ཨམ་སྲུ་ཚོགས་རྒྱན་བཙུགས་མི་ཚུ་གིས་ ཨམ་སྲུ་འདེམས་ངོ་ཚུ་ལུ་ རྒྱབ་སྐྱོར་འབད་འོང་ག?

Business Bhutan - - འབྲུག་ཚོང་འབྲེལ། -

༉ འདས་པའི་བཙག་འཐུ་ཚུ་ལུ་བལྟ་ བ་ཅིན་ སྲིད་དོན་ནང་ ཨམ་སྲུ་བཅའ་ མར་གཏོགས་མི་ མང་སུ་ཐོན་བཅུག་ ནིའི་ ཐབས་ལམ་ཚུ་བཏོན་ཏེ་ཡོད་རུང་ ཚོགས་རྒྱན་བཙུགས་མི་ ཨམ་སྲུ་ཚུ་ གིས་རྒྱབ་སྐྱོར་ཚུ་ ལེགས་ཤོམ་སྦེ་ འཐོབ་མ་ཚུགས་པར་ཡོདཔ་ཨིན།

དེ་ཡང་ འདས་པའི་བཙག་འཐུ་ ཐེངས་གཉིས་ འགོ་འདྲེན་འཐབ་པའི་ སྐབས་ཀྱི་ གྲུབ་འབྲས་ལས་ཤེས་ ཚུགས་རུང་ འཕྲལ་མགྱོགས་ར་ འགོ་ བཙུགས་ནི་ཨིན་མི་ རྒྱལ་ཡོངས་ ཚོགས་འདུའི་བཙག་འཐུ་ནང་ ག་དེ་སྦེ་ འགྱོ་འོང་ག་ སླབ་མི་ཤེས་ནི་ཨིན་ པས།

འདི་འབདཝ་ལས་ སྲིད་དོན་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་ གིས་ ཚོགས་རྒྱན་བཙུགས་མི་ ཨམ་ སྲུ་ཚུ་ལུ་ བློ་གཏད་ཚུགས་ག་ཟེར་བའི་ དྲི་བ་ཤར་བའི་ཁར་ སྤྱི་ལོ་༢༠༠༨ སྤྱི་ ཟླ་གསུམ་པའི་ཚེས་༥ ལུ་ རྒྱལ་ ཡོངས་ཚོགས་འདུའི་དོན་ལུ་ ཁྱད་ཚད་ ལྡན་མི་ ཚོགས་རྒྱན་བཙུགས་མི་ གསལ་བསྒྲགས་འབད་བའི་སྐབས་ ༣༡༨,༤༦༥ ཡོད་པའི་ གསལ་སྟོན་ འབད་ནུག།

དེ་བསྒང་ མི་སེར་དམངས་གཙོ་ ཚོགས་པ་གིས་ ཨམ་སྲུ་འདེམས་ངོ་ དྲུག་དང་ འབྲུག་ཕུན་སུམ་ཚོགས་ པའི་ནང་ ཨམ་སྲུ་བཞི་ གིས་ བཙག་ འཐུ་འགྲུབ་ཚུགས་མི་དེ་ རྒྱལ་ཡོངས་ ཚོགས་འདུའི་བཙག་འཐུ་ནང་ ཨམ་ སྲུ་དོ་འགྲན་འབད་མིའི་བརྒྱ་ཆ་དེ་༡༤ ལས་མེདཔ་ཨིན་པས།

དེ་ལས་ སྤྱི་ལོ་༢༠༡༣ གྱི་ བཙག་འཐུ་སྐབས་ མི་སེར་དམངས་ གཙོ་ཚོགས་པའི་ནང་ ཨམ་སྲུ་གསུམ་ དང་ འབྲུག་ཕུན་སུམ་ཚོགས་པའི་ནང་ ཕུད་རྡོག་གཅིག་འབདཝ་ད་ བཞི་ལས་ བཙག་འཐུ་མ་འགྲུབ་པའི་ཁར་ ཚོགས་པ་གཉིས་ནང་ ཨམ་སྲུ་བཅའ་ མར་གཏོགས་མི་བསྡོམས་ཀྱིས་ བཅུ་ ཐམ་ལས་མ་ཐོནམ་ལས་ ཨམ་སྲུ་ བཙག་འཐུ་འགྲུབ་མིའི་བརྒྱ་ཆ་དེ་༨ ལས་མེདཔ་ཨིན་པས།

དེ་བསྒང་ ཨམ་སྲུ་བློན་པོ་དང་པ་ ཡང་ བསྐོ་བཞག་འབད་ཡོདཔ་ད་ བཙག་འཐུ་དེ་གི་སྐབས་ལུ་ ཨམ་སྲུ་ ཚོགས་རྒྱན་བཙུགས་ནི་ལུ་ ཁྱད་ཚད་ ལྡན་མི་༢༠༥,༢༤༧ དང་ཕོ་སྐྱེས་ ༡༩༦,༩༠༢ ཡོདཔ་ཨིན་པས།

འབྲུག་མཉམ་རུབ་ཚོགས་པའི་ ནང་ ད་རེས་ཀྱི་བཙག་འཐུ་དོན་ལུ་ ཨམ་སྲུ་ལྔ་ཡོད་པའི་ཁར་ མི་སེར་ དམངས་གཙོ་ཚོགས་པའི་ནང་གཉིས་ འབྲུག་ཕུན་སུམ་ཚོགས་པའི་ནང་ལྔ་ དེ་ལས་ འབྲུག་ཀུན་མཉམ་ཚོགས་ པའི་ནང་ ཚོགས་པའི་གཙོ་འཛིན་ གནས་བརྟན་བཟང་མོ་རྩིས་ཏེ་ དྲུག་ ཡོདཔ་ཨིན་པས།

སྤྱི་ལོ་༢༠༡༨ སྤྱི་ཟླ་༧ པ་ཚུན་ བཙག་འཐུ་ལྷན་ཚོགས་ཀྱིས་ ཁྱད་ ཚད་ལྡན་མི་ ཚོགས་རྒྱན་བཙུགས་མི་ ༤༣༨༦༦༣ ཐོ་བཀོད་འབད་མི་ལས་ ཨམ་སྲུ་ཁྱད་ཚད་ལྡན་མི་༢༢༤༥༥༠ ཡོདཔ་ད་ དུས་ཅི་ལོའི་བཙག་འཐུ་ནང་ ཨམ་སྲུ་བསྡོམས་ཀྱིས་༡༨ ཀྱིས་ བཅའ་མར་གཏོགས་མི་དེ་ བརྒྱ་ཆ་ ལས་བཅད་པ་ཅིན་༩.༥༧ གྱི་རྩིས་ ཨིན་པས།

ང་བཅས་ཀྱིས་དྲི་བཀོད་འབད་ བའི་སྐབས་ ཚོགས་རྒྱན་བཙུགས་མི་ མང་ཤོས་ཀྱིས་ འདེམས་ངོའི་ལྕོགས་ གྲུབ་ལུ་བལྟ་སྟེ་མ་གཏོགས་ ཕོ་མོའི་ དབྱེ་བ་ལུ་ ཚོགས་རྒྱན་བཙུགས་ནི་ མེད་ཟེར་ཨིན་པས།

ཨིན་རུང་ མི་སྡེའི་ནང་ འགོ་ ཁྲིདཔ་འབད་ནི་དེ་ ཨམ་སྲུ་ལས་ཕོ་ སྐྱེས་ཚུ་ར་དྲག་ཟེར་བའི་ མནོ་ལུགས་ དེ་ ད་ལྟོ་ཡང་ཡོད་རུང་ ལས་སྡེ་ཅིག་ ནང་ ལཱ་འབད་མི་ ཨམ་སྲུ་ཅིག་གིས་ སླབ་མིའི་ནང་ ཚོགས་རྒྱན་བཙུགས་ པའི་སྐབས་ ཕོ་མོའི་ཁྱད་པར་ ཕྱེ་ནི་ མེད་ཟེར་ཨིན་པས།

ང་ར་ ཨམ་སྲུ་ཅིག་འབད་ནི་དེ་ གིས་ ཨམ་སྲུ་འདེམས་ངོ་ཚུ་ལུ་ ལྕོགས་གྲུབ་ཡོད་པ་ཅིན་ དེ་ལུ་ར་ རྒྱབ་སྐྱོར་འབད་འོང་ཟེར་ མོ་གིས་ བཤད་ཅི།

ཨསི་ཊྱི་ལི་ཡ་ལུ་ བརྡ་བརྒྱུད་ ནང་མཐོ་རིམ་གོང་མའི་ ཤེས་ཡོན་སྦྱང་ མི་ ཏ་ར་ ལིམ་བུ་གིས་སླབ་མིའི་ནང་ སྲིད་དོན་ནང་ ཨམ་སྲུ་ཚུ་གིས་ གོ་ གནས་ཅན་གྱི་འགན་ཁུར་འབག་མི་ མེད་པ་ཅིན་ ཚོགས་རྒྱན་གྱི་རྒྱབ་སྐྱོར་ འབད་མི་ ཨམ་སྲུ་མིན་འདུག་ཟེར་ ཁ་ གཏང་ནི་དེ་ འོས་འབབ་མི་མཐོང་པས་ ཟེར་བཤད་ཅི།

མོ་གིས་སླབ་མིའི་ནང་ ཨམ་སྲུ་ ཚུ་ལུ་ རྒྱབ་སྐྱོར་འབད་ནིའི་ཐད་ཁར་ ལྷོདཔ་ད་ ཕོ་མོའི་ཁྱད་པར་ལུ་བརྟེན་ མེན་པར་ རང་སོའི་ལུགས་སྲོལ་དང་ མིའི་མནོ་ལུགས་ དེ་ལས་ གཞན་ཡང་ གནད་དོན་སོ་སོར་ཡོད་མི་ལུ་བརྟེན་ གནས་སྟངས་དེ་ལུ་ འགྱུར་བ་བཟོ་མ་ ཚུགས་པས་ཟེར་བཤད་ཅི།

རྒྱང་བསྒྲགས་རེ་ཌི་བོ་ནང་ལཱ་ འབད་མི་ སུ་མི་ཏ་ པྲ་དཱན་གྱིས་སླབ་ མིའི་ནང་ ཨམ་སྲུ་ཚུ་གིས་ གདོང་ ཁར་ཐོན་ཏེ་ གོ་སྐབས་བྱིན་པའི་ སྐབས་ གོ་སྐབས་ལེན་ནི་དེ་ ཁག་ཆེ་ བས་ཟེར་ཨིནམ་ད་ གྲྲོང་གསེབ་ནང་ ལས་ཕར་ ཨམ་སྲུ་ཚུ་ ཕོ་སྐྱེས་དང་ ཕྱདཔ་ད་ ཁྱད་པར་ཡོདཔ་སྦེ་ མནོ་ བསམ་བཏང་ཐངས་ཡོད་མི་དེ་ འགྱུར་ བཅོས་འབད་དགོཔ་འདུག་ཟེར་ཨིན་ པས།

མོ་གིས་སླབ་མིའི་ནང་ ཨམ་སྲུ་ ཚུ་གིས་ ག་ཅི་འབད་རུང་ ལྕོགས་ གྲུབ་ཡོདཔ་ལས་ གོ་སྐབས་ལེན་ དགོཔ་འདུག་ཟེར་ཨིནམ་ད་ བློ་ལྡན་ གཞི་ཚོགས་ནང་ ལམ་སྲོལ་གྱི་ཞིབ་ འཚོལ་པ་ བསམ་གཏན་ཡེ་ཤེས་ ཀྱིས་སླབ་མིའི་ནང་ ཨམ་སྲུ་ཚུ་གིས་ ཨམ་སྲུ་འདེམས་ངོ་ལུ་ རྒྱབ་སྐྱོར་ འབད་ནི་དང་ ཕོ་སྐྱེས་ཚུ་གིས་ ཕོ་ སྐྱེས་འདེམས་ངོ་ལུ་ རྒྱབ་སྐྱོར་འབད་ དགོ་པའི་ དོན་དག་ཅིག་མི་མཐོང་ པས་ཟེར་ཨིན་པས།

སྐྱེས་ལོ་༣༤ ལང་མི་ སྒེར་གྱི་ ལས་སྡེ་ཅིག་ནང་ ལཱ་འབད་མི་ བཟང་ མོ་གིས་འབད་བ་ཅིན་ གནས་སྟངས་ ལ་ལོ་ནང་ བདེན་པ་འོང་སྲིད་རུང་ མོ་ གིས་འབད་བ་ཅིན་ འདེམས་ངོའི་ ལྕོགས་གྲུབ་ལུ་ རག་ལས་འོང་ཟེར་ ཨིན་པས།

ད་རེས་ཀྱི་བཙག་འཐུ་ནང་ བཅའ་མར་གཏོགས་མི་ ཨམ་སྲུ་ཚུ་ གིས་ དོན་དག་ཡོད་པའི་ ཐབས་བྱུས་ དང་འབད་ཚུགས་པའི་ཁས་བླངས་ཚུ་ འབད་ནི་མེན་པར་ དོན་མེད་པའི་ ཁས་ བླངས་ཚུ་འབད་ནི་མི་འོང་ཟེར་བཤད་ ཅི།

ཁེ་མིན་ལས་ཚོགས་ཅིག་ནང་ལཱ་ འབད་མི་ བསྟན་འཛིན་རབ་རྒྱས་ཀྱིས་ འབད་བ་ཅིན་ འབྲུག་པའི་ཨམ་སྲུ་ཚུ་ གིས་ ཨམ་སྲུ་འདེམས་ངོ་ཚུ་ལུ་ ཚོགས་རྒྱན་བཙུགས་ནི་མེད་ཟེར་མི་ལུ་ ངོས་ལེན་མེད་ཟེར་ཨིན་པའི་ཁར་ ཁོ་ གིས་འབད་བ་ཅིན་ ཨམ་སྲུ་འདེམས་ ངོ་ཚུ་གིས་ ཨམ་སྲུ་ཚུ་ལུ་ ཡིད་ཆེས་ བསྐྱེད་ཚུགསཔ་འབད་དགོ་ཟེར་བཤད་ ཅི།

སཱག་ལུང་ཕྱོགས་རྒྱལ་ཁབ་ནང་ ལས་ འབྲུག་གི་རྒྱལ་ཡོངས་སྲིད་དོན་ ནང་བཅའ་མར་གཏོགས་མིའི་བརྒྱ་ཆ་ དེ་༨.༣ ཡོད་མི་དེ་ ལུང་ཕྱོགས་ནང་ ཨམ་སྲུའི་བཅའ་མར་གཏོགས་མི་ མཐོ་ཤོས་ ཨང་ལྔ་པ་ཨིན་པའི་གནས་ ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.