བསམ་གྲུབ་ལྗོངས་མཁར་གྱི་ས་མཚམས་ས་གནས་ གུ་ད་ མ་ལུ་ བུ་རས་ཀྱི་ཚོང་འབྲེལ་ཡར་སེང་འགྱོ་དོ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ བསམ་གྲུབ་ལྗོངས་མཁར་ཁྲོམ་ ལས་ རྒྱ་གར་གྱི་ས་གནས་ཨ་སམ་ ལུ་ ཀི་ལོ་མི་ཊར་བཞི་དེ་ཅིག་གི་ས་ ཁར་ ཡོངས་གྲགས་ལུ་ གུ་ད་མ་ཟེར་ མི་ས་ཁོངས་དེ་ནང་ འབྲུག་པའི་རང་ ལུགས་ཀྱི་ཐོག་ལས་ འཐགས་སྲོལ་ ཡོད་མི་ གོ་ལའི་རིགས་ཚུ་ ཐགས་ཏེ་ བཙོང་ནིའི་དོན་ལུ་ བརྩེག་བཞག་ས་ མཐོང་ཚུགསཔ་ཨིན་པས།

ས་ཁོངས་དེ་ནང་འགྱོ་བལྟ་བ་ ཅིན་ འབྲུག་མི་ཚུ་སྤུངས་ས་མཐོང་ པའི་ཁར་ བགོ་ལ་དང་དཀྱི་རས་ཀྱིས་ མ་ཚད་ གཞན་ཡང་ བུ་རས་ཀྱི་ འཐགས་མི་ བཀབ་ནེ་དང་སྟོད་བགོ་ ལ་སོགས་པའི་ གྱོན་ཆས་ཚུ་བཙོང་ནི་ འདུག།

མི་ཚུ་གིས་ རང་གྱོན་ནི་དང་ འཕྱོགསམ་འབྱིན་ནིའི་དོན་ལུ་ ཉོ་ འབག་དོ་ཡོད་རུང་ ཉོ་མི་མང་ཤོས་ར་ ཤར་ཕྱོགས་རྫོང་ཁག་གི་ མི་ཚུ་ཨིན་ པའི་ཁར་ འདས་པའི་ལོ་༢༥ གི་རིང་ བུ་རས་ཀྱི་ཚོང་རྐྱབ་སྡོད་མི་ སྐྱེས་ལོ་ ༤༤ ལང་མི་ གུབ་ཏ་གིས་ཚོང་ཉོ་བར་ འོང་མི་ཚུ་ལུ་ ཤར་ཕྱོགས་པའི་ཁ་སྐད་ ཐོག་ལས་ བུ་རས་ཉོ་ནི་ཨིན་ན་ཟེར་ སླབ་ཨིན་པས།

གུབ་ཏ་བཟུམ་སྦེ་ གཞན་རྒྱ་གར་ གྱི་ཚོང་པ་ཚུ་གིས་ཡང་ ཤར་ཕྱོགས་ པའི་ཁ་སྐད་དེ་ ལེགས་ཤོམ་སྦེ་ སྦྱང་ སྟེ་ཡོད་པའི་ཁར་ ས་ཁོངས་དེ་ནང་ སྡོད་མི་ རྒྱ་གར་གྱི་མི་ཁུངས་ཚུ་གིས་ དང་ཕུག་ལས་ ཤར་ཕྱོགས་ཁ་ཐུག་ གི་ མི་ཚུ་དང་གཅིག་ཁར་ འབྲེལ་བ་ འཐབ་སྟེ་ སྡོད་ཡོདཔ་ཨིན་པས།

ཁོ་རའི་ཚོང་ཁང་ནང་ ཉིན་བསྟར་ བཞིན་དུ་ འབྲུག་མི་༢༠ དེ་ཅིག་གིས་ ཚོང་ཉོ་བར་འོང་དོ་ཡོདཔ་ལས་ ཁོ་ གིས་ ཟླཝ་རེ་ནང་ དངུལ་ཀྲམ་འབུམ་ ༢ ལྷགཔ་རེ་གི་ བུ་རས་ཀྱི་གྱོན་ཆས་ ཀྱི་རིགས་ཚུ་ བཙོང་ཚུགས་དོ་ཡོདཔ་ ཨིན་པས།

ང་གི་ཚོང་ཉོ་མི་ སྤ་རོ་དང་ཐྱིམ་ ཕུག་ལས་ཡང་ འོང་ནི་ཡོད་ཟེར་ ཁོ་ གིས་བཤད་པའི་ཁར་ མང་ཤོས་ཀྱིས་ གནམ་དགུན་དང་བྱཱར་གྱི་ངལ་གསོ་ སྐབས་ ཚོང་ཉོ་བར་འོང་ནི་ཡོད་ཟེར་ ཨིན་པས།

དེ་སྐབས་ལུ་ གོང་ཚད་ཡང་ ལེགས་ཤོམ་འཐོབ་ཚུགས་ནི་དེ་གིས་ ཁེ་སང་ཡང་ དེ་གི་སྐབས་ལུ་ མངམ་ བཟོ་ཚུགས་དོ་ཡོདཔ་ད་ དཀྱི་རས་ དང་བགོ་གི་གོང་ཚད་ཚུ་ཡང་ མཐོ་ ཤོས་དངུལ་ཀྲམ་༡༥,༠༠༠ དེ་ཅིག་ འབད་མི་ཚུ་ཡོདཔ་ད་ སྤུས་ཚད་དང་ འཁྲིལ་ གོང་ཚད་ལུ་ཡང་ ཁྱད་པར་ ཡོདཔ་ཨིན་པས།

གཞན་མི་ཚོང་པ་ཅིག་གིས་སླབ་ མིའི་ནང་ ཁོ་གི་ཟླ་རིམ་གྱི་ཚོང་འབྲེལ་ དེ་ དངུལ་ཀྲམ་༥༠,༠༠༠ ལས་ འབུམ་༢ དེ་རེ་ བཟོ་ཚུགས་པས་ཟེར་ ཨིནམ་ད་ དེ་བཟུམ་སྦེ་ སྦུང་ཚོང་རྐྱབ་ མི་ ཝི་ཇེ་གིས་སླབ་མིའི་ནང་ ཁོ་གིས་ ཚོང་བཙོང་པའི་སྐབས་ བགོ་ལ་རེ་ ལས་ ཁེ་སང་ཉུང་སྦེ་བཞག་སྟེ་ བཙོངམ་ཨིན་ཟེར་བཤད་ཅི།

ང་གི་ཚོང་ཉོ་མི་ཚུ་ ཐྱིམ་ཕུག་དང་ བུམ་ཐང་ དེ་ལས་ སྤ་རོ་ལས་འོང་ནི་ ཡོད་ཟེར་ཨིན་པའི་ཁར་ ཚོང་ཉོ་མི་ཚུ་ གིས་ ཟླཝ་རེ་ནང་ཚར་རེ་འོངམ་ད་ དངུལ་ཀྲམ་འབུམ་༢ དེ་རེ་གི་ཚོང་ ཉོ་ འབག་ནི་ཡོད་ཟེར་ཨིན་པས།

བཀྲིས་སྒང་ལས་ཨིན་མི་ བུ་ རས་ཀྱི་ཚོང་རྐྱབ་སྡོད་མི་ སྐྱེས་ལོ་༢༨ ལང་མི་ བསོད་ནམས་རྒྱ་མཚོ་གིས་ འདས་པའི་ལོ་གཉིས་ཀྱི་ཧེ་མ་ལས་ བུ་རས་ཀྱི་ཚོང་རྐྱབ་ནི་འགོ་བཙུགས་ ཡི་ཟེར་ཨིན་པས།

ང་གིས་ ང་རའི་ཨ་པ་གི་ཚོང་ རྐྱབ་མི་དེ་ འཕྲོ་མཐུད་དེ་རྐྱབ་དོ་ཟེར་ ཨིནམ་ད་ ཁོ་གི་ཨ་པ་གིས་ ལོ་ངོ་ བཅུ་ཕྲག་གཉིས་ཀྱི་ཧེ་མ་ལས་ བུ་ རས་ཀྱི་ཚོང་ རྐྱབ་ཡོདཔ་ཨིན་པས།

མི་ག་ར་གིས་ བུ་རས་ཉོ་ནི་དེ་ གིས་ དེ་ནང་ལས་ ཁེ་སང་ཡང་ ལེགས་ཤོམ་བཟོ་ཚུགས་པས་ཟེར་ ཁོ་གིས་བཤད་པའི་ཁར་ ཚོང་བཙོང་ མ་ཚུགས་པའི་ དཀའ་ངལ་མིན་ འདུག་ཟེར་ཨིན་པས།

ད་རེས་ནངས་པར་ རྒྱལ་ཁབ་ ནང་ བུ་རས་ཀྱི་ཐོན་སྐྱེད་ཚུ་ ཉོ་མི་ག་ འཐོབ་རྐྱབ་སྟེ་ འོང་ནི་འདུག་ཟེར་ ཨིནམ་ད་ བསོད་ནམས་རྒྱ་མཚོ་ བཟུམ་སྦེ་ ལ་ལོ་གིས་ ལོ་བསྟར་ བཞིན་དུ་ རང་གི་བཟའ་ཚང་གི་དོན་ ལུ་ བུ་རས་ཉོ་བར་འོང་མི་ཡོདཔ་ཨིན་ པས།

ཚོང་པ་ཅིག་གིས་སླབ་མིའི་ནང་ མི་ཚུ་གིས་ བུ་རས་ཉོ་ནི་སྦེ་འོང་པ་ ཅིན་ སྡོད་ས་ཡང་ཡོད་ཟེར་ཨིན་པའི་ ཁར་ ས་ཁོངས་དེ་ནང་ བུ་རས་བཙོང་ མི་༥༠ ཡོད་ས་ལས་དགུ་གིས་ སྦུངས་ཚོང་སྦེ་ བཙོང་དོ་ཡོདཔ་ཨིན་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.