མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ འཐུས་མི་ ཚུ་ལུ་ བདག་རྐྱེན་གནང་ཡོདཔ།

Bhutan Times - - Adverts - ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༡༡ པའི་ སྤྱི་ཚེས་༧ ལུ་ མི་ དབང་མངའ་བདག་རིན་པོ་ཆེ་མཆོག་ གིས་ཞབས་ལས་ བཀྲིས་ཆོས་རྫོང་ གི་ གསེར་ཁྲི་ཁང་བཟང་ནང་སྦེ་ བློན་ཆེན་གསརཔ་ ཌོག་ཊར་བློ་གྲོས་ ཚེ་རིང་དང་ ལྷན་རྒྱས་གཞུང་ཚོགས་ ཀྱི་ བློན་པོ་གསརཔ་ཚུ་ དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ལུ་ བཀྲིས་ ལེགས་དར་གནང་ཡོདཔ་ཨིན།

བཀྲིས་ལེགས་དར་ཞུ་མི་ ལྷན་རྒྱས་ གཞུང་ཚོགས་ཀྱི་ བློན་པོ་གསརཔ་ ཚུ་ཡང་ ཕྱི་འབྲེལ་བློན་པོ་ ཌོག་ཊར་ རྟ་མགྲིན་རྡོ་རྗེ་དང་ ནང་སྲིད་དང་ སྲོལ་འཛིན་བློན་པོ་ དྲགོས་ཤེས་རབ་ རྒྱལ་མཚན་ སོ་ནམ་དང་ ནགས་ ཚལ་བློན་པོ་ ཡེ་ཤེས་དཔལ་འབྱོར་ བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་ དབང་འདུས་ གསོ་བའི་བློན་པོ་ བདེ་ ཆེན་དབང་མོ་ བསྟན་རྒྱས་བློན་པོ་ ལོག་ནཱཐ་ཤར་མ་ དངུལ་རྩིས་བློན་ པོ་ རྣམ་རྒྱལ་ཚེ་རིང་ ལས་གཡོག་ བློན་པོ་ ཨོ་རྒྱན་རྡོ་རྗེ་ ཤེས་རིག་བློན་ པོ་ ཇའི་བྷ་དུར་ར་ཡེ་ དེ་ལས་ ཞབས་ ཏོག་བློན་པོ་ རྡོ་རྗེ་ཚེ་རིང་ཚུ་ཨིན་ པས།

མ་གཞི་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་བ་ཅིན་ ཚོགས་དཔོན་དང་ ལྡོག་ཕྱོགས་ འགོ་ཁྲིདཔ་ལུ་ བཀབ་ནེ་ལི་ཝང་

གནང་དགོཔ་སྦེ་མེད་རུང་ མི་དབང་ མངའ་བདག་རིན་པོ་ཆེ་མཆོག་གིས་ ཁྱད་དབང་ཐོག་ལུ་ རྒྱལ་ཡོངས་ ཚོགས་འདུའི་ ཚོགས་དཔོན་དབང་ ཕྱུག་རྣམ་རྒྱལ་དང་ ལྡོག་ཕྱོགས་ འགོ་ཁྲིདཔ་ མཁས་དབང་པདྨ་རྒྱ་ མཚོ་ལུ་ཡང་ བཀབ་ནེ་ལི་ཝང་ གནང་ཡོདཔ་ཨིན་པས།

བདག་རྐྱེན་ཞུ་ཞིནམ་ལས་ བློན་ ཆེན་དང་ ཚོགས་དཔོན་ དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ ཚུ་གིས་ བཀྲིས་ཆོས་རྫོང་གི་ ལྷན་ རྒྱས་གཞུང་ཚོགས་ཀྱི་ ཚོགས་ཁང་ ནང་སྦེ་ གཞུང་གྲྭ་ཚང་གི་ ཡོན་ཏན་ སློབ་དཔོན་ ལྷན་འཛོམས་ཐོག་ལུ་ ཁྲིམས་སྤྱི་བློན་པོ་ལས་ གོ་གནས་ ཀྱི་ དམ་བཅའ་དང་ ངོས་ལེན་ཞུ་ ཡོདཔ་ཨིན་པས།

དེ་ལས་ ལྷན་རྒྱས་གཞུང་ཚོགས་ཀྱི་ ཚོགས་རིམ་དང་པ་ཡང་ འཚོགས་ ཐོག་ལས་ སྤྱི་ཚོགས་༣ པའི་ གཞུང་འདི་ གཞུང་འབྲེལ་ཐོག་ལུ་

དབུ་བརྙེས་གནང་ཡི། དེ་ཡང་ ཟླཝ་ ༡༠ པའི་ ཚེས་དང་པ་ལས་ ཟླ་ནག་ ཕོགཔ་ལས་ གཟའ་སྐར་ལེགས་ ཤོམ་མེདཔ་ཨིན་པས།

ཁ་དར་གྱི་ལས་རིམ་བར་ན་ བརྡ་ བརྒྱུདཔ་ཚུ་དང་ཅིག་ཁར་ བློན་ཆེན་ གྱིས་ གནས་ཚུལ་ཞལ་འཛོམས་ དང་པ་ འཚོགས་པའི་སྐབས་ ད་ ལས་ཕར་ ལོ་ངོ་ལྔའི་རིང་ལུ་ རྒྱལ་ ཁབ་ཀྱི་ གོང་འཕེལ་དང་ ཞི་བདེའི་ དོན་ལུ་ ལཱ་ཅིག་ཁར་འབད་ནི་དེ་ གལ་ཆེ་ཟེར་གསུངས་ཡི།

བློན་ཆེན་གྱིས་འབད་བ་ཅིན་ གཞུང་ སྐྱོང་ལུ་ ཉམས་མྱོང་མེདཔ་ལས་ བརྡ་བརྒྱུདཔ་ཚུ་གིས་ གཞུང་ལས་ ཁེ་ཕན་ཚུ་ ལེན་གནང་ཟེར་ གསུངས་པའི་ཁར་ བློན་པོ་ཚུ་ཡང་ ལོ་ན་གཞོནམ་ཨིནམ་ལས་ བང་ བཙོང་རུང་ བཙོང་ཚུགས་ཟེར་ཨིན་ རུང་ དེ་སྦེ་འབད་བ་ཅིན་ འཐུས་ཤོར་ ནི་གི་ ཉེན་ཁ་ཡོད་ཟེར་ཨིན་པས། གལ་སྲིད་ རྒྱབ་སྐྱོར་འབད་བ་ཅིན་

ལྷན་རྒྱས་ཚུ་གིས་ གྲུབ་འབྲས་ ལེགས་ཤོམ་སྟོན་ཚུགས་ཟེར་གསུང་ ཡི།

དེ་ལས་ བརྡ་བརྒྱུདཔ་ཚུ་གིས་ གནས་ཚུལ་འབྲི་བའི་སྐབས་ འགན་ འཁྲི་ཅན་གྱི་ གནས་ཚུལ་འབྲི་ དགོཔ་བཞིན་དུ་ གཞུང་གི་ཁ་ཐུག་ ལས་ བརྡ་བརྒྱུདཔ་ཚུ་དང་ བརྡ་ བརྒྱུད་ལས་ཁང་ཚུ་ལུ་ ཆ་རོགས་ འབད་ནི་གི་ རེ་བ་ཡོད་ཟེར་བློན་ཆེན་ གྱིས་གསུངས་ཡི།

ད་ལས་ཕར་ གཞུང་གི་ཁ་ཐུག་ལས་ བརྡ་བརྒྱུདཔ་ཚུ་དང་ བརྡ་བརྒྱུད་ ལས་ཁང་ཚུ་གིས་ གནས་ཚུལ་ཚུ་ ག་ཅི་བཟུམ་ར་ གསལ་བཀོད་ འབདཝ་ཨིན་ན་ཚུ་ ལྟ་རྟོག་འབད་དེ་ ཤེས་ཡོན་སྦྱང་ནི་དང་ ཞིབ་འཚོལ་ ཚུ་གི་ནང་ མ་དངུལ་གྱི་ གྲོགས་ རམ་འབད་ནི་གི་ འཆར་གཞི་ཚུ་ ཡང་ཡོད་ཟེར་ བློན་ཆེན་གྱིས་ གསུངས་ཡི།

དེ་མ་ཚད་ བརྡ་བརྒྱུདཔ་རང་སོའི་ གནས་ཚུལ་འབྲི་ཐངས་དང་ བསྡུ་ ལེན་འབད་ཐངས་ཚུ་ཡང་ ལྟ་རྟོག་ འབད་དེ་ ངོ་རྐྱང་ལུ་ ཤེས་ཡོན་ སྦྱང་ནིའི་ནང་ གྲོགས་རམ་ཚུ་ གནང་ནི་ཟེར་་གསུང་ཡོདཔ་ཨིན།

བློན་ཆེན་མཆོག་གིས་ གསུངས་ དོ་བཟུམ་འབད་བ་ཅིན་ སྲིད་དོན་

ཚོགས་པ་གཞན་གྱི་ འཐུས་མི་ཚུ་ ཚོགས་པ་གཞན་གྱི་ འཐུས་མི་ ཨིན་ཟེར་ ཕྱོགས་རིས་མ་ཕྱེ་བར་ རྒྱལ་ཁབ་གཅིག་གི་ མི་སེར་ ཨིནམ་ལས་ འཆམ་ཏོག་ཏོ་སྦེ་ བཞག་ནི་ཨིནམ་མ་ཚད་ སྲིད་ དོན་ཚོགས་པ་༤ གི་ འགོ་ཁྲིདཔ་ ཚུ་དང་ཡང་ གསུང་གྲོས་གནང་ ཐོག་ལས་ ཁོང་གི་ཁས་བླངས་ ལེགས་ཤོམ་ཚུ་ ལས་སྣ་ནང་ ལག་ལེན་འཐབ་ནི་གི་ འཆར་ གཞི་ཡང་ཡོད་ཟེར་ཨིན་པས།

ལྷན་རྒྱས་གཞུང་ཚོགས་ཀྱི་ ཚོགས་རིམ་དང་པ་ འཚོགས་ པའི་སྐབས་ ངན་ལྷད་བཀག་ སྡོམ་ལྷན་ཚོགས་ཀྱི་ ཁྱོམ་གྱི་ བཅའ་ཡིག་དང་འཁྲིལ་ཏེ་ བློན་ པོ་ཚུ་གིས་ ཁྱོམ་དང་ ཕྱག་ མཇལ་གྱི་རིགས་འཐོབ་མི་ཚུ་ བདུན་རིམ་བཞིན་དུ་ ལྷན་རྒྱས་ གཞུང་ཚོགས་ཀྱི་ དྲུང་ཆེན་ཡིག་ ཚང་ནང་ རྩིས་སྤྲོད་འབད་དགོ་ པའི་ ཐུགས་ཐག་བཅད་ཡོདཔ་ ཨིན་པས།

ཁྱོམ་དང་ ཕྱག་མཇལ་གྱི་རིགས་ འཐོབ་མི་ཚུ་ ལྷ་ཁང་དགོན་སྡེ་ནང་ ཕུལ་ནི་ཨིན་ན་ ཡང་ན་ ལོག་སྟེ་ར་ མི་སེར་ལུ་ ཞབས་ཏོག་སྦེ་ཕུལ་ནི་ ཨིན་ན་ ཤུལ་ལས་གྲོས་ཐག་ཆོད་ནི་ ཨིན་ཟེར་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.