འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱིཨ་ལུའི་མ་དངུལ་གྱིས་ ལེགས་སྨོན་སྐུ་ཚབ་ འགོ་ཐོག་བསྐོས་ཡོདཔ།

Bhutan Times - - Adverts -

ལྷག་པ་ཚེ་རིང་།

༉ སྐྱེས་ལོ་༡༦ ལང་མི་ ཞབས་ ཁྲ་བརྩམ་མི་དང་སྐད་འཐེན་མི་ བསོད་ནམས་དབང་ཅན་འདི་ སྤྱི་ ཟླ་༡༡ པའི་ སྤྱི་ཚེས་༢༠ འཛམ་ གླིང་ཨ་ལུའི་ཉིནམ་དང་འབྲེལ་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ ལུའི་མ་དངུལ་གྱིས་ ལེགས་སྨོན་ སྐུ་ཚབ་འགོ་དང་པ་བསྐོས་ནུག། བསོད་ནམས་དབང་ཅན་གྱི་ འཛམ་གླིང་སྤྱི་ཚོགས་རྒྱལ་སྤྱི་ཨ་ ལུའི་མ་དངུལ་ནང་ འབྲུག་པའི་ ན་གཞོན་ཚུ་གི་ སྐུ་ཚབ་སྦེ་ཕྱག་ ཞུ་བའི་སྐབས་ལུ་ ན་གཞོན་ཚུ་ དོན་དག་ཡོད་པའི་ལས་རིམ་ནང་ འབྲེལ་གཏོགས་འབད་ནིའི་དོན་ ལུ་ ཞབས་ཁྲ་འཐེན་ནི་གི་རིག་ རྩལ་ ལག་ལེན་འཐབ་ནི་དང་ ན་ གཞོན་གདོང་ལེན་འབྱུང་མི་ཚུ་ལུ་ ཁོང་རའི་བརྫགས་ཏེ་ ལཱ་འབད་ནི་ ནང་ དབང་ཆ་བྱིན་ནི་ཨིན་མས། བསོད་ནམས་དབང་ཅན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ན་ གཞོན་མང་ཤོས་རང་ ཡོངས་ འབྲེལ་དཀྲོགས་དོ་ཡོད་མི་དང་ འབྲེལ་ འདི་གི་ཁེ་ཕན་དང་ གོ་ སྐབས་ཚུ་གིས་མ་དོ་བར་ ཉེན་ཁ་ དང་ གནོད་པ་ཚུ་ཡང་ ཡོདཔ་ ལས་ ཁོ་གིས་ འབྲུག་པའི་ན་ གཞོན་ རྒྱབ་སྐྱོར་པ་ སྟོང་ཕྲག་ ལས་བཅད་མི་ཚུ་དང་གཅིག་ ཁར་ ཨ་ལུའི་དབང་ཆ་གི་སྐོར་ ལས་ གོ་བ་བརྡ་སྤྲོད་སྤེལ་ནི་ ཨིན་མས། ན་གཞོན་གྱི་ལེགས་སྨོན་སྐུ་ཚབ་ ཅིག་འབདཝ་ལས་ ན་གཞོན་དང་ འབྲེལ་བའི་ ལཱ་འབད་ནི་ལུ་ སེམས་ཤུགས་ཡོདཔ་མ་ཚད་ མ་ འོངས་རེ་འདོད་ཅན་གྱི་ ན་གཞོན་ ཚུ་ལུ་ འགྱུར་བ་བཟོ་ནིའི་ལཱ་ རྩ་ འགེངས་འབད་ནི་ཟེར་ བསོད་ ནམས་དབང་ཅན་གྱིས་ བཤདཔ་ ཨིན་པས། ན་གཞོན་གྱི་ལེགས་སྨོན་སྐུ་ཚབ་ བཙུགས་ཡོད་མི་ལས་བརྟེན་ འབྲུག་པའི་ན་གཞོན་ཚུ་ མེདཔ་ འགྱོ་དོ་ཡོད་མིའི་གནད་དོན་ལུ་ གཙོ་རིམ་བཟུང་ཞིནམ་ལས་ ན་ གཞོན་ཆ་ཁྱབ་ཀྱི་མི་ཚེ་ནང་ འགྱུར་བ་འབག་འོང་ནི་ལུ་ ཕན་ ཐོག་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.