུ་གིས་ཡང་ གྲལ་ཁར་གཏོགས་ནུག།

བདུན་པྲག་གཅིག་གི་ ལས་ རིམ་དེ་ཡང་ ནིའུ་ལྡི་ལི་ལུ་ཡོད་ མི་ འབྲུག་གི་གཞུང་ཚབ་ལས་ ཁང་དང་ རྒྱ་གར་གྱི་ ཕྱི་འབྲེལ་ ལྷན་ཁག་ དེ་ལས་ ལམ་སྲོལ་ མཐུན་འབྲེལ་ཚོགས་སྡེ་གིས་ མཉམ་འབྲེལ་ཐོག་ལས་ འགོ་ འདྲེན་འཐབ་ཡོད་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.