ལམ་སྲོལ་གོང་འཕེལ་གཏང་ནིའི་དོན་ལུ་ སྲིད་བྱུས་བསྐྱར་ཞིབ་འབད་ནི་ཨིནམ།

Bhutan Times - - Advertsadverts -

ལྷག་པ་ཚེ་རིང་། ༉ འབྲུག་གི་རྒྱལ་ཡོངས་སྐད་ ཡིག་ རྫོང་ཁ་འདི་མི་མཉམ་ གོང་འཕེལ་དང་ ཉམས་པར་ སོར་ཆུད་འབད་ནིའི་དོན་ལུ་ ནང་སྲིད་དང་ སྲོལ་འཛིན་ལྷན་ ཁག་གིས་ ལམ་སྲོལ་དང་ རྫོང་ ཁ་ཡར་རྒྱས་གཏང་ནི་དོན་ལས་ ད་ལྟོ་ཡོད་པའི་ སྲིད་བྱུས་དེ་ བསྐྱར་ཞིབ་འབད་ནི་ཨིན་པས། དེ་མ་ཚད་ ལྷན་ཁག་གི་ རྒྱལ་ ཁབ་ནང་ བཞི་བདེ་དང་ ཉེན་ སྲུང་དོན་ལུ་ གཞན་མི་ སྲིད་ བྱུས་ཡང་ལེ་ཤ་ཡོདཔ་ཨིན་རུང་ ནང་སྲིད་བློན་པོ་ དྲག་ཤོས་ཤེས་ རབ་རྒྱལ་མཚན་གྱིས་ བཞི་བདེ་ དང་ ཉེན་སྲུང་དོན་ལུ་ སྲིད་བྱུས་ ཚུ་ བསྐྱར་ཞིབ་འབད་དགོཔ་ འདུག་ཟེར་ཨིན་པས། ནང་སྲིད་བློན་པོ་གི་ ཧེ་མ་རྫོང་ ཁ་གོང་འཕེལ་ལྷན་ཚོགས་ནང་ ཕྱག་ཞུ་ཡོདཔ་ལས་ རྒྱལ་ཁབ་ ནང་ རྫོང་ཁ་འདི་ ག་དེམ་ཅིག་ ཁག་ཆེཝ་ཨིན་ནའི་ སྐོར་ལས་ གསུངས་ཡོདཔ་ཨིན། བློན་པོ་གིས་གསུངས་མི་ནང་ ཧེ་མ་སྤྱི་ལོ་༡༩༩༠ འི་གྲངས་ལུ་ ནང་སྲིད་དང་ དངུལ་རྩིས་ལྷན་ ཁག་ནང་ ཡིག་འགྲུལ་དང་ ཡིག་ཆ་དེ་ཚུ་གེ་ར་ རྫོང་ཁའི་ ནང་ གཏང་སྲོལ་ཡོད་ཟེར་ཨིན་ པས། ད་རུང་ བློན་པོ་གིས་ ཧེ་ མ་ཁོང་གི་སྐབས་ དཔེ་ཆ་ཚུ་ ཨིང་སྐད་ནང་ཡང་ སྟོན་ཡོད་ རུང་ ཡིག་འབྲེལ་གྱི་ལཱ་ཚུ་གེ་ར་ རྫོང་ཁའི་ནང་ འབད་ཡི་ཟེར་ གསུངས་ཡི། དེ་འབདཝ་ལས་ བློན་པོ་གིས་ ལྷན་རྒྱས་ཀྱི་ ཞལ་འཛོམས་ ཚོགས་པའི་སྐབས་དང་ གྲྲོས་ ཆོད་ཚུ་ ཨིང་སྐད་ནང་མེན་པར་ རྫོང་ཁའི་ནང་ བཏོན་དགོ་པའི་ ཞུ་བ་ཕུལ་ཞིནམ་ལས་ རྫོང་ཁ་ འབྲི་ཤེས་མི་ ལྷན་རྒྱས་ཚུ་ ཕྱག་སེང་བཅུགཔ་ད་ རྫོང་ཁ་ འབྲི་ཤེས་མི་ ཕུད་རྡོག་གཅིག་ ལས་མེདཔ་ལས་ སྟབས་མ་ བདེཝ་ ལེ་ཤ་འདུག་ཟེར་ བཤདཔ་ཨིན་པས། བློན་པོ་གིས་འབད་བ་ཅིན་ ཨིང་ སྐད་ཡང་ཁག་ཆེཝ་ཨིན་རུང་ རང་གི་ཁ་སྐད་དེ་ཡང་ བདག་ འཛིན་འབད་ནི་ལུ་ བརྩི་མཐོང་ མ་བསྐྱེད་པ་ཅིན་ ཤུལ་མ་ རྒྱལ་ ཁབ་ནང་ འབྲུག་པའི་མི་ རྫོང་ ཁ་སླབ་ས་ མི་མཐོང་ནིའི་ གནས་སྟངས་ནང་ ལྷོད་འོང་ ཟེར་ཨིན་པས། དེ་མ་ཚད་ བློན་པོ་གིས་འབད་བ་ ཅིན་ མི་སྡེའི་ནང་ ཨིང་སྐད་ སླབ་ཤེས་མི་ཚུ་ དྲགཔ་སྦེ་ འཚོར་སྣང་བསྐྱེད་དོ་ཡོད་མི་འདི་ ཡང་ གཙོ་བོ་རང་ སློབ་གྲྭ་ནང་ སྲིད་བྱུས་དང་ ལམ་ལུགས་ཚུ་ ལེགས་ཤོམ་མེདཔ་ལས་བརྟེན་ ཨིན་པས་ཟེར་ གསུངས་ཡོདཔ་ ཨིན། འདི་འབདཝ་ལས་ སློབ་གྲྭ་ནང་ ཡང་ སྲིད་བྱུས་ཚུ་ བསྐྱར་ཞིབ་ འབད་ཡོད་མི་བརྟེན་ རྫོང་ཁ་ལུ་ སེམས་ཤུགས་ཐེབས་བསྐྱེད་ནི་ ལུ་ གཙོ་རིམ་བཏོན་ཚུགས་ཟེར་ ཨིན་པས། ཧེ་མ་འབད་བ་ཅིན་ ལྷན་ཁག་ དང་ ལས་ཁུངས་ཁག་གི་ ཡིག་ཚང་ཚུ་ནང་ ཡིག་འགྲུལ་ གྱི་རིགས་ཚུ་ཆ་མཉམ་ར་ རྫོང་ ཁའི་ཐོག་ལུ་ ལག་ལེན་འཐབ་ སྲོལ་འོད་རུང་ ད་རེས་ནངས་པ་ ལག་ལེན་འཐབ་སྲོལ་མེད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.