དཔག་བསམ་ཁ་བཟོ་གྲྭ་ཁང་་གི་ ཉེ་འདབས་ལུ་ཆགས་མི་ གཡུས་ ཚན་ཚུ་ནང་ བཙོག་རླུང་གི་དཀའ་ངལ་ ཤུགས་སྦེ་ར་ཐོན་ཏེ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་ གི་ཉེ་འདབས་ལུ་ཆགས་ཡོད་མི་ གཡུས་ཚན་ལྔ་དེ་ཅིག་གི་མི་ཚུ་གིས་ སླབ་མིའི་ནང་ ཁོང་ཆ་ཁྱབ་ བཟོ་གྲྭ་ ཁང་ཚུ་ཆགས་པའི་བསྒང་ལས་ར་ འཕྲུལ་ཁང་ནང་ལས་ཐོན་མི་ བཙོག་ རླུང་གིས་ གནོད་པ་འབྱུང་སྟེ་ཡོད་ཟེར་ ཨིན་པས།

བཟོ་གྲྭ་ཁང་ཚུ་ལས་ཐོན་མི་ བཙོག་རླུང་དེ་གིས་ མི་སེར་ཚུ་ལུ་ གནོད་པ་འབྱུང་དོ་ཡོདཔ་ལས་ མི་ཚུ་ ཚ་གྱངས་ལང་སྟེ་ཡོདཔ་ཨིན་པས།

དེ་མ་ཚད་ མི་ཚུ་གིས་སླབ་མིའི་ ནང་ དུ་པ་དེ་ཚུ་གིས་ གཟུགས་ཁམས་ འཕྲོད་བསྟེན་ལུ་ ཉེན་ཁ་འདུག་ཟེར་ བཤད་པའི་ཁར་ འཐུང་ཆུ་ལུ་ཡང་ གནོད་པ་འབྱུང་སྟེ་ཡོད་པའི་ཁར་ གཡུས་མི་མང་ཤོས་ཀྱིས་སླབ་མིའི་ ནང་ དུ་པ་དེ་གིས་ ཁྱིམ་ཐོག་ལྕགས་ ཤོག་ལུ་ཡང་ གནོད་པ་རྐྱབ་ནི་དེ་གིས་ ལོ་ངོ་བཅུ་ཕྲག་ཅིག་ནང་ ལྕགས་ཤོག་ ཚར་གཉིས་དེ་རེ་ སོར་དགོཔ་ཐོན་ཡི་ ཟེར་བཤདཔ་ཨིན་པས།

དེ་མ་ཚན་ བཟོ་གྲྭ་ཁང་ལས་ བརྟེན་ ལོ་ཐོག་གི་ཐོན་བསྐྱེད་དེ་ཡང་ མར་ཕབ་འབད་དེ་ཡོད་ཟེར་ཨིནམ་ད་ གཡུས་ཚན་དེ་ཚུ་ནང་ ཚལ་ལུ་དེ་ མཐོང་ས་ར་མེདཔ་བཟོ་ཡོདཔ་ཨིན་ པས།

སེངྒེ་ཆུ་བརྒལ་ཏེ་འགྱོཝ་ད་ཡོད་ མི་ ཀོ་ཐ་ི ལཱ་ཡེན་གྱ་ི ཨ་ལོ་ཚུ་ ད་རེས་ ནངས་པར་ཡང་ ལྤགས་ཀོའི་ནད་གཞི་ འཐོབ་སྟེ་ཡོད་མི་དེ་ དྲག་མ་ཚུགས་ པར་ཡོད་ཟེར་ གཡུས་ཚན་གྱ་ི སོ་ནམ་ པ་ཅིག་གིས་བཤདཔ་ཨིན་པས།

གཡུས་མི་ཚུ་གིས་སླབ་མིའི་ནང་ བཟོ་གྲྭ་ཁང་ལས་ཐོན་མི་དུ་པ་ག་ར་ གཡུས་ཚན་ནང་ཆགས་ནི་དེ་གིས་ གནོད་པ་སྦོམ་འབྱུང་སྟེ་ཡོད་ཟེར་ཨིན་ པས།

སེངྒེ་སྒང་གཡུས་ཚན་གྱསི ་ཡང་ དཀའ་ངལ་དེ་ལུ་བརྟེན་ འདས་པའི་སྤྱི་ ཚོགས་ཀྱི་འཐུས་མི་འབད་སར་འགྱོ་སྟེ་ དཀའ་ངལ་ཚུའི་སྐོར་ལས་བཤད་ཡོད་ རུང་ ག་ནི་ཡང་ འབད་མ་ཚུགསཔ་ ཨིན་པས།

ག་ནིཤ་རའི་གིས་སླབ་མིའི་ནང་ བཟོ་གྲྭ་ག་ར་ལས་ དུ་པ་དུག་དྲག་ཚུ་ ཐོན་དོ་ཡོདཔ་ལས་ རང་བཞིན་གནས་ སྟངས་ལྷན་ཚོགས་ཀྱིས་ ལྟ་རྟོག་ཚུ་ འབད་དོ་ཡོད་རུང་ རྒུད་ཤོས་ར་ གཡུས་མི་ཚུ་ཨིན་མས་ཟེར་བཤད་ཅི།

དུ་པ་གིས་གནོད་པ་འབྱུང་མི་ལུ་ བརྟེན་ གཡུས་མི་ཚུ་གིས་ ལོ་ཐོག་གི་ ཐོན་བསྐྱེད་ ལེགས་ཤོམ་མ་འོང་ནི་དེ་ གིས་ ལོ་ཐོག་འཛུགས་སྐྱོང་འབད་ནི་ ལུ་ཡང་ སྤྲོ་བ་ཞན་ཡོད་པའི་ཁར་ ཚོགས་པ་ ག་ནིཤ་རའི་གིས་སླབ་མིའི་ ནང་ གནད་དོན་དེའི་སྐོར་ལས་ འབྲེལ་ བ་ཡོད་པའི་དབང་འཛིན་ལུ་ སྙན་ཞུ་ཚུ་ འབད་དེ་འབད་རུང་ ག་ནི་ཡང་ འབད་ ནི་མིན་འདུག་ཟེར་ཨིན་པས།

གནམ་བྱཱར་ལུ་ དུ་པ་ཚུ་ ཆར་ཆུ་ གིས་འཕྱག་འབག་དོ་ཡོད་རུང་ དགུན་ ལུ་དུས་ཡུན་རིངམ་སྦེ་ར་ ཐབ་ཆ་དང་ ཁྱིམ་ནང་གི་ཅ་ལ་ཚུ་གུ་ ཆགས་སྡོད་ནི་ འདུག་ཟེར་ཨིན་པས།

གཡུས་མི་ཚུ་གིས་འབད་བ་ཅིན་ མི་སེར་གྱ་ི མཐའ་དོན་ལུ་བལྟ་སྟེ་ བཟོ་ གྲྭ་ཁང་ཚུ་ སྤོ་སྟེ་ ལས་བྱེདཔ་ཚུ་གི་ དོན་ལུ་ སྡོད་ཁྱིམ་རྐྱབ་བྱིན་དགོཔ་ འདུག་ཟེར་ཨིན་པས།

དེ་སྦེ་འབད་བ་ཅིན་ མི་སེར་དང་ བཟོ་གྲྭ་ཁང་གཉིས་ཆ་ར་ལུ་ ཕན་ ཐོགས་འོང་ནི་མས་ཟེར་ ཚོགས་པ་ གིས་བཤད་པའི་ཁར་ བསམ་འཕེལ་ གླིང་རྒཔོ་ མ་ནི་ཀུ་མར་རའི་གིས་སླབ་ མིའི་ནང་ སེངྒེ་སྒང་གཡུས་མི་ཚུ་གིས་ སྤྱི་ལོ་༢༠༡༧ ལུ་ དཀའ་ངལ་དེའི་ སྐོར་ལས་ ཉོགས་བཤད་བཙུགས་ཡི་ ཟེར་ཨིནམ་ད་ གཡུས་ཚན་དེ་ བཟོ་གྲྭ་ ཁང་གི་ལྟག་ལུ་ཆགས་ཏེ་ཡོདཔ་ལས་ བཟོ་གྲྭ་ཁང་ལས་ཐོན་མི་ དུ་པ་མང་ ཤོས་ར་ གཡུས་ཚན་ནང་ཆགས་དོ་ ཡོདཔ་ཨིན་པས།

ཀོ་ཐ་ི ལ་ཡཱནེ ་ལུ་ གནོད་པ་དེ་ ཅིག་མེད་རུང་ སེངྒེ་ལུ་བཟོ་གྲྭ་ཁང་ཚུ་ འགོ་བཙུགས་པའི་ཤུལ་ལས་ གཡུས་ ཚན་དེ་ནང་ཡང་ གནོད་པ་མང་སུ་ འབྱུང་ནི་ འགོ་བཙུགས་ཡོདཔ་ཨིན་ པས།

གཡུས་ཚན་དེ་ལས་ཨིན་མི་ ནན་ད་ ཀི་ཤོར་ཆེ་ཏི་རི་གིས་སླབ་མིའི་ ནང་ གཡུས་ཚན་དེ་གི་དོན་ལུ་ ཕྱགས་སྙིགས་ཀྱི་དཀའ་ངལ་དེ་ཡང་ གདོང་ལེན་སྦོམ་སྦེ་ར་ཡོད་ཟེར་ཨིནམ་ ད་ ད་ཚུན་ ལས་བྱེདཔ་ད་ གཡུས་མི་ ཚུ་གིས་མ་གཏོགས་ བཟོ་གྲྭ་ཁང་ གིས་ རྒུད་འཐུས་སྤྲོད་པར་ འོང་སྟེ་ མེད་ཟེར་ཨིན་པས།

ཨིན་རུང་ འབྲུག་པའི་བཟོ་གྲྭ་ མཐུན་ཚོགས་ཀྱི་གཙོ་འཛིན་ པདྨ་ བསྟན་འཛིན་གྱིས་སླབ་མིའི་ནང་ གནད་དོན་དེའི་སྐོར་ལས་ ཧ་གོ་སྟེ་ རང་སོའི་བཟོ་གྲྭ་ཁང་ཚུ་གིས་ བཙོག་ རླུང་བཀག་འཛིན་འབད་ནིའི་ ཐབས་ སྒྲིག་འབད་དེ་ཡོད་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ བཟོ་གྲྭ་ ག་ར་གིས་ བཙོག་རླུང་གི་གནས་ཚད་ མར་ཕབ་འབད་ནི་ལུ་ བརྩོན་ཤུགས་ བསྐྱེད་དེ་ཡོད་ཟེར་ཨིན་པས།

ཨིན་རུང་ བཟོ་གྲྭ་ཁང་ཚུ་ ས་ ཁོངས་དོག་དྲགས་ཡོདཔ་ལས་ ཐད་ ཁར་གྱི་བཀག་ཆ་ལས་རིམ་ག་ནི་ཡང་ འབད་མ་ཚུགས་པར་ཡོད་ཟེར་ཨིན་ པས།

གཙོ་འཛིན་གྱིས་བཤད་མིའི་ནང་ འཁོར་ལམ་ལས་ཐོན་མི་ བཙོག་རླུང་ དེ་གིས་ཡང་ དཀའ་ངལ་དེ་ལུ་ སེང་ སྐལ་ར་དཀའ་ངལ་འབྱིན་ཏེ་ཡོད་ཟེར་ ཨིན་པས།

བཟོ་གྲྭ་ཁང་ཚུ་གིས་ མི་སྡེའི་ དོན་ལུ་ མི་སྡེ་མཉམ་འབྲེལ་འགན་ ཁུར་ཚུ་ འགོ་འདྲེན་འཐབ་དོ་ཟེར་ ཨིནམ་ད་ ཉེ་འདབས་ལུ་ཡོད་མི་ གཡུས་ཚན་ཚུ་གིས་ ཁོང་དང་གཅིག་ ཁར་ འབྲེལ་བ་འཐབ་པ་ཅིན་ མི་སྡེའི་ གྲོགས་རམ་ཚུ་འབད་ནིའི་ ཁེ་ལེན་ ཡོད་ཟེར་ཨིན་པའི་གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.