གློག་རིག་ཡོངས་འབྲེལ་ཉེན་སྲུང་ཀྱི་ ཐབས་བྱུས་བཟོ་ནི་ཨིནམ།

Bhutan Times - - འབྲུག་གི་དུས་ཚོད། -

ལྷག་པ་ཚེ་རིང་།

༉ སྤྱི་ཟླ་༡༡ པའི་ སྤྱི་ཚེས་༢༨ ལུ་ རྒྱལ་ས་ལུ་སྦེ་ བརྒྱུད་འབྲེལ་ལྷན་ ཁག་འོག་གི་ བརྡ་དོན་འཕྲུལ་ རིག་དང་བརྒྱུད་འབྲེལ་ལས་ ཁུངས་ཀྱིས་ རྒྱལ་སྤྱི་རྒྱང་འཕྲིན་ ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ གློག་རིག་ཡོངས་འབྲེལ་གྱི་ ཉེས་ ལས་དང་འབྲེལ་བའི་ ཐབས་བྱུས་ བརྩམ་ནིའི་དོན་ལུ་གྲོས་འཛོམས་ ཅིག་ འགོ་འདྲེན་འཐབ་དོ་ཡོདཔ་ ཨིན།

གྲོས་འཛོམས་དེ་ཡང གློག་རིག་ ཡོངས་འབྲེལ་གྱི་ཉེས་ལས་ ཞིབ་ འཚོལ་སྦྱོང་བརྡར་སྤེལ་ཁང་ནང་ ལས་ མཁས་དབང་མཱཀ་གེར་ཀི་ གིས་ འགོ་འདྲེན་ཐོག་ལས་ ལྷན་ རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་ དང་ དྲུང་ཆེན་ གཞུང་གི་བཀོད་ ཁྱབ་འགོ་དཔོན་ ཁྲིམས་བསྟར་ སྤྱོད་འབད་མི་ ལས་སྡེའི་ངོ་ཚབ་ ཁྲིམས་སྲུང་འགག་སྡེ་ དེ་ལས་ སྒེར་སྡེའི་ངོ་ཚབ་ཚུ་གིས་ བཅའ་ མར་གཏོགས་དོ་ཡོདཔ་ཨིན་པས།

མཁས་དབང་མཱཀ་གེར་ཀི་གིས་ བཅའ་མར་གཏོགས་མི་ཚུ་ལུ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ ནང་ ཡོངས་འབྲེལ་ཨིན་ཊར་ནེཊྱི་ དང་འབྲེལ་བའི་ ཉེས་ལས་ཚུ་ བྱུང་ཡོད་པའི་སྐོར་དང་ རྒྱལ་ཁབ་ ནང་ ཉེན་ཁ་ཅན་གྱི་གནད་དོན་ བྱུང་སྲིད་ནི་ཚུ་ གདོང་ལེན་འབད་ ཐབས་ཀྱི་སྐོར་ལས་ གྲོས་བསྡུར་ འབད་ཡོདཔ་ཨིན།

མཁས་དབང་མཱཀ་གེར་ཀི་གིས་ འབད་བ་ཅིན་ ཉེས་ཅན་ཚུ་གིས་ ཡོངས་འབྲེལ་ལག་ལེན་འཐབ་མ་ བཏུབ་བཟོ་ནི་དང་ གཞུང་དང་ ལས་སྡེ་ ངོ་རྐྱང་གི་ བརྡ་དོན་ གལ་ཅན་ཚུ་ ཨརཝ་བརྐུ་ནི་ རང་ གི་ཁ་བྱང་ནང་ལས་ རང་ཨིནམ་ བཟོ་ཞིནམ་ལས་ གནས་ཚུལ་ རྫུས་མ་དར་ཁྱབ་བཏང་ནི་ཚུ་ འབདཝ་བཞིན་དུ་ཡོདཔ་ལས་ དེ་ ཚུ་ཐབས་བྱུས་རྩམ་སྟེ་སྔོན་ འགོག་འབད་དགོཔ་ཁག་ཆེ་ཟེར་ ཨིན་པས།

བརྒྱུད་འབྲེལ་བློན་པོ་ ཀརྨ་ རྡོ་ གནོན་དབང་འདུས་ཀྱིས་ རྒྱལ་ ཁབ་ནང་ཡང་ ཡོངས་འབྲེལ་གྱི་ ཞབས་ཏོག་ གཞི་བཙུགས་འབད་ བའི་ཤུལ་ལས་ མི་སྡེའི་དཔལ་ འབྱོར་གྱི་ གོ་སྐབས་བཟོ་བའི་ ཁར་ གཞུང་སྐྱོང་ལེགས་ལྡན་ དེ་ ལས་ ཞབས་ཏོག་བྱིན་ནི་ལ་ སོགས་པ་ཚུ་ནང་ ཕན་ཐོགས་ སྦོམ་བྱུང་སྟེ་ཡོད་རུང་ གློག་རིག་ ཡོངས་འབྲེལ་ཉེན་སྲུང་གི་གནད་ དོན་དེ་ཡང་ ཚ་གང་ཅན་བྱུང་སྟེ་ ཡོད་ཟེར་ཨིན་པས།

ད་ལྟོ་ རྒྱལ་ཁབ་ནང་ བརྡ་དོན་ འཕྲུལ་རིག་ནང་ ཁྱད་རིག་དང་ ལྡན་མི་ཚུ་ལུ་ གློག་རིག་ཡོངས་ འབྲེལ་ཉེན་སྲུང་དང་འབྲེལ་བའི་ རིག་རྩལ་དང་ཤེས་ཡོན་ དེ་ལས་ ཉམས་མྱོང་ཚུ་མེད་པའི་ གདོང་ ལེན་བྱུང་སྟེ་ཡོད་ཟེར་ བློན་པོ་ གིས་བཤད་ཅི།

མཁས་དབང་མཱཀ་གེར་ཀི་དེ་ བདུན་ཕྲག་གཅིག་གི་རིང་ལུ་ འབྲུག་ལུ་ འབྲེལ་བ་ཡོདཔ་པའི་ ལས་སྡེ་ཚུ་དང་ གློག་རིག་ཡོངས་ འབྲེལ་གྱི་ ཉེས་ལས་དང་འབྲེལ་ བའི་ ཐབས་བྱུས་བརྩམ་ནིའི་དོན་ ལུ་ སྡོད་ནི་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.