མེ་རག་མི་སྡེ་ནང་ ཨ་ཆེ་ལྷ་མོའི་འཆམ་ ཉམས་ནི་གུ་ལྷོད་ཡོདཔ།

Business Bhutan - - འབྲུག་ཚོང་འབྲེལ། -

༉ བཀྲིས་སྒང་རྫོང་ཁག་གི་ མེ་རག་མི་ སྡེ་ནང་ དེང་སང་གོང་འཕེལ་ག་ྱི འགྱུར་ བ་དང་འཁྲིལ་ སྡོད་ནིའི་ལུགས་སྲོལ་ དང་ལམ་སྲོལ་ཚུ་ཡང་ འགྱུར་བ་འགྱོ་ ནི་དེ་གིས་ དང་ཕུག་གི་སྲོལ་ཚུ་ཡང་ ཉམས་འགྱོ་དོ་ཡོདཔ་ཨིན་པས།

དེ་ཡང་ མེ་རགཔ་ཚུ་གིས་ ཡོངས་གྲགས་ཅན་ག་ྱི ལམ་སྲོལ་ ཨ་ ཆེ་ལྷ་མོ་དང་གཡག་འཆམ་དེ་ ཁོང་གི་ དོན་ལུ་ ངོ་རྟགས་གཙོ་བོ་ཅིག་ཨིན་ རུང་ ད་རེས་ དེ་ཚུ་ཉམས་ཉེན་གུ་ ལྷོད་ དེ་ཡོདཔ་ཨིན་པས།

རྩ་ཅན་འཆམ་ཚུ་ ས་ཁ་མཐོ་ས་ སྡོད་མི་ཚུ་ལུ་ ངོ་རྟགས་ཡོངས་གྲགས་ ཡོདཔ་ཨིན་རུང་ ད་རེས་ནངས་པར་ དེ་ ཅིག་ ཡོངས་གྲགས་མེད་ཐལ་ཡོད་ པའི་ཁར་ དུས་སྟོན་ཚུ་ནང་ འཆམ་དེ་ ཚུ་ རྐྱབ་ནི་ཡང་མེདཔ་ཨིན་པས།

གཡུས་ཁའི་རྒས་ཤོས་ཚུ་གིས་ སླབ་མིའི་ནང་ དང་ཕུག་ལས་ ཕ་ བརྒྱུད་འབད་དེ་འོང་མི་ལུགས་སྲོལ་ཚུ་ འཕྲལ་མགྱོགས་ར་ ཉམས་ནིའི་ཉེན་ཁ་ ཡོད་པའི་ ཚ་གང་ལང་མས་ཟེར་ བཤདཔ་ཨིན་པས།

གཡག་འཆམ་དང་ཨ་ཆེ་ལྷ་མོའི་ འཆམ་དེ་ འབྲུག་པའི་སྒར་འཆམ་ གཞན་ཚུ་བཟུམ་མེན་པར་ དམིགས་ བསལ་ཅིག་ཡོད་པའི་ཁར་ དེ་གི་ནང་ ལས་ཡང་ མེ་རག་གི་མི་ཚུ་གིས་ འཆམ་དེ་ཚུ་ལུ་ གཞན་དང་མ་འདྲ་བའི་ རྩིས་འཇོག་ཡོདཔ་ཨིན་པས།

གཡག་འཆམ་འབྱུང་སའི་ཁུངས་ དེ་ཡང་ གཉིས་སྦེ་ཡོད་པའི་ཁར་ མེ་ རག་ལས་ཨིན་མི་ སྒོམ་ཆེན་ པདྨ་ གིས་སླབ་མིའི་ནང་ གཡག་འཆམ་དེ་ ཐོས་པ་དགའ་ལི་གི་གཏམ་རྒྱུད་ལས་ དར་ནུག་ཟེར་བཤད་པའི་ཁར་ ལ་ཁ་ མཐོ་སར་སྡོད་མི་ཚུ་ལུ་ གཡག་དེ་ འཚོ་བ་གཙོ་བོ་འབད་ནི་དེ་གིས་ འཆམ་ག་ྱི ཐོག་ལས་ གུས་བཏུད་ཞུ་ བའི་ཚུལ་སྦེ་ འབྱུང་ནུག་ཟེར་ཨིན་ པས།

མི་ག་གིས་ཡང་ འཆམ་དེ་ ག་ཏེ་ ལུ་སྦེ་ ནམ་རྐྱབ་ཡོདཔ་ཨིན་ན་ཚུ་ གཏན་འཁེལ་སྦེ་ སླབ་མི་ཤེས་དོ་ཡོད་ རུང་ ལོ་རྒྱུས་ཚུ་དང་འཁྲིལཝ་ད་ མེ་ རག་གི་མི་ཚུ་ བོད་མཚོ་ན་ལས་གཞི་ སྤོ་འོང་སྟེ་ གང་རི་པདྨ་སྒོ་གསུམ་ག་ྱི ཉེ་ འདབས་ལས་ཕར་ཡོད་མི་ སྟེང་ཆེན་ ཟེར་ས་ལྷོདཔ་ ད་རེས་ཡོད་མི་འཆམ་ དེ་ རྐྱབ་ཡོད་པའི་ ལོ་རྒྱུས་ཡང་འདུག་ ཟེར་ཨིན་པས།

པདྨ་གིས་སླབ་མིའི་ནང་ འཆམ་ དེ་ འགོ་དང་པ་རྐྱབ་པའི་སྐབས་ གཡགདང་ས་གནས་ཀྱི་ཆགས་ཚུལ་ ཚུའི་སྐོར་ལས་བཤད་པ་རྐྱབ་སྟེ་ རྐྱབ་ པའི་ལོ་རྒྱུས་འདུག་ཟེར་ཨིན་པས།

གཡག་འཆམ་རྐྱབ་པའི་སྐབས་ བགོ་ལ་གནགཔོ་གྱོན་མི་ གཡག་གི་ གཟུགས་རྫུས་བཟོ་ཡོད་མི་ནང་མི་ འཛུལ་ཏེ་ ཤིང་གིས་བཟོ་བའི་ གཡག་ གི་མགུ་ཏོ་བཙུགས་ཐོག་ལས་ རྐྱབ་དོ་ ཡོདཔ་ཨིན་པས།

གཡག་གི་སྒལ་ཏོ་ཁར་ སྲུང་ མའི་སྐུ་འདྲ་ཡོད་པའི་ཁར་ མི་༤ གིས་ ཐོས་པ་དགའ་ལི་གི་རྣམ་པ་ནང་ འཆམ་རྐྱབ་ནི་ཡོད་པའི་ཁར་ འབྱུང་ ཁུངས་དེ་གིས་ ལ་ཁ་མཐོ་སར་སྡོད་མི་ ཚུ་ལུ་ འཚོ་བ་དང་དགའ་སྐྱིད་གཏན་ བཞག་ སྤྱོད་ཚུགསཔ་བཟོ་ཡོདཔ་ཨིན་ པས།

དེ་བཟུམ་སྦེ་ པདྨ་གིས་སླབ་མིའི་ ནང་ ཨ་ཆེ་ལྷ་མོ་ ཡང་ན་ ཨེ་ཞེ་ལྷ་མོ་ ཟེར་མི་དེ་ འཆམ་བ་ལྷགཔ་སྦེ་ འཁྲབ་ སྟོན་བཟུམ་སྦེ་ཡང་ ངོས་འཛིན་འབད་དེ་ འདུག་ཟེར་ཨིན་པས།

ཨིན་རུང་ འབྲུག་ལུ་མང་ཤོས་ ཀྱིས་ དང་ཕུག་ལས་ འཆམ་དང་ འཁྲབ་སྟོན་གཉིས་ཆ་ར་ཨིནམ་སྦེ་ ཆ་ བཞག་སྟེ་འདུག་ཟེར་ཨིནམ་ད་ འཆམ་ དེ་ དུས་རབས་༡༤ པའི་ནང་ ཐང་སྟོང་ རྒྱལ་པོ་འབྲུག་ལུ་བྱོན་པའི་སྐབས་ དར་ཁྱབ་སོང་ཡོདཔ་སྦེ་ཡང་ སླབ་སྲོལ་ ཡོདཔ་ཨིན་པས།

ཨ་ཆེ་ལྷ་མོ་ཟེར་མི་དེ་ དོན་དག་ ལས་འབད་བ་ཅིན་ ལྷ་མོ་སྲིངམོ་ཟེར་ བའི་དོན་ཨིནམ་ད་ འཆམ་དེ་ གཡག་ རྫིཔ་ཚུ་གིས་ ལོ་རེ་ནང་ཚར་རེ་ རྐྱབ་ སྲོལ་ཡོདཔ་ཨིན་པས།

འཆམ་དེ་ རོལམ་དང་རྔ་རྡུང་ཐོག་ ལས་ རྐྱབ་དོ་ཡོདཔ་ད་ འཆམ་དེ་ དགོན་པ་དང་ཕྱུག་པོའི་ཁྱིམ་ཚུ་ནང་ རྐྱབ་སྲོལ་ཡོད་རུང་ ད་རེས་ མེ་རག་ལུ་ རྐྱབ་ནི་མེདཔ་ཨིན་པས།

སྐྱེས་ལོ་༢༧ ལང་མི་ གཡག་ འཆམ་རྐྱབ་མི་ ཕུན་ཚོགས་དབང་ འདུས་ཀྱིས་སླབ་མིའི་ནང་ ཧེ་མ་ བཟུམ་སྦེ་ གཡག་འཆམ་རྐྱབ་མི་ཚུ་ ལུ་ གཡུས་ཁར་དགོངས་ཡངས་ག་ནི་ ཡང་ འཐོབ་ནི་མེད་པའི་ཁར་ གླ་ཡང་ འཐོབ་ནི་མེདཔ་ལས་ འཆམ་རྐྱབ་མི་ མེདཔ་ལས་ འཆམ་དེ་ གཡུས་ཁར་ ཡོངས་གྲགས་མེདཔ་འགྱོ་དོ་ཟེར་ཨིན་ པས།

ཁོ་གིས་འབད་བ་ཅིན་ ལོ་དག་པ་ ཅིག་གི་ཧེ་མར་ འཆམ་རྐྱབ་མི་ཚུ་ འུ་ ལཱ་མ་ཕོག་པའི་ཁར་ འཐུས་དུམ་གྲ་རེ་ ཡང་ འཐོབ་ནི་ཡོད་ཟེར་ཨིན་པས།

ཨིན་རུང་ ད་རེས་ནངས་པར་ འཐུས་ལ་སོགས་པ་ ག་ནི་ཡང་འཐོབ་ ནི་མེདཔ་ལས་ ག་གིས་ཡང་ འཆམ་ རྐྱབ་ནི་ལུ་ ཁ་བཟེད་མི་བཏུབ་པས་ཟེར་ ཨིན་པས།

འཆམ་དེ་རྐྱབ་པའི་སྐབས་ སྦྱང་ བ་གི་དོན་ལུ་ དུས་ཚོད་བཏོན་དགོ་ནི་དེ་ གིས་ དེ་གི་དོན་ལུ་ ཐོབ་ལམ་ཅིག་ དགོཔ་འདུག་ཟེར་ཨིནམ་ད་ འཆམ་དེ་ མེ་རག་གི་ལོ་བསྟར་ཚེ་བཅུ་དང་གོངམ་ སྐོར་ཚེ་བཅུ་སྐབས་ལུ་ཡང་ རྐྱབ་སྲོལ་ ཡོད་རུང་ དུས་ཅི་ མེ་རག་ཚེ་བཅུ་ སྐབས་ རྐྱབ་མ་ཚུགས་ཟེར་ཨིན་པས།

སྒོངམ་སྐོར་ར་ལུ་ཡང་ འདས་ པའི་ལོ་༢ ཀྱི་རིང་ རྐྱབ་མ་ཚུགས་ཟེར་ ཁོ་གིས་བཤད་པའི་ཁར་ མེ་རག་རྒཔོ་ བླ་མ་རིན་ཆེན་གསྱི ་ འཆམ་དེ་ཚུ་ ཉམས་སྲུང་འབད་དགོཔ་ཡོད་ཟེར་ཨིན་ པས།

རྒེད་འོག་གི་ལམ་སྲོལ་དང་ ལུགས་སྲོལ་ཚུ་ བདག་འཛིན་འཐབ་ ནིའི་དོན་ལུ་ ཟསློ ་གར་ཚོགས་པ་དེ་ ༢༠༠༣ ལུ་ གཞི་བཙུགས་འབད་ཡི་ ཟེར་ཨིན་པས།

ཧེ་མ་ རྒཔོ་ཁོ་ར་ཡང་ ཚོགས་པ་ དེ་གི་ཁྲི་འཛིན་འབད་ཡོདཔ་ད་ དེ་བསྒང་ དཀའ་ངལ་ག་ནི་ཡང་མེད་ཟེར་ཨིན་རུང་ ཚོགས་པའི་ཁྲི་འཛིན་སོར་བའི་ཤུལ་ ལས་ ཐོབ་ལམ་ག་ནི་ཡང་མེདཔ་ལས་ མི་ཚུ་གིས་ཡང་ བཅའ་མར་གཏོགས་ མི་བཏུབ་པས་ཟེར་ཨིན་པས།

རྒཔོ་གིས་འབད་བ་ཅིན་ མེ་རག་ ལུ་ ཨ་ཆེ་ལྷ་མོའི་འཆམ་དེ་ ཧེ་མ་ལས་ མར་ཉམས་འགྱོ་སྟེ་ཡོད་ཟེར་ཨིན་པས།

འཆམ་རྐྱབ་མི་མང་ཤོས་ར་ སྒོམ་ ཆེན་ཚུ་ཡོདཔ་ལས་ འུ་ལཱ་ཚུ་དགོངས་ ཡངས་བྱིན་ཏེ་ཡོད་རུང་ ད་རེས་ནངས་ པར་ དེ་ཚུ་ཡང་ འཐོབ་ལམ་མེདཔ་བཟོ་ ནི་དེ་གིས་ དེ་གི་བྱེམ་གསྱི ་ མཉམ་ འབྲེལ་འབད་མ་བཏུབ་པར་ རྐྱབ་ བཤོལ་ནུག་ཟེར་ཨིན་པས།

ཧེ་མ་ རྒེད་འོག་བདག་སྐྱོང་གིས་ འཐུས་དུམ་གྲ་རེ་བྱིན་པའི་སྐབས་ གཡུས་མི་ལ་ལོ་གིས་ ཉོགས་བཤད་ བཀོད་དེ་ བྱིན་འཕྲོ་བཀག་ཆ་འབད་ ཡོདཔ་ཨིན་པས།

རྒཔོ་གིས་སླབ་མིའི་ནང་ འཆམ་ རྐྱབ་མི་ཚུ་ དུས་བརྒྱུན་ག་ྱི ལཱ་འབད་ དགོ་པའི་ཁར་ སྦྱང་བ་གི་དོན་ལུ་ དུས་ ཚོད་བཏོན་དགོཔ་ལས་ འཐུས་བྱིན་ དགོཔ་འདུག་ཟེར་ཨིན་པས།

ཨིན་རུང་ རྒེད་འོག་བདག་སྐྱོང་ གིས་ གནས་སྟངས་དེ་ལུ་ ད་རུང་ བལྟ་ནི་གི་ཁས་ལེན་འབད་ཡོད་པའི་ ཁར་ ལམ་སྟོན་ལེགས་ཤོམ་མེད་པ་ ཅིན་ རྙོགས་གྲགས་འདུག་ཟེར་ རྒཔོ་ གིས་བཤད་ཅི།

འཆམ་རྐྱབ་མི་ཚུ་གིས་ ངོས་ལེན་ འབད་མ་བཏུབ་ལས་ རྫོང་ཁག་གི་ཚེ་ བཅུ་ཚུ་ནང་ཡང་ འཆམ་དེ་རྐྱབ་མ་ ཚུགས་ཟེར་ རྒཔོ་གིས་བཤད་ཅི།

ན་ཧིང་ལས་ འཆམ་ཆས་ཚུ་བསྡུ་ སྟེ་ རྒེད་འོག་ནང་བཞག་ཡོད་པའི་ཁར་ གནད་དོན་དེ་ རྫོང་ཁག་ཚོགས་འདུ་ ནང་ བཙུགས་འོང་ཟེར་ཨིན་པའི་ གནས་ཚུལ།

Newspapers in English

Newspapers from Bhutan

© PressReader. All rights reserved.