མེ་རག་ལུ་ རྨགཔ་མང་སུ་བསྟེན་སྲོལ་ཡོད་མི་དེ་ མར་ཉམས་འགྱོ་དོ་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ བཀྲིས་སྒང་རྫོང་ཁག་གི་ མཐའ་ཟུར་ ས་གནས་ནང་ ཡོངས་གྲགས་ཅན་ག་ྱི མེ་རག་རྒེད་འོག་ནང་ དང་ཕུག་ལས་ རྨགཔ་ལེ་ཤ་ བསྟེན་སྲོལ་ཡོད་མི་ ལུགས་སྲོལ་དེ་ མར་ཉམས་འགྱོ་ས་ མཐོངམ་ཨིན་པས།

མར་ཉམས་འགྱོ་བ་གིས་མ་ཚད་ ལམ་སྲོལ་དེ་ ལ་མཐོ་སར་སྡོད་མི་ཚུ་ ལུ་ ར་ཆད་ནི་གུ་ལྷོད་དེ་ཡོདཔ་ད་ སྐྱེས་ ལོ་༣༡ ལང་མི་ སངས་རྒྱས་བཟངམོ་ དེ་ རྨགཔ་གཉིས་ལུ་གཉེན་རྐྱབ་མི་ ཅིག་ཨིན་པས།

མོ་གིས་ གནམ་དགུན་གངམ་ད་ ལུ་ ཁྱིམ་ནང་གི་མེ་ཐབ་ནང་ མེ་མ་ ཆད་པར་བཞག་དོ་ཡོདཔ་ད་ གང་པའི་ དུས་ཚོད་སྐབས་ མོ་རའི་རྨགཔ་ཆུང་ བ་ པདྨ་བསྟན་འཛིན་དེ་ ལ་ཁར་ གཡག་འཚོ་སྡོད་ས་ལས་ ལོག་སྟེ་ གཡུས་ཁར་འོང་ཡོདཔ་ཨིན་པས།

ཁོ་གིས་སླབ་མིའི་ནང་ ཁོ་དང་ ཁོ་རའི་ཕོ་རྒནམ་དེ་ ཨམ་སྲུ་གཅིག་ དང་གཅིག་ཁར་ གཉེན་རྐྱབ་ཡོད་རུང་ གཉེན་འབྲེལ་ག་ྱི དཀའ་ངལ་ ག་ནི་ཡང་ ཐོན་ནི་མེད་ཟེར་ པདྨ་བསྟན་འཛིན་གསྱི ་ བཤདཔ་ཨིན་པས།

སངས་རྒྱས་བཟངམོ་གི་རྨགཔ་ སྦོམ་ཤོས་དེ་ མོང་སྒར་ལུ་ཚོང་འབྲེལ་ འཐབ་པར་ སོང་ཡོདཔ་ད་ ཁོ་གིས་ དུས་ཚོད་མང་ཤོས་ར་ ཚོང་བཙོང་པར་ འགྱོ་དོ་ཡོདཔ་ཨིན་པས།

གཡུས་ཁའི་ལོ་ན་རྒས་མི་ཚུ་ གིས་ བཤད་དོ་བཟུམ་འབད་བ་ཅིན་ གཡུས་ཚན་ནང་ དང་ཕུག་འབད་བ་ ཅིན་ ཨམ་སྲུ་ག་ར་གིས་ རྨགཔ་ཅིག་ ལས་མངམ་དང་གཅིག་ཁར་ གཉེན་ རྐྱབ་ནིའི་སྲོལ་དེ་ཡོད་ཟེར་ཨིནམ་ད་ ལུགས་སྲོལ་དེ་ཡང་ དང་ཕུག་ཕམ་ཚུ་ གི་བསྒང་ལས་ རང་གི་ས་ཞིང་ཚུ་ ནང་ གི་མི་ཚུ་གིས་དབང་ཆ་འབད་ བཞག་ ནིའི་དོན་ལུ་ ལུགས་སྲོལ་དེ་ བརྒྱུད་ འཛིན་འབད་དེ་ སྡོད་ནུག་ཟེར་ཨིན་ པས།

སངས་རྒྱས་བཟངམོ་གིས་སླབ་ མིའི་ནང་ ས་ཁ་མཐོ་སར་སྡོད་མི་ཚུ་ལུ་ སྒོ་ནོར་སེམས་ཅན་གསོ་ནི་དང་ ལཱ་གི་ ཆ་རོགས་འབད་མི་ མངམ་དགོཔ་ ལས་ གཉེན་དེ་སྦེ་རྐྱབ་དགོ་པས་ཟེར་ ཨིན་པས།

མོ་གིས་ འགོ་དང་པ་ རྨགཔ་ སྦོམ་ཤོས་དང་གཅིག་ཁར་ གཉེན་ རྐྱབ་ཡོད་རུང་ ཤུལ་ལས་ ཁྱིམ་ནང་ ལཱ་ལེ་ཤ་འབད་དགོཔ་ཐོནམ་ལས་ རྨགཔ་གི་ནོ་གཅུང་དང་གཅིག་ཁར་ གཉེན་རྐྱབ་ཅི་ཟེར་ཨིན་པས།

མོ་ར་ཆུང་ཀུ་སྦེ་སྡོད་པའི་སྐབས་ གཡུས་ཁའི་ཨམ་སྲུ་ལ་ལོ་གིས་ རྨགཔ་བཞི་དང་གཅིག་ཁར་ཡང་ གཉེན་རྐྱབ་མི་མཐོང་ཡི་ཟེར་ཨིནམ་ད་ ཕམ་ཚུ་གིས་ཡང་ གཙོ་བོ་ར་ སྒོ་ནོར་ སེམས་ཅན་གསོ་སྟེ་ མི་ཚེ་སྐྱོང་དགོ་ནི་ དེ་གིས་ མི་མངམ་དགོཔ་ལས་བརྟེན་ དེ་སྦེ་འབད་སྡོད་ནུག་ཟེར་ཨིན་པས།

སྐྱེས་ལོ་༦༥ ལང་མི་ པདྨ་དེ་ ཕོ་ སྐྱེས་༣ དང་གཅིག་ཁར་ གཉེན་རྐྱབ་ སྟེ་ ཨ་ལོ་༥ ཡོད་པའི་ཁར་ མོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལ་ མཐོ་སར་སྡོད་མི་ཚུ་ འཚོ་བ་གཙོ་བོ་ སྒོ་ནོར་སེམས་ཅན་ལུ་བརྟེན་ སྡོད་དགོ་ ཟེར་ཨིན་པས།

སྒོ་ནོར་སེམས་ཅན་ཚུ་བལྟ་ དགོཔ་ལས་ ང་གིས་བཟའ་ཚང་ཅིག་ ལས་ཨིན་མི་ ཕོ་སྐྱེས་༣ དང་གཅིག་ ཁར་ གཉེན་རྐྱབ་ཅི་ཟེར་ཨིན་པས།

མོ་གིས་བཤད་མིའི་ནང་ ཨམ་སྲུ་ ཚུ་གིས་ ཁྱིམ་ནང་སྡོད་དེ་ ཐགས་ འཐག་པའི་ཁར་ བཞེས་སྒོ་འབད་ནི་ དང་ཐབ་ཤིང་འཚོལ་ནི་ དེ་ལས་ ལ་ ཁར་ རྨགཔ་དང་གཅིག་ཁར་ འཕྲལ་ འཕྲལ་ཆ་རོགས་འབད་དེ་ སྡོད་ནི་ཡོད་ ཟེར་ཨིན་པས།

གནམ་དགུན་ལྷོདཔ་ད་ རྨགཔ་ ག་ར་ གཡུས་ཁར་འོང་སྟེ་ གཅིག་ཁར་ སྡོད་དོ་ཡོདཔ་ད་ མོ་གིས་འབད་བ་ཅིན་ ལུགས་སྲོལ་དེ་ མོ་རའི་བཟའ་ཚང་ནང་ འཕྲོ་མཐུད་བཞག་བཅུག་ནིའི་ རེ་བ་ ཡོད་ཟེར་ཨིན་པའི་ཁར་ མོ་རའི་ཨ་ལོ་ ཚུ་ཡང་ དེ་སྦེ་ གཉེན་རྐྱབ་བཅུག་ནིའི་ རེ་བ་ཡོད་ཟེར་ཨིན་པས།

ཀུན་བཟང་རྡོ་རྗེ་གིས་སླབ་མིའི་ ནང་ ལུགས་སྲོལ་དེ་གིས་ མི་ཚེ་ འཇམ་ཏོང་ཏོ་བཟོ་བའི་ཁར་ བཟའ་ཚང་ གི་རྒྱུས་དངོས་ཚུ་ཡང་ གཞན་བཟའ་ ཚང་ལུ་ ཤོར་མ་བཅུག་པར་ བཞག་ ཚུགསཔ་ལས་ ཐབས་ལམ་ལེགས་ ཤོམ་ཅིག་སྦེ་ མཐོང་མས་ཟེར་ཨིན་ པས།

ཀུན་བཟང་རྡོ་རྗེ་དང་ཁོ་རའི་ནོ་ གཅུང་ཆུང་ཤོས་དེ་ ཨམ་སྲུ་ཅིག་དང་ གཅིག་ཁར་ གཉེན་རྐྱབ་སྟེ་ཡོདཔ་ད་ དཔལ་འབྱོར་དེ་ ཁོང་གི་དོན་ལུ་ གལ་ ཆེ་ཟེར་ཨིནམ་ད་ ནོ་གཅུང་དང་གཅིག་ ཁར་ དཀའ་ངལ་ག་ནི་ཡང་ མེད་ཟེར་ ཨིན་པའི་ཁར་ ཨམ་སྲུ་གིས་ཡང་ ཕྱོགས་ལྷུངས་འབད་ནི་མེད་ཟེར་ཨིན་ པས།

མེ་རག་རྒཔོ་ བླམ་རིན་ཆེན་ གསྱི ་སླབ་མིའི་ནང་ མེ་རེགཔ་ཚུ་གིས་ དང་ཕུག་བཟུམ་སྦེ་ གཡག་དང་ལུག་ དེ་ཅིག་ འཚོ་ནི་མེདཔ་ལས་ ལཱ་འབད་ མི་ཡང་ དེ་ཅིག་ མ་དགོ་ནི་དེ་གིས་ ལམ་སྲོལ་དེ་ ད་རེས་ མར་ཉམས་ འགྱོཝ་མས་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ འདས་ པའི་ལོ་ཚུ་ནང་ རྨགཔ་ཅིག་ལས་ མངམ་དང་གཅིག་ཁར་ གཉེན་རྐྱབ་ མི་ཚུའི་གྲས་ལས་ ཁ་བྱལ་འགྱོ་མིའི་ གངས་ཁ་ཡང་ ཡར་སེང་སོང་སྟེ་ཡོད་ ཟེར་ཨིན་པས།

དེ་མ་ཚད་ ན་གཞོན་ཚུ་ལུ་ ལུགས་སྲོལ་དེ་ དེ་ཅིག་ ཡོངས་ གྲགས་མིན་འདུག་ཟེར་ཨིནམ་ད་ མགར་ས་རྫོང་ཁག་གི་ ཁ་སྟོད་སྤྱི་འོག་ གི་ཚོགས་པ་ རིན་ཆེན་དབང་འདུས་ ཀྱིས་སླབ་མིའི་ནང་ ལུགས་སྲོལ་དེ་ལུ་ རྒྱབ་འགལ་འདུག་ཟེར་ཨིན་པས།

ཁོ་གིས་སླབ་མིའི་ནང་ ན་གཞོན་ ཚུ་ དེང་སང་གི་ཤེས་ཡོན་སྦྱང་མི་ འབད་ནི་དེ་གིས་ ལུགས་སྲོལ་དེ་ རྙིངམ་སྦེ་རྩིས་འཇོག་འབདཝ་མས་ ཟེར་ཨིན་པས།

སློབ་རིམ་བཅུ་པ་ཚུན་ལྷབ་མི་ ཀརྨ་ལྷ་མོ་གིས་སླབ་མིའི་ནང་ ན་ གཞོན་ཚུ་ ངོ་ཚར་ནི་དེ་གིས་ ལུགས་ སྲོལ་དེ་ལུ་ སྤྲོ་བ་ལེན་མི་མིན་འདུག་ ཟེར་ཨིནམ་ད་ རྨགཔ་ཅིག་ལས་ མངམ་དང་གཅིག་ཁར་ གཉེན་རྐྱབ་པ་ ཅིན་ ཆ་རོགས་ཚུ་གིས་ ཞན་བལྟ་ འབད་འོང་ཟེར་ཨིན་པས།

ཧེ་མ་འབད་བ་ཅིན་ གཡུས་ཅིག་ ལས་ཨིན་མི་ ཕོ་སྐྱེས་ཚུ་དང་གཉེན་ རྐྱབ་དགོ་པའི་ཁར་ མང་ཤོས་ར་ ནང་ མི་གིས་སྒྲིག་བྱིན་དོ་ཡོད་རུང་ ད་རེས་ ནངས་པར་ གནས་སྟངས་དེ་ འགྱུར་ ཡོདཔ་ཨིན་པས།

མེ་རགཔ་ཨིན་མི་ བཀྲིས་སྒྲོལ་ མ་གིས་སླབ་མིའི་ནང་ ལུགས་སྲོལ་ དེ་ དགའ་བའི་ཐོག་ལས་མེན་པར་ སྟབས་བདེ་ཧིང་ལུ་བལྟ་སྟེ་ སྡོད་དོ་ ཡོདཔ་ལས་ ཡུན་བརྟན་མི་མཐོང་པས་ ཟེར་ཨིནམ་ད་ དེ་གིས་ ཨ་ལོ་མང་སུ་ སྐྱེས་ནིའི་ གཞི་ཅིག་ལས་ མི་འོང་ནི་ མས་ཟེར་ཨིན་པས།

ཕམ་ཚུ་གིས་ གཉེན་སྒྲིག་བྱིན་ རུང་ ང་བཅས་ཀྱིས་ ཉེན་མི་བཏུབ་ནི་ ཨིནམ་ལས་ ཕམ་གྱི་བསམ་པ་ རྫོགས་མི་ཚུགས་ནི་འོང་ཟེར་ མོ་གིས་ བཤདཔ་ཨིན་པས།

མེ་རགཔ་རྒཔོ་གིས་ རྒེད་འོག་ དེ་ནང་ གཉེན་དེ་སྦེ་རྐྱབ་མིའི་གནས་ སྡུད་མེད་རུང་ ད་རེས་༡༠ དང་༡༥ འི་ བར་ན་ འོང་ནི་མས་ཟེར་ བཤད་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.