རྡོ་རོ་ཁའི་ཚོང་པ་ཚུ་གིས་ གཏན་འཇགས་ཀྱི་ཁྲོམ་སྦེ་ ཡར་སེང་ འབད་ནིའི་ རེ་བ་བསྐྱེད་དོ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ རྡོ་རོ་ཁ་གི་གཡུས་ཚན་ཚུ་ནང་ཡང་ འཁོར་ལམ་ལྷོད་དེ་ ལོ་ངོ་བཅུ་ཕྲག་ ལོང་དོ་ཡོད་རུང་ རྡོ་རོ་ཁོ་ཁྲོམ་དེ་ ད་ལྟོ་ ཡང་ གོང་འཕེལ་མ་འགྱོཝ་ལས་ སའི་ ཇོ་བདག་ཚུ་གིས་ ཁྲོམ་རྒྱ་བསྐྱེད་ འབད་ནིའི་དོན་ལུ་ བཟོ་སྐྲུན་གྱི་གནང་ བ་འཐོབ་ནི་ལུ་ བསྒུག་སྟེ་ཡོདཔ་ཨིན་ པས།

ད་ལྟོའི་ཁྲོམ་དེ་ ཁྱིམ་རྙིངམ་དང་ གསརཔ་དག་པ་རེ་རྐྱབ་སྟེ་ཡོད་མི་ ཁྲོམ་མི་ཚུ་ཡོད་པའི་ཁར་ སྤྱི་ལོ་༡༩༦༠ དེ་ཅིག་ཁར་ ཆགས་ཡོད་པའི་ཁྲོམ་དེ་ གིས་ ད་རེས་ མི་མང་གི་དོན་ལུ་ ཁྲོམ་གྱི་མཐུན་རྐྱེན་ཚུ་ སྤྲོད་དེ་འདུག།

ཁྲོམ་དེ་ཁར་ འགོ་དང་པ་གཞི་ ཆགས་མི་ ཨཔ་ཤེས་རབ་རྡོ་རྗེ་གིས་ བཤད་མིའི་ནང་ གཡུས་ཁའི་མི་ཚུ་ གིས་ ལཱ་ཁག་སྦེ་ བསམ་རྩེ་ཚུན་ ཉེ་ བར་མཁོ་བའི་ཅ་ཆས་ཚུ་ཉོ་བར་ འགྱོ་ མ་དགོཔ་བཟོ་ནིའི་དོན་ལུ་ ས་ཁོངས་ དེ་ནང་ ཁོ་གིས་ཚོང་ཁང་ཆུང་ཀུ་ཅིག་ བཙུགས་ཏེ་ཡོདཔ་ཨིན་པས།

མི་ཚུ་གིས་ བསམ་རྩེ་ལུ་འགྱོ་ བའི་སྐབས་ གཙང་ཆུ་རོ་ཅིག་གུ་ལས་ ཐེངས་༢༢ དེ་ཅིག་ བརྒལ་ཏེ་འགྱོ་ དགོ་དོ་ཡོདཔ་ད་ བསམ་རྩེ་ལུ་ལྷོད་ ནིའི་དོན་ལུ་ ཉིནམ་༡ ལྷགཔ་ཅིག་ འགོར་དོ་ཡོདཔ་ཨིན་པས།

ད་རེས་ནངས་པར་ ཁྲོམ་དེ་ནང་ ཚོང་ཁང་མང་སུ་སྦེ་ འགོ་བཙུགས་མི་ དེ་གིས་ མི་ཚུ་གིས་ དེ་ནང་ལས་ཉོ་ འབག་དོ་ཡོདཔ་ད་ ཁྲོམ་དེ་གིས་ རྡོ་རོ་ ཁ་རྐྱངམ་ཅིག་མེན་པར་ ཧཱ་ལས་ བསམ་རྩེ་ལུ་ འགྲོ་འགྲུལ་འབད་མི་ཚུ་ ལུ་ཡང་ ཞབས་ཏོག་ཚུ་བྱིན་དོ་ཡོདཔ་ ཨིན་པས།

བ་ཟར་ད་ར་ལུ་གོང་འཕེལ་གྱི་ མཐུན་རྐྱེན་ཚུ་ཡང་ ཨཔ་ཤེས་རབ་རྡོ་ རྗེ་གིས་ཚོང་ཁང་འགོ་མ་བཙུགས་པའི་ ཧེ་མར་ ཚོང་ཁང་༣ འགོ་བཙུགས་ ཡོདཔ་ད་ གོང་འཕེལ་དུམ་ག་རེ་ འགྱོ་ ནི་འགོ་བཙུགས་ཡོདཔ་ཨིན་པས།

ཚོང་ཁང་འགོ་དང་པ་བཙུགས་ མིའི་ཇོ་བདག་གིས་ ལོ་ངོ་༢༨ དེ་ཅིག་ སོང་ཡོདཔ་ད་ ཁོ་གིས་ ཁྱིམ་ གསརཔ་རྐྱབ་ནིའི་ འཆར་གཞི་ཚུ་ འབད་དོ་ཡོདཔ་ད་ ཁོ་གིས་ ཚོང་ཁང་ བཙུགས་མི་དེ་ཡང་ ཁོ་རའི་ཨ་ལོ་ཚུ་ རྡོ་རོ་ཁ་སློབ་གྲྭ་ལྟེ་བ་ནང་ དཔེ་ཆ་ ལྷབ་བཅུག་ནིའི་དོན་ལུ་ འགོ་ བཙུགས་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ འགོ་དང་ པ་ ཚོང་ཁང་བཙུགས་པའི་སྐབས་ ཅ་ ལ་ཚུ་མི་དང་རྟ་གུ་བཀལ་ཏེ་ འབག་ དགོཔ་ལས་ དཀའ་ངལ་སྦོམ་སྡོད་ཡི་ ཟེར་ཨིནམ་ད་ བདེན་ཆུ་ཁ་དང་གདུང་ སྟོད་ཀྱི་མི་ཚུ་ཡང་ ཚོང་ཁང་དེ་ནང་ ལས་ ཉོ་ནི་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཚོང་ཁང་ བཙུགས་སའི་ས་ཁོངས་དེ་ གཡུས་ ཚན་ཚུ་འགྱོ་སའི་ ལམ་སྦུག་ལུ་ ཚུདཔ་ལས་ གནམ་དགུན་ལུ་ ཧཱ་གི་ རྟ་བདའ་མི་ཚུ་ ཕུན་ཚོགས་གླིང་དང་ བསམ་རྩེ་ལུ་ འགྱོ་བའི་སྐབས་ ཞག་ ཉལ་ས་ཡང་ དེ་ནང་ཨིན་ཟེར་ཨིན་ པས།

ཨིན་རུང་ ཚོང་ཁང་ཚུའི་གས་ ལས་ ཆ་ཤས་ཅིག་ སྤྱི་ལོ་༢༠༠༦ ལུ་ མེ་རྐྱེན་འབྱུང་སྟེ་འཚིགས་པའི་ ཤུལ་ལས་ འཚིགས་མི་ཚུ་གིས་ ལོག་སྟེ་ཡང་མ་རྐྱབ་པར་བཞག་ ཡོདཔ་ད་ མེ་རྐྱེན་དེ་གི་ཤུལ་ལས་ གོང་འཕེལ་དོན་ལུ་ ས་ཆ་ཡང་འཐོབ་ ཡོདཔ་ཨིན་པས།

ཨིན་རུང་ ས་ཆ་ཚུ་ ཤུལ་ལས་ རྡོ་རོ་ཁ་སློབ་གྲྭ་ལྟེ་བའི་མིང་ཐོ་ནང་ ཁྲམ་བཀོད་ཡོདཔ་ལས་ མི་ཚུ་ལུ་ གཏན་འཇགས་ཀྱི་བཟོ་སྐྲུན་འབད་ ནིའི་དོན་ལུ་ གནང་བ་མ་བྱིན་པར་ བཞག་ཡོདཔ་ཨིན་པས།

ས་ཆ་དེ་ གཡུས་ཚན་དང་དྲུང་ ཁག་ཡིག་ཚང་གི་ ཉེ་འདབས་ལུ་ ཡོདཔ་ལས་ གཏན་འཇགས་ཀྱི་བཟོ་ སྐྲུན་འབད་བཅུག་པ་ཅིན་ ལེགས་ ཤོམ་འོང་ནི་མས་ཟེར་ ཤེས་རབ་རྡོ་རྗེ་ གིས་བཤདཔ་ཨིན་པས།

ས་ཁོངས་དེ་ནང་ རྒེད་འོག་ བདག་སྐྱོང་ཡིག་ཚང་དང་ གསོ་བའི་ སྨན་ཁང་སྡེ་རིམ་དང་པ་ དེ་ལས་ དངུལ་འབྲེལ་ཞབས་ཏོག་བྱིན་ས་དང་ ཁྲིམས་སྲུང་འགག་སྡེའི་ ལྟ་རྟོག་ས་ ཁོངས་ཡང་ཡོདཔ་ཨིན་པས།

རྡོ་རོ་ཁ་ལུ་འགྱོ་མི་ཚུ་གི་དོན་ ལུ་ སྣུམ་འཁོར་བོ་ལི་རོ་དེ་ར་ ལག་ ལེན་འཐབ་དོ་ཡོད་རུང་ ཚོང་ཁང་ཚུ་ ཆགས་པའི་ཤུལ་ལས་ ག་ནི་ཡང་ གོང་འཕེལ་མ་འགྱོ་བར་འདུག་ཟེར་ ཚོང་པ་ བུ་དི་མཱན་ ལེབ་ཅ་གིས་ བཤདཔ་ཨིན་པས།

གཞུང་གསརཔ་གིས་རྡོ་རོ་ཁ་ ཡན་ལག་ཁྲོམ་ཆགས་ནིའི་དོན་ལུ་ ལཱ་འབད་བའི་རེ་བ་ཡོད་ཟེར་ ཁོ་གིས་ བཤད་པའི་ཁར་ ཁྲོམ་དེ་ཡང་འོས་ འབབ་ཡོད་ཟེར་ཨིན་པས།

སློབ་གྲྭའི་བདག་སྐྱོང་གིས་ ཐེངས་ཅིག་ ཚོང་པ་ཚུ་ ས་ཁོངས་ ནང་ལས་ སྤོ་འགྱོ་དགོཔ་སྦེ་ སླབ་ ཡོད་རུང་ འཕྲལ་ཁམས་ཅིག་ལས་ ཚོང་པ་ལ་ལོ་ཅིག་གིས་ ལག་ཁྲམ་ ཚུ་ཡང་ འཐོབ་སྟེ་ཡོདཔ་ད་ རྡོ་རོ་ཁ་ རྒཔོ་ པ་དམ་ བྷ་དུར་ རའི་གིས་ སླབ་མིའི་ནང་ ཁྱིམ་གུང་༡༠ གྱིས་ སའི་སྐྱིད་སྡུག་འཐོབ་ཡོད་ཟེར་ཨིན་ པས།

མེ་གིས་འཚིགས་མི་ཚུ་ ས་ གནས་གཞན་གར་སྤོ་སྟེ་འགྱོ་ཡོདཔ་ ལས་ སྐྱིད་སྡུག་ཡང་ མ་འཐོབ་པའི་ ཁར་ རྒེད་འོག་བདག་སྐྱོང་གིས་ཡང་ སློབ་གྲྭ་དེ་ སྤོ་ཡོདཔ་ལས་ ས་ ཁོངས་དེ་ གོང་འཕེལ་དོན་ལུ་ ངོས་ འཛིན་འབད་ནིའི་ གྲོས་འདེབས་ འབད་ཡོདཔ་ཨིན་པས།

རྡོ་རོ་ཁ་སློབ་གྲྭ་ལྟེ་བའི་འོག་ལུ་ ས་ཆ་ཨེ་ཀར་༢༣ ཚུད་མི་དེ་ཡང་ ས་ གནས་གསརཔ་ནང་ སྤོ་འོང་ཟེར་ རྒཔོ་གིས་བཤད་པའི་ཁར་ ས་ཆ་དེ་ གོང་འཕེལ་དོན་ལུ་ འོས་ལྡན་ཡོདཔ་ ལས་ གྲོས་འདེབས་བཙུགས་ཏེ་ཡོད་ ཟེར་ཨིན་པས།

ཤེས་རབ་རྡོ་རྗེ་ཁོ་ར་ ཚོང་ཁང་ འགོ་དང་པ་ བཙུགས་པའི་སྐབས་ སྐྱེས་ལོ་༣༤ ལང་ཡོདཔ་ད་ ཁོ་ར་ད་ ལྟོ་ ལོ་ངོ་༦༤ ལང་ཡོད་རུང་ ཚོང་ ཁང་དེ་ འདམ་ཁྱིམ་རྙིངམ་དེ་ནང་ཡོད་ ཨིན་པས།

ས་གནས་དེ་ནང་ ད་རེ་ ཆབ་ གསང་འབད་སའི་ ས་ཁོངས་ཅིག་ ཡང་མེད་རུང་ ཁྲོམ་སྦེ་ངོས་འཛིན་ འབད་བའི་ཤུལ་ལས་ གོང་འཕེལ་གྱི་ ལཱ་ཚུ་འབད་བའི་ཤུལ་ལས་ བསྒྱུར་ བཅོས་འགྱོ་ནིའི་ རེ་བ་བསྐྱེད་དོ་ཡོད་ པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.