ལྟ་བཤལཔ་ཚུ་ལུ་ ལག་བཟོའི་རིགས་བཙོང་མི་ ཨམ་སྲུ་ཚུ་གིས་ ཕྱིའི་ཁ་སྐད་ཚུ་ སྦྱང་ཚུགས་ཏེ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ ལག་བཟོའི་ཐོན་བསྐྱེད་ཀྱི་རིགས་ དང་ ཁྱིམ་ནང་བཟོ་བཀོད་ཀྱི་རིགས་ ཚུ་ ལྟ་བཤལཔ་ཚུ་ལུ་བཙོང་ཐབས་ ལུ་ ཤར་རི་བཙན་ཏོག་ལས་ཨིན་མི་ ཨམ་སྲུ་ཚུ་གིས་ ཕྱིའི་ཁ་སྐད་མ་ འདྲཝ་ཚུ་ སྦྱང་བཙན་འབད་དོ་ཡོདཔ་ ཨིན་པས།

ཨམ་སྲུ་ཚུ་ཡང་ ལྟ་བཤལཔ་ ཚུ་གིས་ ལྟ་སྐོར་ནང་འགྱོ་སའི་ ས་ ཁོངས་ཡོངས་གྲགས་ཅན་ཅིག་ཨིན་ མི་ སྤ་རོ་སྟག་ཚང་གི་འོག་ལུ་ ཡོད་ མི་ རམ་ཐང་ཁ་ལུ་ ལྟ་བཤལཔ་ཚུ་ སྤུངས་འཛོམས་འབད་སའི་ས་ཁོངས་ ནང་ ལག་བཟོའི་རིགས་དང་གཞན་ ཚོང་ཆས་ཚུ་བཙོང་མི་ ཨམ་སྲུ་ཚུ་ ཨིན་པས།

སྐྱེས་ལོ་༦༨ ལང་མི་ ཤར་རི་ ལས་ཨིན་མི་ སྒྲོལ་མ་བཟུམ་ཅིག་ ལུ་འབད་བ་ཅིན་ མོ་གིས་ ཧིན་དི་ དང་ཨིང་སྐད་དུམ་གྲ་རེ་ སླབ་ཚུགས་ དོ་ཡོདཔ་ལས་ དེ་གིས་ མོ་རའི་ཚོང་ འབྲེལ་འཐབ་ཚུགས་དོ་ཡོདཔ་ཨིན་ པས།

མོ་གིས་ སློབ་གྲྭ་ནང་མ་འགྱོ་ སྟེ་འབད་རུང་ ཚོང་ཉོ་མི་ཚུ་དང་ གཅིག་ཁར་ ཨ་རྟག་ར་ འབྲེལ་བ་ འཐབ་སྡོད་ནི་དེ་གིས་ ཁ་སྐད་ཚུ་ སླབ་ཚུགསཔ་ལས་ སེམས་དགའ་ སྟེ་ཡོདཔ་ད་ མོ་གིས་ ས་ཁོངས་དེ་ ནང་ འདས་པའི་ལོ་དྲུག་གི་ཧེ་མ་ ལས་ ཚོང་འབྲེལ་འགོ་བཙུགས་ ཡོདཔ་ཨིན་པས།

སྒྲོལ་མ་གིས་སླབ་མིའི་ནང་ འགོ་དང་པ་ ཚོང་འབྲེལ་འཐབ་པའི་ སྐབས་ ལྟ་བཤལཔ་ཚུ་གིས་ ཁོང་གི་ ཁ་སྐད་ནང་ལས་སླབ་ད་ ལོག་སྟེ་ ལན་སླབ་མ་ཚུགས་པར་ ཚོང་བཙོང་ ནི་ལུ་ ལཱ་ཁག་བཏང་ཡོད་པའི་ཁར་ ཚོང་འབྲེལ་ལུ་ཡང་ ཐོ་ཕོག་ཡི་ཟེར་ ཨིན་པས།

ཨིན་རུང་ ད་རེས་ཀྱི་གནས་ སྟངས་ནང་འབད་བ་ཅིན་ མོ་གིས་ ཁ་སྐད་ཚུ་ཧ་ལམ་ སྦྱང་སྟེ་ཡོདཔ་ ལས་ ཟླཝ་རེ་ནང་ འོང་འབབ་ དངུལ་ཀྲམ་༣༠༠༠ དེ་རེ་ བཟོ་ ཚུགསཔ་མས་ཟེར་ཨིནམ་ད་ མོ་ གིས་ ས་ཁོངས་ཀྱི་གླ་དངུལ་ཀྲམ་ ༢༥༠ རེ་ བྱིན་དོ་ཡོདཔ་ཨིན་པས།

མོ་བཟུམ་སྦེ་ སྐྱེས་ལོ་༤༠ ལང་མི་ པདྨ་ལྷ་མོ་གིས་ཡང་ ས་ ཁོངས་ནང་ ལག་བཟོ་དང་ཁྱིམ་ནང་ གི་བཟོ་ཆས་ཀྱི་རིགས་ཚུ་ བཙོང་དོ་ ཡོད་རུང་ མོ་གིས་ འབྲིང་རིམ་སློབ་ གྲྭ་བར་མ་ཚུན་ དཔེ་ཆ་ལྷབ་ཡོདཔ་ ལས་ མོ་ལུ་ ཕྱི་མི་ཚུ་དང་འབྲེལ་བ་ འཐབ་ནི་ལུ་ དཀའ་ངལ་མེདཔ་ཨིན་ པས།

ཨིན་རུང་ འགོ་དང་པ་ རྒྱ་གར་ གྱི་བལྟ་བཤལཔ་ཚུ་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ལུ་ གདོང་ལེན་ འབྱུང་ཡི་ཟེར་ མོ་གིས་བཤདཔ་ཨིན་ རུང་ ད་རེས་ནངས་པར་ མོ་གིས་ལྟ་ བཤལཔ་ཚུ་དང་གཅིག་ཁར་ འབྲེལ་ བ་འཐབ་ནི་ལུ་ དཀའ་ངལ་མེདཔ་ ཨིན་པས།

མོ་གིས་སླབ་མིའི་ནང་ ཚོང་ འབྲེལ་འགོ་བཙུགས་མི་དེ་གིས་ ལྟ་ བཤལཔ་ཚུ་གི་ ཁ་སྐད་ཚུ་ སྦྱང་ ཚུགས་ཏེ་ཡོད་པའི་ཁར་ རམ་ཐང་ཁ་ ལུ་ ཨ་རྟག་ར་ ལྟ་བཤལཔ་དང་ ལམ་སྟོན་པ་ཚུ་ སྤུང་འཛོམས་འབད་ ནི་དེ་གིས་ ས་ཁོངས་དེ་ནང་ཡོད་མི་ ཨམ་སྲུ་ཚུ་གིས་ ཁ་སྐད་མ་འདྲཝ་ ཚུ་ ལྷབ་སྦྱང་འབད་ཚུགས་མས་ཟེར་ ཨིན་པས།

ཚོང་འབྲེལ་དེ་གིས་ ཨམ་སྲུ་ཚུ་ གིས་ ཁོང་རའི་བཟའ་ཚང་ནང་ འོང་ འབབ་ལྷན་ཐབས་བཟོ་ཚུགས་ནིའི་ ནང་ ཕན་ཐོགས་ཏེ་ཡོདཔ་ད་ རམ་ ཐང་ཁ་ལུ་ དྲོ་པ་ལས་ཕྱི་རུ་ཚུན་ ལྟ་ བཤལཔ་ཚུ་མ་ཆད་པར་ འོང་ནི་དེ་ གིས་ ཨམ་སྲུ་ཚུ་ག་ར་ ཚོང་བཙོང་ སྟེ་ ཏི་རུ་ཚུ་ བརྗེ་སོར་འབད་ས་ མཐོངམ་ཨིན་པས།

ཚོང་འབྲེལ་དེ་ལས་བརྟེན་ ཨམ་ སྲུ་ཚུ་ལུ་ ཧེ་མ་ ཕྱིའི་ཁ་སྐད་ཚུ་ སླབ་ནིའི་ནང་ དཀའ་ངལ་ཡོད་མི་དེ་ ད་རེས་ དཀའ་ངལ་སེལ་ཚུགས་ཏེ་ ཡོད་པའི་ཁར་ རྒྱ་གར་ ཨུ་ཏར་པྲ་ དེཤ་ལས་ཨིན་མི་ སཱན་ཏཱོཤ་ སིང་ གིས་སླབ་མིའི་ནང་ ཁོང་རའི་ཁ་སྐད་ ཧིན་དི་དང་ཨིང་སྐད་སླབ་ཚུགས་མི་ ཚོང་པ་ཚུ་ཕྱད་ནི་དེ་གིས་ སྟབས་བདེ་ བས་ཟེར་ཨིན་པས།

ཨིན་རུང་ ཁོ་གིས་སླབ་མིའི་ ནང་ ཅ་ལ་ཚུ་གི་གོང་ཚད་ ཕབ་ ཆགས་འབད་ནི་ལུ་ ལཱ་ཁག་འདུག་ ཟེར་ཨིནམ་ད་ ས་གནས་ནང་གི་མི་ ཚུ་དང་གཅིག་ཁར་ དུས་ཡུན་རིངམོ་ སྦེ་ བློ་སླབ་དགོ་མནོ་རུང་ ཨམ་སྲུ་ ཚུ་གིས་ ཁོང་གི་ཁ་སྐད་དེ་ཅིག་ སླབ་མི་ཚུགས་པས་ཟེར་ཨིན་པས།

རྒྱལ་ཁབ་ནང་ འགོ་དང་པ་ འོང་མི་ ཡུ་ནའི་ཊེཊ་ ཨིསི་ཊེཊ་ལས་ ཨིན་མི་ སྐྱེས་ལོ་༤༨ ལང་མི་ བལྟ་ བཤལཔ་ བཱོན་ ངའུ་གིས་སླབ་མིའི་ ནང་ ལག་བཟོའི་རིགས་ཚུ་ ཉོ་བའི་ སྐབས་ ཚོང་དཔོན་ཚུ་དང་གཅིག་ ཁར་ འབྲེལ་བ་འཐབ་ནི་ལུ་ ཁ་སྐད་ ཀྱི་དཀའ་ངལ་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཨམ་ སྲུ་ཚུ་གིས་ ཨིང་སྐད་སླབ་ཚུགས་ཏེ་ འབད་རུང་ ལག་བཟོའི་ཐོན་སྐྱེད་ཚུ་ གི་ ངོ་རྟགས་ཚུ་ ག་ཅི་ཨིན་ན་ སླབ་ མ་ཚུགསཔ་ལས་ ལམ་སྟོན་པ་ལུ་ སླབ་སྟེ་ ཉོ་ཡི་ཟེར་ཨིན་པས།

སློབ་རིམ་༡༢ པ་མཇུག་བསྡུ་ མི་ བསོད་ནམས་ཆོས་སྒྲོན་དེ་ ཧེ་མ་ ལས་ ཨིང་སྐད་སྦྱང་ཡོད་ནི་དེ་གིས་ ཨམ་སྲུ་གཞན་ཚུ་དང་ཕྱདཔ་ད་ ལག་བཟོའི་རིགས་ཚུ་བཙོང་ནིའི་ནང་ ཁེ་ཕན་འབྱུང་སྟེ་ཡོད་པའི་ཁར་ ཚོང་ ཆས་ཡང་ མང་སུ་སྦེ་ བཙོང་ཚུགས་ དོ་ཡོདཔ་ཨིན་པས།

མོ་གིས་སླབ་མིའི་ནང་ ཚོང་ འབྲེལ་དེ་ལས་བརྟེན་ མོ་གིས་ ད་ རེས་ ཧིན་དི་དང་ནེ་པཱ་ལི་ དེ་ལས་ ཀོ་ཡི་ཡཱན་དང་རྒྱ་ནག་གི་ཁ་སྐད་ཚུ་ ཡང་ དུམ་གྲ་རེ་ སླབ་ཚུགས་པས་ ཟེར་ཨིན་པས།

བཙན་ཏོག་ལས་ཨིན་མི་ སྐྱེས་ ལོ་༥༢ ལང་མི་ རྣམ་རྒྱས་བཟང་མོ་ གིས་ སློབ་གྲྭ་ནང་མ་འགྱོ་སྟེ་འབད་ རུང་ མོ་གིས་ ཚོང་མགྲོན་པ་དང་ འབྲེལ་བ་འཐབ་ནི་ལུ་ དཀའ་ངལ་ མ་འབྱུང་ཟེར་ཨིན་པས།

ཤར་རི་ལས་ཨིན་མི་ སྐྱེས་ལོ་ ༤༥ ལང་མི་ སྐལ་བཟང་ཆོས་སྒྲོན་ གྱིས་སླབ་མིའི་ནང་ ལྟ་བཤལཔ་ མངམ་སྦེ་ འོང་པའི་དུས་ཚོད་སྐབས་ ཁོང་གིས་ ཟླཝ་རེ་ནང་ དངུལ་ཀྲམ་ ༡༠,༠༠༠ དང་༡༥,༠༠༠ བར་ན་ འོང་འབབ་བཟོ་ཚུགས་པས་ཟེར་ ཨིནམ་ད་ དེ་སྐབས་ ཉིནམ་རེ་ནང་ འགྲུལ་འཁོར་བཱསི་༡༥ དང་༢༠ འི་ བར་ན་ འོང་དོ་ཡོདཔ་ཨིན་པས།

ལྟ་བཤལཔ་ཉུང་སུ་འོང་བའི་ དུས་ཚོད་སྐབས་ དངུལ་ཀྲམ་༢༠༠༠ ལས་༣༠༠༠ གི་བར་ན་ བཟོ་ཚུགས་ པས་ཟེར་ཨིནམ་ད་ མོ་གིས་སླབ་ མིའི་ནང་ ཕྱིའི་ཁ་སྐད་མ་ཤེས་པའི་ དཀའ་ངལ་ཡོདཔ་ལས་ ཚོང་མགྲོན་ པ་ཚུ་གིས་ ཅ་ལ་ཅིག་འཐུ་སྟེ་ ཁོང་ གི་ཁ་ནང་སླབ་ད་ ང་བཅས་ཀྱིས་ ཧ་ གོ་མ་ཚུགས་པར་ ལོག་སླབ་མ་ ཤེས་ནི་དེ་གིས་ ཅ་ལ་བཙོང་མ་ ཚུགས་པར་ ལུསཔ་མས་ཟེར་ཨིན་ པས།

ཨིན་རུང་ ཉིན་བསྟར་བཞིན་དུ་ ལྟ་བཤལཔ་མ་འདྲཝ་ཚུ་དང་གཅིག་ ཁར་ འབྲེལ་བ་འཐབ་སྡོད་ནི་དེ་གིས་ ཁ་སྐད་ཚུ་ཧ་གོ་ཚུགསཔ་ལས་ ཚོང་ འབྲེལ་ལུ་ཡང་ ཕན་ཐོགས་ཏེ་ཡོད་ ཟེར་ མོ་གིས་བཤད་པའི་ཁར་ རམ་ ཐང་ཁ་ལུ་ ད་རེས་ ལག་བཟོའི་ རིགས་བཙོང་མི་ ཚོང་ཁང་༢༨ དེ་ ཅིག་ ཡོད་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.